དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་བྱས།

2023-08-25 10:47:47   |   2783

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


 0.jpg

ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་བྱེད་སྐབས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། འདྲི་གཅོད་ལག་བསྟར་ལས་དོན་ཡག་པོ་སྒྲུབ་པའི་གཟི་བརྗིད་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་ཆུ་ཚད་མཐོ་བའི་དུས་བདེའི་མཚོ་བྱང་འཛུགས་སྐྲུན་འགན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་འདོན་སྤྲོད་བྱེད་དགོས་པ་བསྟན།

1.jpg

ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་ཁྲིམས་ཁང་གི་ལོ་རྒྱུས་ཁང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྱམས་རིང་། གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུ་ལྟེ་གནས། ལག་བསྟར་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་དེ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྣ་སོ་སོའི་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁྲིམས་ཁང་གི་ལས་དོན་སྙན་ཞུར་གསན་རྗེས་བསྟན་དོན། ད་ལོའི་ཚུན་ཏུ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས“མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཉེ་འགྲམ་དུ་ཡོད་པ”ཞེས་པར་དམིགས་ནས་རང་འགུལ་ངང་ཁུལ་ཡོངས་ཀྱི“243”གྱི་འཕེལ་རྒྱས་བཀོད་སྒྲིག་ནང་ཞུགས་པ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པ། ཚན་ཁག་དམ་འཛིན་དང་། དཔུང་ཁག་སྣེ་ཁྲིད། སྤུས་ཚད་མཐོར་གཏོང་། སྤྱོད་གཙང་འགན་ལེན། སྤྱི་པའི་ཡིད་རྟོན་ལ་སྐུལ་འདེད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་འགན་ནུས་འདོན་སྤེལ་དང་། དྲང་སྙོམས་དྲང་བདེན་སྲུང་སྐྱོང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་རང་འགུལ་ངང་བྱས་རྗེས་བཞག་ནས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བརྟན་བརླིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ཁང་གི་སྟོབས་ཤུགས་འདོན་སྤྲོད་བྱས་པ་དང་ཁྲིམས་ཁང་གི་བློ་རིག་ལེགས་སྐྱེས་ཕུལ་ཡོད།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་གནས་བབ་དེ་བས་མཐོ་བའི་ཐོག་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དེ་ཁུལ་ཡོངས་ཀྱི་ཁྲིམས་ཁང་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་གིས་སྤེལ་བ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་དེ་མཚོ་བྱང་གི་སྤྱི་ཡོངས་ལ་ཞབས་འདེགས་དང་མི་དམངས་ཁྲིམས་ཁང་བྱ་བའི་དངོས་འབྲས་དངོས་སུ་བསྒྱུར་དགོས། གཉིས་ནས་འགན་འཁྲི་དེ་བས་ཆེ་བའི་ངང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཁྲིམས་སྐྱོང་གིས་རྩ་བ་བརྟན་པོ་གཏོང་བ་དང་། སྔོན་དཔག་བརྟན་བརླིང་བཟོ་བ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། ནུས་ཆེའི་བཅོས་སྐྱོང་དམིགས་ཚད་ལ་དམ་པོར་དམིགས་པ། ཆུ་ཚད་མཐོ་བའི་དུས་བདེ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ཁང་གི་ལས་དོན་དེ་ཁུལ་ཡོངས་ཀྱི་བྱ་བའི་སྤྱི་ཁོག་ནང་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནད་སྨིན་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་བྱེད་དགོས། གསུམ་ནས་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་། “སྒོ་ཐེམ་བརྒལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི”ཁྲིམས་འཛིན་ཞབས་ཞུའི་འདུ་ཤེས་བརྟན་པོར་འཆང་བ། “དམིགས་པ་དབྱེ་བའི་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་གནད་སྨིན་སྤེལ་བ། ཉེས་གསོག་ཆད་གཅོད་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བཅས་བྱས་ཏེ་ཁྲིམས་འཛིན་ཞབས་ཞུ་དེ་གྲོང་གསེབ་དང་འབྲོག་ཁུལ། ཞིང་ཚིགས། ཐོན་སྐྱེད་ཀྱི་ཡུལ་དངོས་བཅས་སུ་སྐྱོད་པ་དང་། སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོར་བྱེད་པའི་ཐད་ནུས་པ་འདོན་དགོས། བཞི་ནས་ཚད་གཞི་དེ་བས་ནན་པོར་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། རུལ་འགོག་འགྱུར་འགོག་གི་བསམ་བློའི་སྲུང་རགས་བརྟན་པོར་བཟོས་ཏེ། ཁྲིམས་ཁང་གི་དཔུང་སྡེ་དེ་བློ་དཀར་བ་དང་བློ་གཏད་ཆོག་པ་ཞིག་ཏུ་གཏོང་དགོས་པ་བསྟན།

3.jpg

 ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་གནང་བར་ཕེབས་རོགས་བྱས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་མ་ཝུན་ཆོན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།


མཉམ་སྤྱོད།