དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-28 08:06:05   |   2450

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


000.jpg

གསར་འགྱུར་གལ་ཆེན།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རྒྱལ་ཡོངས་ཀྱི་ཕྱི་སྨིན་འབྲས་འདེབས་འཛུགས་བྱེད་པའི་ལས་དོན་མཇུག་འགྲིལ་བ་དང་། སྔོན་དཔག་བྱས་ན་ད་ལོའི་སྟོན་འབྲུ་འདེབས་ཁྱོན་ལོ་གོང་མ་ལས་མུའུ་ཁྲི700ཙམ་འཕར་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱེད་ཐབས་འགའ》པར་འགྲེམས་བྱས།

  • ཚེས27ཉིན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས2023ལོའི་ཟླ8པའི་ཚེས28ཉིན་ནས་བཟུང་དངུལ་འཛིན་ཉོ་ཚོང་གི་སྦྱར་ཁྲལ་ཕྱེད་ཀ་ཆག་ཡང་གཏོང་རྒྱུ་རེད།

  • སྡོམ་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས7པའི་བར་རང་རྒྱལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས1.7%འཕར་ནས་འཕར་བའི་རྣམ་པ་རྒྱུན་མཐུད་བྱུང་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1ནས7པའི་བར་རང་རྒྱལ་གྱི་མ་བཅོས་རྒྱུ་ཆའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས5.2%འཕར་ཡོད།

  • སྐབས་བཅུ་བཞི་པའི་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་ཚེས27ཉིན་མཇུག་འགྲིལ་ཞིང་། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར844.75ནང་འདྲེན་བྱས་པས། སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།

1.jpg

  • ཚེས27ཉིན། 2023ལོའིU21བུད་མེད་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་མཐའ་བསྡུར་མོ་ཞི་ཁོ་རུ(墨西哥)བྱས་པ་དང་། ཀྲུང་གོའི་རུ་ཁག་གིས་བསྡུར་གྲངས3:2ཀྱི་ཐོག་ནས་དབྱི་ཐ་ལིའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད།

2.jpg

  • ཚེས27ཉིན། ཏེན་མག་གི་ཀོ་པིན་ཧ་ཀེན(丹麦哥本哈根)དུ་སྤེལ་བའི2023ལོའི་བྱ་སྒྲོའི་སྤོ་ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་གཉིས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་སྡེབ་སྒྲིག་ཁྲེན་དབྱི་ཧྥན་དང་ཅ་དབྱི་ཧྥན་གཉིས་ཀྱིས་མཐའ་འབྲས2:0ཡི་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་རུ་ཁག་གི་སྡེབ་སྒྲིག་ལ་ཧ་ཡིའུ་དང་ཤིས་ཏི་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད།

  • ཚེས27ཉིན། ཨུ་རུ་སུའི་མྱུལ་ཞིབ་ཨུ་ལྷན་གྱིས་ཕུའུ་ལི་ཀེ་གནམ་གྲུ་ལྷུང་བའི་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་དེ་རིང་ཧྲན་ཏུང་ཤར་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད།

  • སྡོམ་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས26ཉིན་གྱི་ཆུ་ཚོད་22:15བར། ད་ལོའི་དབྱར་གསེང་གི་གློག་བརྙན་ལེ་ཚན་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར200ལས་བརྒལ་ཡོད་པ་རེད།

3.jpg

  • འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས25ཉིན་རང་རྒྱལ་གྱིས་བསྐྲུན་པའི་འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཀྱིས་ཉིན་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར14.68ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཤིང་རྟ་ལོའི་མཚོ་འཁྲུགས་སྐབས་སུ་མཚོར་འཐིམས་པའི་དམག་གྲུ་རྒྱང་རིང་རྟགས་ཅན་གྱི་རྗེས་ཤུལ་གྱི་ཆུ་འོག་གནའ་རྫས་རྟོག་ཞིབ་ལས་གཞི་ཚེས25ཉིན་སྤེལ་མགོ་ཚུགས་པ་རེད།

  • ཚེས26ཉིན་བར། ཕིང་ཕང་སྤོ་ལོ་དང་བྱ་སྒྲོའི་སྤོ་ལོ་སོགས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས30ཡི་སྒོ་འཛིན་ཚང་མ་བཙོངས་ཚར་བ་རེད།

