དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས་ཤིང་ཀྲང་ཧྲེང་ཡོན་གྱིས་མགོ་འཛིན་བྱས།

2023-08-24 17:46:42   |   2704

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཟླ8པའི་ཚེས23ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲེང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་ཐེངས41པ(རྒྱ་ཆེ)དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས37པ་མགོ་འཛིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁུལ་ཨུའི་ལས་དོན་གྱི་བླང་བྱ་ལ་སློབ་སྦྱོང་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།

1.jpg

ཚོགས་འདུའི་ཐོག་ཏང་ཙུའུ་ཡི་ཚོགས་འདུ་ཐེངས40པ་དང་རྒྱུན་ལས་ཚོགས་འདུ་ཐེངས36ཐོག་བཀོད་སྒྲིག་བྱས་པའི་དོན་ཚན་དག་བསྒྲུབས་པའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་། ཚོགས་འདུའི་ཐོག་བསྟན་དོན། དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཏེ་འབྲས་བུ་ཐོན་པར་བྱེད་དགོས་པ་དང་། ནན་ཏན་གྱིས་ཚོགས་འདུའི་བླང་བྱ་གཞིར་བཟུང་སྟེ་ཞིབ་འཇུག་ཇུས་འགོད་ལ་ཤུགས་བསྣན་ཏེ་ལས་ཀའི་རྩིས་ཁྲ་བཟོ་བ། ལས་དོན་གཙང་བཤེར་ཅན་གྱི་དོ་དམ་ལག་ཏུ་བསྟར་བ། ལས་འགན་དོན་ཚན“གཙང་བཤེར”གྱི་ལམ་ལུགས་འཛུགས་པ། དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བཀོད་སྒྲིག་བྱས་པའི་དོན་དག་ཚང་མ་དོན་འཁྱོལ་ཐུབ་པ་དང་། བྱས་འབྲས་སྨིན་པ་བཅས་བྱས་ཏེ། སྲིད་བཀའ་ཤར་གཏོང་ཐུབ་པ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་དགོས།

2.jpg

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། འབྲུབ་འགོག་གེགས་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུ་དང་། ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས། ཚོགས་འདུའི་བླང་བྱ་ནི། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་སྦྲེལ་མཐུད་གནད་དོན་ནུས་ལྡན་ངང་ལེགས་བཅོས་བྱེད་པའི་ལས་དོན་ལེགས་པར་སྒྲུབ་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་འཕྲལ་སྡོམ་དོ་དམ་མ་ལག་ལ་མུ་མཐུད་ཤུགས་སྣོན་དགོས། དུས་དང་རྣམ་པ་ཀུན་ཏུ་འབྲུབ་འགོག་གེགས་སེལ་གྱི་རྩ་བ་དེ་དམ་པོར་བཟུང་སྟེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་དང་། འཕྲལ་སྡོམ་སྟོབས་ཤུགས་བཀོད་སྒྲིག་དམ་འཛིན་ཡག་པོ་བྱེད་པ། རིམ་པ་བཞིན་འགན་བབས་འགན་འཁྲི་ཇེ་གསལ་དུ་བཏང་ནས། “འབྲུབ་ཆེན་སྔོན་འགོག་དང་། ཉེན་ཁ་ཆེན་པོ་མྱུར་སེལ། གནོད་འཚེ་ཆེན་པོ་འགོག་པ”བཅས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས། དྲ་ཐོག་གི་ཆབ་སྲིད་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་དྲ་ཐོག་གི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ་དང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ལ་བདེ་འཇགས་དང་བརྟན་ལྷིང་གི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་དང་པོ་བརྟན་པོ་ཡོང་བ་བྱེད་པ་དང་། བཟོ་ལས་ཁེ་ལས་འཕར་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ཐུབ་བྱེད་པ། ཐོན་ལས་གསུམ་པ་ལེགས་སུ་གཏོང་བ། དམངས་འཚོའི་དོན་དངོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་ཚོད་དམ་འཛིན་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚོང་གཉེར་མཁན་གྱི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་དམག་དམངས་མཉམ་སྐྲུན་དང་། རུ་འཁྱུར་དམག་མིའི་ལས་དོན་འགན་ལེན་ལ་མུ་མཐུད་ཤུགས་སྣོན་དགོས།  རྨོ་ཞིང་མུའུ་ཁྲི87.02ཡོད་པ་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་མུའུ་ཁྲི77.87ཡོད་པའི་དམར་ཐིག་ནན་སྲུང་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་དང་ཡག་པོ་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བའི་གོམ་སྟོབས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཟོ་དགོས།

