དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་སྐལ་བཟང་གི་བཞུགས་གནས་རྙིང་པ་དང་། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་། ཁུལ་གྱི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་བཅས་སུ་ཕྱིན་ཏེ་རྟོག་ཞིབ་གནང་།

2023-08-25 11:00:13   |   2546

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཟླ8པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐལ་བཟང་གི་བཞུགས་གནས་རྙིང་པ་དང་། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་། ཁུལ་གྱི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་།

图片1.jpg

“དུས་རབས་ཀྱི་མིག་དཔེ”སྐལ་བཟང་གི་བཞུགས་གནས་རྙིང་པར། ཤ་བོ་སྐྱབས་ཀྱིས་སྐལ་བཟང་གི་མི་ཚེའི་ལོ་རྒྱུས་དང་། རང་ཁྱིམ་དུ“འབྲོག་པའི་མགྲོན་ཁང”གཉེར་བའི་དཀའ་སྡུག་གི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་གནང་། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཧྲེང་ཀྲང་རྒན་པ་ཁོང་གིས་ལས་འཁྱུར་སྡོད་ཁང་ཁ་གསབ་རོགས་དངུལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒོར་འབུམ་གཉིས་སྤྱད་དེ་བཞི་སྐོར་ཁང་པ་བསྐྲུན་པ་དང་། ཁང་པའི་ནང་མང་ཚོགས་ཀྱི་གྲོས་ཚོགས་ཁང་བཙུགས། དཔལ་སྦྱིན་སོག་རིགས་ཡུལ་ཚོ་ཡོང་ཧྥུན་སྡེ་བའི་འཕྲོད་བསྟེན་ཁང་བཙུགས་ཤིང་། ཆེད་བསྐོས་སྨན་པ་གདན་དྲངས་ཏེ་མང་ཚོགས་ལ་སྨན་བཅོས་བྱེད་དུ་བཅུག་སྟེ། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱས། ཧྲེང་ཀྲང་རྒན་པ་ཁོང་གི་མི་སེམས་འགུལ་བའི་མཛད་པ་ང་ཚོས་ངེས་པར་དུ་རྒྱུན་འཛིན་དང་། དར་སྤེལ། དྲིལ་སྒྲོག་བཅས་ཡག་པོ་བྱེད་དགོས་ཞེས་བསྟན་པ་དང་།  མདའ་བཞི་རྫོང་གིས་ངེས་པར་དུ་གཅིག་ནས“དུས་རབས་ཀྱི་མིག་དཔེ”སྐལ་བཟང་གི་བཞུགས་གནས་རྙིང་པ་སྲུང་སྐྱོང་ཡག་པོ་དང་། བེད་སྤྱོད་ཡག་པོ། བཟོ་སྐྲུན་ཡག་པོ་བཅས་བྱས་ཏེ། རྫོང་རིམ་པའི་རྒྱལ་གཅེས་རིང་ལུགས་དང་ཕུགས་བསམ་དད་སེམས་སློབ་གསོའི་དཔེ་སྟོན་ས་ཚིགས་ཀྱི་སྒོ་བྱང་བཀལ་ནས། མདའ་བཞི་རྫོང་གི་གསར་བརྗེའི་སློབ་གསོ་དང་མཚོ་བྱང་ཁུལ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སློབ་ཁྲིད་ས་ཚིགས་རྩེ་གྲ་ཞིག་ཏུ་འགྱུར་དགོས། གཉིས་ནས་སྐལ་བཟང་གིས་ཟི་ལིང་གི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་བསྒྱུར་ཚུལ་ལ་དཔེ་བལྟས་ཏེ། བཞུགས་གནས་རྙིང་པའི་སྒོ་རའི་ནང་ཅིན་ལུའུ་མེ་དང་ཡུན་ཧྲན་གསོམ་ཤིང་སོགས་སྣ་མང་ཅན་གྱི་སྐྱེ་དངོས་འདེབས་དགོས་པ་དང་། སློབ་གསོ་མྱོང་མཁན་གྱི་སློབ་མ་ཚོར་དངོས་སུ་སྐལ་བཟང་གིས་རི་ལྗང་ཆུ་སྔོ་ལ་མི་ཚེ་ཕུལ་བའི་ལྷད་མེད་བརྩེ་སེམས་དང་འགན་འཁྲིའི་སྙིང་སྟོབས་མྱོང་དུ་འཇུག་དགོས། གསུམ་ནས་པར་རིས་དང་། ཡིག་རིགས། དངོས་རྫས་སོགས་ཀྱི་དཔྱད་གཞི་འཚོལ་བསྡུ་དང་སྔོག་འདོན་བྱས་ཏེ། བཞུགས་གནས་རྙིང་པའི་འགྲེམས་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྐལ་བཟང་གི“འབྲོག་པའི་མགྲོན་ཁང”དང“འབྲོག་པའི་མགྲོན་ཁང”ནང་བྱུང་བའི་མི་སེམས་འགུལ་བའི་མཛད་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་དང་། ཕྱོགས་མང་པོ་དང་། ཟུར་ཚད་མང་པོ། ཞིབ་ཕྲ་བཅས་ཀྱི་སྒོ་ནས་སྐལ་བཟང་གི་སེམས་པ་མང་ཚོགས་ལ་འཁོར་བ་དང་། བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པའི་སྤྱི་ཞབས་པའི་སྙིང་སྟོབས་མངོན་པར་བྱེད་དགོས།