  • ཚེས27ཉིན། ཁྲེང་ཏུའི་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིས་གནས་སྐོར་བ་གཉིས་ཀྱིས་གང་དགར་དོམ་ཕྲུག་ལ་ཟས་བྱིན་པའི་དབང་གིས་ཚེ་གང་བོར་རྟེན་གཞིར་ལྟ་སྐོར་བྱེད་མི་ཆོག་པའི་བརྡ་ཁྱབ་བཏང་བ་རེད།

  • རི་དྲོ(日照)མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས28ཉིན་གྱི་ཆུ་ཚོད0ནསཚེས29ཉིན་གྱི་ཆུ་ཚོད18བར་ཧོང་ཧའེ་ཡི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་དངོས་སུ་བརྒྱབ་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

  • ཡུན་ནན་ཕུའུ་ཨེར(普洱)ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། འཁྱགས་དུག་སྤྱི་རྒྱ20ལྷག་ཙམ་གཞུང་བཞེས་བཏང་བ་རེད།

4.jpg

  • ཧྲན་ཏུང་ཡན་ཐའེ་ཡི་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་ནས་ཁ་ལོ་བ་རླངས་འཁོར་ལས་འགུལ་མི་ཐུབ་པར་གྱུར་ཡོད།  ལས་ཀར་འགྲོ་བའི་ལམ་བར་དུ་ཡོད་པའི་མེ་ཟོན་མི་སྣ་ཀྲང་ཧྲུའུ་ཧེང་གིས་འཕྲལ་དུ་ཆག་སྐྱོན་བྱུང་བའི་རླངས་འཁོར་གྱི་སྒོ་འཐེན་ནས་རྨས་སྐྱོན་ཕོག་མཁན་བསྐྱབས་པ་རེད།

སྲིད་ཇུས།

  • ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། ཧྲང་ཧེ་ཉོ་ཚོང་ཁང་དང་། ཧྲེན་ཀྲེན་ཉོ་ཚོང་ཁང་། པེ་ཅིང་ཉོ་ཚོང་ཁང་བཅས་ཀྱིས་བརྡ་ཐོ་བཏང་ནས་མ་འཇོག་བྱེད་མཁན་གྱིས་མ་དངུལ་བསྡུ་སྒྲིལ་བྱས་ནས་དངུལ་འཛིན་ཉོ་སྐབས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འགན་ལེན་དངུལ་གྱི་བསྡུར་ཚད་དམའ་ཤོས་དེ་100%ནས80%བར་དམའ་རུ་བཏང་ཡོད། ཟླ9པའི་ཚེས8ཉིན་ཚོང་དངུལ་བསྡུས་རྗེས་ལག་བསྟར་བྱ་རྒྱུ།

  • ཨན་ཧུའེ་ཡིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་སྤྱོད་དཀར་ཆག་མེད་པ་བཟོས་པ་དང་། ཟླ9པའི་ཚེས1ཉིན་ནས་བཟུང་འགན་བཅོལ་ནང་ཞུགས་པའི་གཅོང་ནད་ཕོག་པའི་ནད་པའི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རྩིས་ཞུ་བྱེད་པར་ཚོད་འཛིན་མི་ཐེབས་པ་བྱས་ཡོད།

  • ཁྲུང་ཆིང་གིས་གསར་དུ་བསྐྲུན་པའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་ཀྱི་ཆེད་དོན་ཁ་གསབ་མ་དངུལ་གྱི་ཚད་གཞི་ནི་ཁང་པ་རེར་སྒོར་ཁྲི2ནས་ཁྲི4བར་ཡིན་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས། 

5.jpg

  • ལེའོ་ཉིང་ཤར་རྒྱུད་དང་། ཧྲན་ཏུང་ཤར་རྒྱུད། ཅང་སུའུ། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཅང་ཤིས། ཧུའུ་ནན་ལྷོ་རྒྱུད། ཀོང་ཤིས་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་། ཡུན་ནན་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཧྲན་ཏུང་ཕྱེད་གླིང་གི་ཤར་རྒྱུད་དང་། ལེའོ་ཉིང་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།