3.jpg

ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 བློ་མཐུན་ཁྲེན་ཀང་གིས་ཞིང་ཆེན་ཡོངས་ཀྱི་འབུར་ཐོན་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་།《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་སྤེལ་ཐབས》ཀྱི་དགོངས་དོན། དེ་བཞིན་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་པ་དང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་ཉན།

3.jpg

ཚོགས་འདུའི་ཐོག《ཁྲིམས་འཛུགས་བཅའ་ཁྲིམས》ཀྱི་རྩ་འཛིན་དགོངས་དོན་དང་ནང་དོན་གཙོ་བོར་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། ཁྲིམས་འཛུགས་ལས་དོན་གྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། ཁྲིམས་འཛུགས་དཔུང་ཁག་གི་ཤེས་ཡོན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་འཛུགས་གོ་རིམ་ནན་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་འཛུགས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་འདུ་ཤེས། གསང་སྲུང་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། སྤྱོད་ཚུལ་བཅོས་སྒྲིག་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བྱེད་ཐབས་ནུས་ལྡན་འདོན་པ། རྩ་དོན་ནན་པོ་དང་། རྣམ་པ་ནན་པོ། བྱེད་ཐབས་ནན་པོ་ཡུན་རིང་མཐའ་འཁྱོངས་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་ཏན་ཏིག་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཆུང་དུ་གཏོང་བ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་ཟུག་ཏུ་འཇུག་པ་དང་། བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་ཐུབ་བྱེད་པ། ལས་སྒྲུབ་ཁྲོད་ཧུར་ཐག་ལག་བསྟར་བྱེད་པ་བཅས་བྱས་ཏེ། “སྒྲུབ་པའི”བརྗོད་དོན་གཙོ་བོ་མུ་མཐུད་དར་སྤེལ་དང་། “སྒྲུབ་པའི”ནུས་པ་བརྒྱུད་སྤེལ། “སྒྲུབ་པའི”སྙིང་སྟོབས་གཅིག་སྒྲིལ་བཅས་བྱས་ཏེ། སྔར་ལས་ལྷག་པའི་ལས་ཀའི་སྤུས་ཚད་དང་། ཕན་འབྲས། ཞབས་ཞུའི་ཆུ་ཚད་བཅས་ཀྱི་ཐོག་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ། “ཕྱོགས་གསུམ་གཞི་གཅིག”གི་མཉམ་འབྲེལ་འགན་ལེན་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་ལས་དང་། ཞིང་ལས་ཉོ་འཚོང་ཁྲོམ་རའི་བཟའ་བཅའི་བདེ་འཇགས་ཞིབ་བཤེར། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་བྱས་ཏེ། ཞིང་འབྲོག་ཁུལ་གྱི་བཟའ་བཅའི་བདེ་འཇགས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན།

