དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་འཆར་འགོད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།

2023-08-24 17:45:46   |   3624

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཁུལ་སྲིད་གཞུང་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


0.jpg

ཟླ8པའི་ཚེས23ཉིན། མཚོ་བྱང་ཁུལ་འཆར་འགོད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་སྲིད་གཞུང་གི་ཁུལ་དཔོན། ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨ་ཁྱུང་། ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་རུའུ་ཞང་། ཧན་ཧྲི། དེ་བཞིན་ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། མ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

微信图片_20230824175421.jpg

ཚོགས་འདུའི་ཐོག་མཚོ་བྱང་ཁུལ་འཆར་འགོད་ཨུ་ལྷན་གྱི་ཁོངས་མི་ཁག་ཅིག་ལེགས་སྒྲིག་བྱས་པ་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་དང་རྫོང་བཞིའི2023ལོའི་གསར་སྐྲུན་དང་མཐུད་སྐྲུན་རྣམ་གྲངས་དང་དེ་བཞིན་འཆར་འགོད་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་འདེམས་པའི་ལས་དོན་ལ་ཞིབ་བཤེར་བྱས།

微信图片_20230824175422.jpg

ཚོགས་འདུའི་ཐོག་བསྟན་དོན། འཆར་འགོད་སྒྲིག་བཟོ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་དང་མཐུན་པ་ཞིག་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཐབ་ཇུས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཀྱང་ལྡན་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཆར་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཆར་འགོད་ཨུ་ལྷན་བཙུགས་པ་དང་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་དམིགས་ཡུལ་ནི་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་བ་དང་འཆར་འགོད་ཞིབ་མཆན་ཚད་ལྡན་དུ་བཏང་སྟེ་ཁུལ་ཡོངས་ཀྱི་འཆར་འགོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

微信图片_202308241754221.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྫོང་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་འཆར་འགོད་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། འཆར་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་མཐའ་འཁྱོངས་བྱེད་པ། འཆར་འགོད་ལ་སློབ་སྦྱོང་དང་། འཆར་འགོད་ཁོང་དུ་ཆུད་པ། འཆར་འགོད་ཤེས་རྟོགས་བཅས་བྱས་ཏེ་མགོ་འཛུགས་ས་མཐོ་བའི་སྒོ་ནས་ཇུས་འགོད་དང་། སྤུས་ཚད་མཐོ་བའི་སྒྲིག་བཟོ། ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཐོག“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག  སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། འཆར་འགོད་ཀྱི་འོས་འཚམ་སྔོན་བརྒལ་དང་དན་ཏིག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་དེ་འཆར་འགོད་སྒྲིག་འབྲིའི་ནང་དོན་འཁྱོལ་དང་འཆར་འགོད་ལག་བསྟར་གྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་འཆར་འགོད་སྣ་ཚོགས་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་ནང་འཇུག་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འཆར་འགོད་དང་དེ་བཞིན་རྫོང་དང་། ཤང་གྲོང་། གྲོང་ཚོ་རིམ་པ་བཅས་ཀྱི་འཆར་འགོད་དང་འབྲེལ་མཐུད་ནུས་ལྡན་དང་དེ་དག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཚོད་འཛིན་གྱི་གཞི་ཐིག་སྣ་ཚོགས་གནད་འཁེལ་ངོས་འཛིན་དང་དབྱེ་འབྱེད་བྱས་ཏེ། རྨོ་ཞིང་གི་དམར་ཐིག་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག  རྒྱལ་ཁོངས་བདེ་འཇགས་ཀྱི་གཞི་ཐིག་བཅས་བརྟན་པོར་སྲུང་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་དེ་འཆར་འགོད་སྒྲིག་འབྲིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། འཆར་འགོད་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།

