དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-24 08:43:01   |   2213

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་སྦྲམ་རྒྱལ་ཁབ(金砖国家)ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། 

  • ས་གནས་དེ་གའི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ(约翰内斯堡)ཡི་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ(萨勒)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་།  ཁུ་པ(古巴)རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར(迪亚斯-卡内尔)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་། ཨེ་ཙེ་ཨོ་ཕི་ཡའི(埃塞俄比亚)ཙུང་ལི་ཨ་པི(阿比)དང་མཇལ་འཕྲད་གནང་། 

  • ས་གནས་དེ་གའི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་བྷང་ག་ལའི(孟加拉国)ཙུང་ལི་ཧ་ཞི་ན(哈西娜)དང་མཇལ་འཕྲད་གནང་།

  • ཚེས23ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོའི་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར་566.7ཟིན། 2022ལོ་ལས་རྒྱ་མ་དུང་ཕྱུར4.3འཕར་ཡོད།

    2.jpg

  • ཉེ་ཆར། རང་རྒྱལ་གྱི“རིག་ནུས་གསོར་འབིགས”ཀྱི་གསོར་དངོས་བེད་སྤྱོད་ལ་འཕེལ་རྒྱས་གལ་ཆེན་བྱུང་སྟེ། ཐ་ལི་མུའུ་གཤོང་སའི་ནུབ་རྒྱུད་དུ་གཏིང་ཚད་སྨི4000ལས་བརྒལ་བའི་འབབ་མང་བཟོ་ལས་སྣུམ་རྒྱུན་ལག་སོན་བྱུང་།

  • ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་ལས་བརྟན་ཞིང་བརླིང་བའི་ངང་འཕར་ཡོད་པ་དང་། ཚོང་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.14ཟིན། དུས་མཚུངས་ལས7.4%འཕར་ཡོད།

  • ཚེས23ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ2502ཀྱིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས།

    3.jpg

  • འབར་མར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས23ཉིན། འབར་མར་ཡོད་པའི་གློག་འཕྲིན་གཡོ་ལེན་གྱི་ཉེས་གསོག་དོགས་ཅན6བཟུང་སྟེ་རང་རྒྱལ་དུ་སྐྱེལ།

  • ཚེས23ཉིན། རྒྱ་གར་གྱི“ཟླ་བའི་གྲུ་གཟིངས་ཨང3པ”ཞེས་པའི་འཚོལ་ཞིབ་ཡོ་བྱད་བདེ་བླག་ངང་ཟླ་བའི་གོ་ལའི་ལྷོ་སྣེའི་ཉེ་འགྲམ་གྱི་ས་ཁོངས་སུ་ལྷོད་ཀྱིས་བབས་པ་དང་། རྒྱ་གར་ནི་ཟླ་བའི་གོ་ལའི་ཕྱི་ངོས་སུ་འབབ་ཐུབ་པའི་རྒྱལ་ཁབ་བཞི་པར་གྱུར་ཡོད།

    སྤྱི་ཚོགས།

  • ཚེས23ཉིན། རང་བྱུང་ཐོན་ཁུངས་པུས་མིག་སྔར་ཧྭ་བྱང་དང་བྱང་ཤར་གྱི་རི་ཁུལ་ཁག་ཅིག་གི་ས་རྒྱུའི་ཆུ་འདུས་ཚད་མང་བ་དང་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་ཞེས་བསྟན།

  • ཚེས23ཉིན་གྱི་ཆུ་ཚོད24པ་ནས་བཟུང་སྟེ། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང(ཚད་ལྡན་ཐོན་རྫས)ཏུན་རེར་ཆ་སྙོམས་སྒོར55འཕར་ཡོད།

