དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-25 08:27:37   |   2481

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ཧན་ནེ་སི་པའོ(约翰内斯堡)རུ་གསེར་སྦྲམ་རྒྱལ་ཁབ་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་གླེང་མོལ་ཚོགས་འདུ་འཚོགས།

    1.jpg

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་ལྔ་པའི་དམིགས་བསལ་གསར་འགོད་པའི་ཚོགས་འདུར་ཞུགས།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་དབྱི་རན(伊朗)གྱི་ཙུང་ཐུང་ལའེ་ཞི(莱西)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་ཁོང་ཀོ(刚果)ཡི་ཙུང་ཐུང་སཱ་སུའུ(萨苏)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་མ་ལ་ཝེ(马拉维)ཡི་ཙུང་ཐུང་ཁྲ་ཁེ་ཝེ་ལ(查克维拉)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་ཐན་ཙན་ནི་ཡའི(坦桑尼亚)ཙུང་ཐུང་ཧ་སང(哈桑)དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་རིང་ན་སྨི་པི་ཡའི(纳米比亚)ཙུང་ཐུང་ཀེན་ཀོ་པུ(根哥布)དང་མཇལ་འཕྲད་གནང་།

  • ཨ་ཀེན་ཐིན(阿根廷)དང་། ཨེ་ཅིབ(埃及)དང་། ཨེ་ཙེ་ཨོ་ཕི་ཡ(埃塞俄比亚)དང་། དབྱི་རན(伊朗)དང་། སོ་ཏི་ཨ་རབ(沙特阿拉伯)དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ(阿联酋)བཅས་གསེར་སྦྲམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུའི་གདན་ཞུ་ཐོབ།

    2.jpg

  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་དེ་ཟླ9པའི་ཚེས8ཉིན་མགོ་བརྩམ་རྒྱུ་རེད།

  • འཇར་པན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོ་རྒོལ་དྲག་པོར་མ་བལྟོས་པར། ཚེས་24ཉིན་ཧྥུ་ཏོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་མགོ་བརྩམས།

  • རང་རེའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་འཇར་པན་སྲིད་གཞུང་གིས་ཧྥུ་ཏོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་མགོ་བརྩམས་པའི་ཐད་གཏམ་བཤད་སྤེལ། ཞིབ་འཕྲིན།

  • རང་རྒྱལ་གྱི་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས2023ལོའི་ཟླ8པའི་ཚེས24ཉིན(ཚུད་པ)ནས་བཟུང་ཐོན་ཡུལ་འཇར་པན་ཡིན་པའི་ཆུའི་ཐོན་རྫས(བཟའ་བྱའི་ཆུ་སྐྱེས་སྲོག་ཆགས་ཚུད་པ)ཕྱོགས་ཡོངས་ནས་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས།

  • ཚེས23ཉིན་གྱི་དགོང་མོར། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཧྲུའུ་ཡིས་གནས་ཚུལ་སྤེལ་དོན། ཨུ་རུ་སུའི་སྒེར་གཉེར་དམག་དོན་དངོས་ཚན་ཝ་ཀེ་ན(瓦格纳)རྩ་འཛུགས་ཀྱི་སྲོལ་གཏོད་པ་ཡེ་ཧྥུ་ཀེན་ཉི·ཕུ་ལི་ཀེ་རེན(叶夫根尼.普里戈任)ཉིན་དེའི་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

    སྤྱི་ཚོགས།

    3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་སྔོན་པོ་བཏང་བ་སྟེ། མ་འོངས་པའི་ཉིན་གསུམ་ནང་། སི་ཁྲོན་དང་། ཁྲུང་ཆིང་། ཧྲའན་ཞི། ཧོ་ནན་སོགས་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་ཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

    4.png

  • ཚེས24ཉིན། གློག་འཕྲིན་གཡོ་ལེན་གྱི་ཉེས་གསོག་དོགས་ཅན5འབར་མ་ནས་བཟུང་སྟེ་རང་རྒྱལ་དུ་སྐྱེལ།

  • ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་རང་རྒྱལ་གྱི་ཕྲུ་གུ་དམར་འབྱར་གྱི་རྒྱུད་འཛིན་བརྗེ་ཚབ་ནད་དང་རྣ་ཤུགས་ཉམས་པའི་འདེམས་བཤེར་བྱེད་ཚད་ཚང་མ90%ཡན་ཟིན་ཡོད།

  • ད་ལོའི་ཟླ7པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་དང་ཚེ་སྲོག་སྲུང་སྐྱོབ་ལས་གྲྭའི་སྤྱི་ལེ་ཁྲི4.7ལག་བསྟར་བྱས་པ་དང་། ཉེན་ཡོད་གྲོང་གསེབ་གཞུང་ལམ་གྱི་ཟམ་པ4033སྒྱུར་བཀོད་བྱས།

    5.png

  • ཚེས24ཉིན། གོ་ལ་ཧྲིལ་པོའི་ཁ་ཞེང་ཆེ་ཤོས་ཀྱི་སྣག་བླུགས་ལྕགས་མདོང་དེ་ཧུའུ་པེའི་ཧོང་ཧྲི་རུ་དངོས་སུ་ཐོན་སྐྱེད་བྱས་ཚར་བ་དང་། གཙོ་བོ་ཆུ་བེད་ལས་གྲྭ་གལ་ཆེན་དང་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་སུ་སྤྱོད་རྒྱུ་རེད།

    6.gif

  • ཀྲེ་ཅང་ལི་ཧྲུ་ཡི་བུ་ཞིག་ཆུ་ནང་དུ་ལྷུང་བ་ན། ལམ་བར་གྱི་རུ་འཁྱུར་དམག་མི་ཡུས་ཡན་མྱུར་དུ་ཆུ་ནང་དུ་མཆོང་སྟེ། ཆུ་རྒྱུན་དྲག་པོའི་ནང་དུ་བྱིས་པའི་ཕྱོགས་སུ་རྐྱལ་ནས་ཁོ་རང་བསྐྱབས། 

    སྲིད་ཇུས།

  • ཧེ་ལུང་ཅང་གིས་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ས་ཆ་འདང་ངེས་སྔོན་ལ་འགན་ལེན་བྱེད་དགོས་པ་དང་། གསར་དུ་བསྣན་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་གཞིའི་དམིགས་ཚད་ཚང་མ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་སྙོམས་སྒྲིག་བྱས་ནས་ཐག་གཅོད་བྱེད་དགོས་པ་ཁ་གསལ་བཏོན།

  • ཡུན་ནན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཡུན་ནན་ཞིང་ཆེན་གྱི་བཟོ་ལས་ཤུལ་བཞག་ཤེས་རྟོགས་དང་། ཞལ་འདེབས། སྲུང་སྐྱོང་བཅས་བྱེད་པའི་ཐད་མཛད་རྗེས་གལ་ཆེན་བཞག་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་འོས་འཚམ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

    ༧.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་ནུབ་རྒྱུད། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞ། སི་ཁྲོན། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་པ་འབྲིང་པ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ཁྲུང་ཆིང་གི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།