4.jpg

ཚོགས་འདུའི་ཐོག་ཁུལ་སྡོམ་རྩིས་ཅུའི《མཚོ་བྱང་ཁུལ་གྱི་སྡོམ་རྩིས་རྫུན་བཟོ་བཀག་སྡོམ་ཡང་ཡང་བྱས་ཀྱང་གཏན་འགོག་དཀའ་བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྐོར་གྱི་ལག་བསྟར་ཇུས་གཞི》དང་།  ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའི《མཚོ་བྱང་ཁུལ་གྱི་ཤེས་ལྡན་མི་སྣའི་ལས་ཤག་གི་ལེ་ལག་ཚང་བའི་སྒྲིག་བཀོད་ཉོ་སྒྲུབ་གྲོན་དངུལ་ཐག་གཅོད་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི《དུས་རབས་གསར་པའི་རྒྱ་གྲམ་དམར་པོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་དགོངས་སྐོར》བཅས་ལ་གྲོས་ཞིབ་བྱས་པ་དང་རྩ་དོན་ཐོག་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་ཁུལ་ཁྲིམས་འཛིན་ཅུའི《མཚོ་བྱང་ཁུལ་སྲིད་གཞུང་གི་སྒྲིག་སྲོལ་དང་སྲིད་འཛིན་ཚད་ལྡན་ཡིག་ཆ་གཙང་བཤེར་ལས་དོན་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།  སྲིད་གཞུང་གི་ཡི་གེའི་ཐོག་ནས་ཞིང་ཆེན་ཁྲིམས་འཛིན་ཐིང་ལ་སྙན་སེང་ཞུས་པ་བརྒྱུད་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་བསྐུར་བ་དང་། དུས་ཐོག་ཏུ་ཁུལ་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན། ཚོགས་འདུའི་ཐོག་ཁུལ་ཞིང་འབྲོག་ཚན་རྩལ་ཅུའི《2023ལོའི་ལོ་འཁོར་གྱི་མཚོ་བྱང་ཁུལ་ཁོངས་ཀྱི་ནོར་ལུག་བཤས་གཏོང་གི་ཁུལ་རིམ་པའི་ནོར་སྲིད་བྱ་དགའི་ཁ་གསབ་ཇུས་གཞིར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དགོངས་སྐོར》དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའི《མཚོ་བྱང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་སྤུས་ཚད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་གྱི་འཕྲལ་སྡོམ་སྔོན་ཇུས་སྐོར་གྱི་དགོངས་སྐོར》དང་། ཁུལ་འཕྲལ་བསྟུན་དོ་དམ་ཅུའི《མཚོ་བྱང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཕྲལ་བསྟུན་དོ་དམ་ལས་དོན་ལ་ཤུགས་སྣོན་པའི་བྱེད་ཐབས་འགའི་དགོངས་སྐོར》དང་།  ཁུལ་འཕེལ་སྒྱུར་ཨུའི《མཚོ་བྱང་ཁུལ་གྱིས་2022ལོའི་གཏན་འཇག་རྒྱུ་ནོར་གྱི་མ་འཇོག་དང་ལས་གཞིའི་ཆེད་དོན་དཔྱད་ཞིབ་བྱ་དགའི་མ་དངུལ་བགོ་བྱའི་འཆར་བཀོད་ཀྱི་དགོངས་སྐོར》དང་། ཁུལ་རྟེན་གཞིའི་གནས་རྙིང་གཞུང་ལས་ཁང་གི《རྟེན་གཞིའི་གནས་རྙིང་གི་ཡན་ལག་བཟོ་གྲྭའི་ཐོག་ཁང104ཡི་ཉམས་གསོའི་མ་དངུལ་ཐག་གཅོད་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》དང་། ཁུལ་ཞིང་འབྲོག་ཚན་རྩལ་ཅུའི《“ཐོན་ལས་དར་རྒྱས་དང་། སྤུས་རྟགས་འཛུགས་པ། འབབ་འཕར་ལ་སྐུལ་འདེད། དར་སྤེལ་ལ་རོགས་རམ”བཅས་ཀྱི་མཚོ་བྱང་ཁུལ་གྱི་ཕྱུགས་རྒྱུད་བཟང་པོ་དང་དེ་བཞིན་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོའི་འགྲོ་གྲོན་གྱི་དགོངས་སྐོར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་གང་མགྱོགས་ཀྱིས་སྤྲོད་དགོས་པའི་བླང་བྱ་བཏོན། ཚོགས་འདུའི་ཐོག་མདོ་ལ་རྫོང་མི་དམངས་སྲིད་གཞུང་གི《2017ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་མདོ་རིང་མོའི་ཆུ་ནག་བཞུར་རྒྱུན་གྱི་རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་ས་ཚིགས་ཀྱི་རྣམ་གྲངས་པུའི་ཡན་ལག་རྣམ་གྲངས་ཁ་ཤས་ལེགས་སྒྲིག་བྱེད་པའི་ལས་དོན་གྱི་གསལ་ཆའི་སྐོར་གྱི་དགོངས་སྐོར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་ལེགས་སྒྲིག་ལས་དོན་ཁས་ལེན་བྱ་རྒྱུའི་མོས་མཐུན་བྱས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས།


མཉམ་སྤྱོད།