  • རྒྱལ་ཁབ་རིག་དངོས་ཅུས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས། རྟེན་མཛོད་ཁང་གི་སྤྱི་ཚོགས་འགྲེལ་བཤད་ཞབས་ཞུ་ཚད་ལྡན་དུ་གཏང་དགོས་ཏེ། ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བཤད་དང་རྩེད་འཇོའི་ཀུན་སློང་གིས་ལོ་རྒྱུས་འགྲེལ་བཤད་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བྱད་བཞིན་སེམས་ཁྲལ(容貌焦虑)སོགས་བརྡ་ཁྱབ་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ། དཔེ་མཚོན་གྱོད་གཞི་ཁག་ཅིག་གཅིག་བསྡུས་ཀྱིས་དམར་འདོན་བྱས།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚེས23ཉིན་གྲོས་མགོ་བཏོན་པ་སྟེ། བཟའ་བཏུང་གཉེར་སྐྱོང་མཁན་གྱིས་བཏུང་བྱའི་རིགས་ལ་དར་འཁྱགས་སྣོན་སྐབས། འཛད་སྤྱོད་པའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། རང་བདག་གདམ་གསེས་བྱེད་དབང་། དྲང་གཞག་ཉོ་ཚོང་བྱེད་དབང་བཅས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བྱས།

    4.jpg

  • ཀྲུང་གོའི་ས་ཡོམ་ས་ཚིགས་དྲ་བས་ཚད་ལེན་བྱས་པར་གཞིགས་ན། ཚེས23ཉིན་གྱི18:19སྟེང་། ལེའོ་ཉིང་ཏ་ལེན་གྲོང་ཁྱེར་གྱི་ཕུའུ་ལན་ཏེན་ཁུལ་དུ་ས་ཡོམ་རིམ་པ་4.6བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི8ཟིན། 

    5.jpg

  • ཅང་སུའུ་ཤིན་ཧྭ་ནས་ད་བར་དུ་ལོ་ངོ7000ཙམ་ཟིན་པའི་རྡོ་ཆས་གསར་པའི་རྗེས་ཤུལ་ཞིག་རྙེད་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི8ལས་བརྒལ་བ་དང་། ཤིང་གསོར་མེ་ཆས་དང་། ཁུང་དྲུག་ཅན་གྱི་རུས་གླིང་སོགས་གནའ་ཤུལ་རྙེད།

    6.gif

  • ཡུན་ནན་ཀྲེན་ཁང་གི་ཟོག་འདྲེན་རླངས་འཁོར་ཞིག་གཞོགས་སུ་ལོག་སྟེ་ལུད་རྫས་ཏུན་བཅུ་སར་ཐོར། ས་གནས་དེ་གའི་མི་དམངས་ཉེན་རྟོག་པས་གྲོགས་ཚོམ་བརྒྱུད་དེ་ཉེ་འགྲམ་གྱི་འདེབས་འཛུགས་དུད་ཚང་གིས་ཉོ་བར་སྐུལ་སློང་བྱས་ཏེ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་དཀའ་ངལ་སེལ་ཐབས་བྱས་ཡོད།

    སྲིད་ཇུས།

  • ཁྲིམས་འཛིན་པུས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྒྲུབ་རྒྱུའི་རེ་ཞུའི་འགྲོ་ལུགས་ལེགས་བཅོས་བྱས་པ་སྟེ། རེ་འདུན་ཞུ་མཁན་གྱིས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་སྐབས་དཔལ་འབྱོར་དཀའ་ངལ་གྱི་དཔང་རྟགས་སྟོན་དགོས་པ་དེ་དཔལ་འབྱོར་དཀའ་ངལ་གྱི་གནས་ཚུལ་གསལ་བཤད་རེའུ་མིག་ཏུ་བསྒྱུར།

  • ཡུན་ནན་གྱིས་ལྗང་མདོག་ཐཱན་ཉུང་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དུད་ཚང་ཆུང་འབྲིང་རྣམ་པའི་སྡོད་ཁང་དཀྱུས་མ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། ཆེས་ཆེ་བའི་སྡོད་ཁང་འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱེད་པ། སྡོད་ཁང་གི་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་བ་བཅས་བཏོན།

    དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་དབུས་རྒྱུད་དང་། ཧྲན་ཞིའི་ཤར་རྒྱུད། ཧོ་པེའི་ས་མང་ཆེ་བ། པེ་ཅིང་དང་ཧོ་ནན་གྱི་བྱང་རྒྱུད། སི་ཁྲོན་གྱི་དབུས་ལྷོ་རྒྱུད། ཡུན་ནན། ཀུའེ་ཀྲོའུ། ཧྥུ་ཅན་གྱི་ཤར་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། ཧོ་པེའི་དབུས་རྒྱུད་དང་། པེ་ཅིང་གི་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད།ཀོང་ཞིའི་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།