图片2.jpg

ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་དུ་ཤ་བོ་སྐྱབས་ཀྱིས་གཉེར་སྐྱོང་གནས་ཚུལ་དང་། མི་སྣའི་གྲུབ་ཚུལ། དེ་བཞིན་ཉེ་དུས་ཀྱི་ལྟ་སྐོར་གནས་ཚུལ་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ་བསྟན་དོན། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་གིས་ཝང་ལུའོ་པིན་གྱི་རོལ་དབྱངས་དང་འབྲེལ་བའི་ངོ་མཚར་བའི་་མི་ཚེ་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་པ་ནི་མཚོ་བྱང་གི་ཁྱད་ལྡན་རིག་གནས་མཚོན་རྟགས་དང་ས་རྟགས་ཤིག་ཡིན་པས། ངེས་པར་དུ་དྲིལ་སྒྲོག་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། གཅིག་ནས་འགྲེལ་བཤད་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཐོན་ཁུངས་གསར་སྤེལ་ལ་སྣང་ཆེན་བྱེད་པ། ཝང་ལུའོ་པིན་གྱི་རོལ་དབྱངས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། ཝང་ལུའོ་པིན་གྱི་རོལ་དབྱངས་གསར་རྩོམ་གྱི་ལོ་རྒྱུས་གསོན་ཉམས་དོད་པོས་བརྗོད་པ། མཚོ་བྱང་གི་རོལ་དབྱངས་གྲུབ་འབྲས་རྣམས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བཅས་བྱས་ཏེ། མཚོ་བྱང་གི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས《རྒྱང་ཐག་རིང་བའི་ས་ཆ་དེར》དང་།《གསེར་བུམ་འདྲ་བའི་རི་བོ་ཆུང་ཆུང》སོགས་མཚོ་བྱང་བརྗོད་བྱ་བྱས་པའི་གླུ་གཞས་གྲགས་ཅན་ཕྱོགས་ཡོངས་ནས་གསེད་བཀྲོལ་གྱིས་རོལ་དབྱངས་སྨྱན་སྦྱོར་དུ་བྱས་ནས་དག་སྣང་མཚོ་བྱང་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ།  མཚོ་བྱང་གི་སྐད་གྲགས་ཆོད་རྒྱ་ཇེ་ཆེར་གཏོང་དགོས། གསུམ་ནས་རིག་གནས་དང་གནས་སྐོར་མཉམ་འདྲེས་ཡག་པོ་བྱས་ཏེ། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་དང221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་ཁག་དང་། མཚོ་སྔོན་པོའི་མཐོན་པོ་སྒང་མཁའ་དམག་རྗེས་ཤུལ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། བྱེ་མ་ལ་བདུན། རུ་ཤོག་བཅུ་གཉིས་པའི་གནས་རྙིང་སོགས་མཛེས་ལྗོངས་ཁུལ་མཉམ་དུ་གཏོད་པ་དང་སྦྲེལ་མཐུད་བྱས་ཏེ། རིག་གནས་དང་གནས་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནས་སྐོར་ལམ་ཐིག་རྩེ་གྲ་འཆར་འགོད་བཅས་བྱས་ཏེ་མཚོ་བྱང་གི་ཁྱད་ལྡན་གནས་སྐོར་སྤུས་རྟགས་གཏོད་དགོས། བཞི་ནས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན•ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་དང་། མདའ་བཞི་རྩྭ་ཐང་གི་རོལ་དབྱངས་དུས་ཆེན། “མདོ་ལ་རིང་མོའི་དཔྱིད་ཀ”ཞེས་པའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས། མདའ་བཞིའི་དགའ་སྤྲོའི་དུས་ཆེན། ཙི་པོའི་བསྲེགས་ཟས་རྩྭ་ཐང་དུ་སྐྱོད་པའི་རོལ་དབྱངས་དུས་ཆེན་སོགས་རོལ་དབྱངས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ། 221རོལ་དབྱངས་གྲོང་རྡལ་ཆུང་ངུ་འཛུགས་པར་ཆ་རྐྱེན་བསྐྲུན་དགོས།

图片3.jpg

ཁུལ་གྱི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་ལུས་རྩལ་ཐང་གི་བཀོད་པ་དང་དེ་བཞིན་རིམ་སྤོར་སྒྱུར་བཀོད་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། ཁུལ་རིག་གནས་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ནན་གྱིས་བསྟན་དོན། གཅིག་ནས་སྤྱི་པའི་བར་སྟོང་གི་སྒྲིག་བཀོད་རིན་མེད་ངང་སྒོ་ཕྱེ་བ་དང་། སྤྱི་པའི་རིག་གནས་ལུས་རྩལ་གྱི་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུའི་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་བྱེད་སྒོའི་ལྟེ་གནས་དེ་མང་ཚོགས་ཀྱི་རིག་གནས་དང་། ལུས་རྩལ། སྤྲོ་གསེང་བཅས་ཀྱི་གཡུལ་ས་གཙོ་བོར་འགྱུར་བར་བྱེད་དགོས། གཉིས་ནས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱད་ལྡན་གསོ་སྦྱོང་འཛིན་གྲྭ་ཧུར་ཐག་གཉེར་བ་དང་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་སྣ་ཚོགས་སྤེལ་ཏེ། རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་བསྐང་དགོས། གསུམ་ནས་ལས་བྱེད་པའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ། ལུས་རྩལ་བྱེད་སྒོ་སྤེལ་བ་དང་། ཞི་མཐུན་དང་བག་ཕེབས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས།

图片4.jpg

ཝང་ཡུང་ཁྲང་དང་། སངས་འབུམ། དེ་བཞིན་ཁུལ་རིག་གནས་གནས་སྐོར་ཅུའི་འབྲེལ་ཡོད་འགན་བབས་བློ་མཐུན་བཅས་ཀྱིས་ཕེབས་རོགས་གནང་།


མཉམ་སྤྱོད།