微信图片_202308241754222.jpg

ཚོགས་འདུའི་ཐོག་གཅིག་ནས་རིམ་པ་ཁག་གི་མགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་པ། རྫོང་སྲིད་གཞུང་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་སྒྲུབ་པ་དང་། ཁ་ཕྱོགས་གཏན་འཁེལ་བྱེད་པ། བཀོད་གཏོང་ལ་ཤུགས་སྣོན་བཅས་བྱས་ཏེ་འཆར་འགོད་སྒྲིག་བཟོ་དང་ཆོག་མཆན་ཞུ་བའི་ཁྲོད་ཐོན་པའི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། འགན་ནུས་སྡེ་ཚན་ཁག་གིས་ཚན་པ་དེ་ག་དང་སྡེ་ཚན་དེ་གའི་དེ་མཚུངས་ཀྱི་ཆེད་དོན་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁོངས་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་འཆར་འགོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་ཕྱིར་འབུད་དང་གད་སྙིགས་གཙང་སེལ་ཚད་ལྡན་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཚོང་ར་དོ་དམ་ལྟ་སྐུལ་དང་། ཕྱོགས་བསྡུས་ཁྲིམས་འཛིན། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་སྡེ་ཚན་བཅས་ཀྱིས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྤྱི་བདེ་སྡེ་ཚན་གྱིས་གྲོང་ཁུལ་གྱི་རླངས་འཁོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་ངང་རླངས་འཁོར་འཇོག་པ་སོགས་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་བཅོས་སྒྲིག་བྱེད་དགོས། གཉིས་ནས་འཆར་འགོད་ཀྱི་ཁྱད་ཆོས་དང་རྒྱང་ལྟའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། འཆར་འགོད་ཨུ་ལྷན་གྱི་ཞིབ་བཤེར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་མ་ཟད། འཆར་འགོད་སྣ་ཚོགས་སྦྲེལ་མཐུད་ལའང་ཤུགས་སྣོན་བརྒྱབ་ནས་ཡུག་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་ཀྱི་སྔོན་ལྟས་རང་བཞིན་དང་མ་ལག་རང་བཞིན། དཔེ་སྟོན་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ། འཆར་འགོད་ཀྱིས་ཕུགས་ཀྱི་བྱ་བར་དོ་དམ་བྱེད་པའི་ངོས་ཐད་ནས་གྲོང་ཁྱེར་གྱི་འཛུགས་སྐྲུན་གྱི་ཕྱིའི་རྣམ་པའི་འགག་སྒོ་ནན་པོ་སྲུང་བ་དང་། རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་རྣམ་པ་དོ་དམ་ཚོད་འཛིན་བྱ་རྒྱུར་དོ་སྣང་བྱེད་པ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་འཛུགས་སྐྲུན་རྣམ་པའི་འཆར་འགོད་ཇུས་བཟོ་བྱེད་པ་དང་། གྲོང་རྡལ་དང་རོང་འབྲོག་ཁུལ་གྱི་བཟོ་སྐྲུན་གྱི་ཕྱིའི་རྣམ་པ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། ནུབ་མཚོ་གྲོང་རྡལ་གྱིས“གསར་བརྗེའི་གྲོང་རྡལ་ཆུང་ངུའི”འཛུགས་སྐྲུན་གྱི་ཉམས་འགྱུར་མངོན་གསལ་དོད་པོ་ཡོང་བ་བྱས་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་ལོ་རྒྱུས་རིག་གནས་ཀྱི་རིག་གནས་རྒྱུན་མཐུད་བྱས་ཏེ། གསར་བརྗེའི་གཞི་རྒྱུ་ཟབ་མོ་དང་དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཞིག་ཆགས་པ་བྱེད་དགོས།   གསུམ་ནས་འཆར་འགོད་སྤྱོད་གོ་ཆོད་པ་དང་བེད་སྤྱོད་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། སྐྱེ་ཁམས་ཀྱིས་སྣེ་ཁྲིད་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། ས་ཁོངས་ཡོངས་ལ་དོ་དམ་ཚོད་འཛིན་བཅས་ཀྱི་རྩ་དོན་ལྟར་ཁུལ་ཁོངས་དང་རྫོང་ཁོངས་ཀྱི་བར་སྟོང་འཆར་འགོད་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་། བྱེ་མ་དང་གྲོང་རྡལ་བཅས་ཀྱི་འབྲེལ་བ་གསལ་པོ་བཟོ་བ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་དང་ཁྱད་ཆོས་མངོན་པར་བྱེད་པ། ཕུགས་བསམ་གྱི་བར་སྟོང་རྣམ་པ་ཆགས་པར་བྱེད་དགོས། “ས་ཁོངས་ཡོངས་ཀྱི་དོ་དམ་ཚོད་འཛིན”དང་“འཆར་མང་གཅིག་སྒྲིལ”ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་། ཐོན་ལས་ལས་རྣམ་བཀོད་སྒྲིག་ལུགས་མཐུན། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་གྲོང་ཁྱེར་གྱི་ཇུས་འགོད་བཟོ་བ་དང་། འཆར་འགོད་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚན་རིག་རང་བཞིན་འགན་ལེན་བྱེད་དགོས་པ་མ་ཟད། འཆར་འགོད་དང་ལམ་ལུགས་ཀྱི་ངོས་ཐད་ནས་ཇེ་དྲག་དང་ཇེ་བརྟན། ཇེ་ལེགས་སུ་གཏོང་བ་དང་། འཆར་འགོད་གཏན་འཁེལ་བྱས་རྗེས་རྒྱུན་སྐྱོང་བར་ཁག་ཐེག་དང་།  འཆར་འགོད་ཀྱི་ཚོད་འཛིན་རང་བཞིན་དང་གཟབ་ནན་རང་བཞིན་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།