དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚྭ་ཁ་ཚྭ་མཚོའི་ཚྭ་ཡིས་རྒྱལ་ཡོངས་ལ་ལོ་ངོ་བདུན་ཅུར་འདང་།

2023-08-28 09:34:05   |   2455

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


3.jpg

སྤྱི་ཟླ8པའི་ཚེས24ཉིན།  ཧྥུ་ཏོ་ཉིང་རྡུལ་ཆུ་གློག་ས་ཚིགས་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་། ཤུགས་རྐྱེན་དེའི་དབང་གིས་ལྷོ་ཁོ་རེ་ཡའི་ཚྭ་གོང་འཕར་ནས་མང་ཚོགས་ཀྱིས་ཚྭ་འབེལ་ཉོ་བྱེད་པའི་སྣང་ཚུལ་བྱུང་འདུག  དེ་བཞིན་རྒྱལ་ནང་དུའང་ས་ཁུལ་ཁ་ཤས་ཀྱིས་བཟའ་ཚྭ་འཕྲོག་རེས་བྱེད་པའི་སྣང་ཚུལ་ཐོན། དེའི་ཐད་ཧོའུ་ཀྲུའུ་འགྲིམ་འགྲུལ་སྡེ་ཚོགས་ཀྱི་མཚོ་སྔོན་རོགས་སྐྱོར་ལས་གཞིའི་འགན་འཁུར་བ་ཝུ་ཅོན་གྱིས་བསྟན་དོན། མཚོ་སྔོན་གྱི་ཚྭ་ཁ་ཚྭ་མཚོའི་ད་ཡོད་ཚྭ་ཡིས་རྒྱལ་ཡོངས་མི་དམངས་ལ་ལོ་ངོ་བདུན་ཅུར་འདང་ཞིང་། ཚྭ་ཁ་ཚྭ་མཚོའི་ཚྭ་ནི་སླར་སྐྱེས་ཐོན་ཁུངས་ཡིན་པ་དང་། དེ་ནི་ཁུ་ནུ་རི་རྒྱུད་དང་མདོ་ལ་རི་རྒྱུད་བར་གྱི་ཚྭ་མཚོ་ཞིག་ཡིན་པས་མཚོ་ཁོངས་ལ་འབྲེལ་བ་ཅུང་ཙམ་ཡང་མེད་ཅེས་བརྗོད་འདུག     

༡.png

གཞན་སྤྱི་ཚེས24ཉིན།  ས་གནས་མང་པོའི་ཚྭ་ལས་སྡེ་ཚོགས་ཀྱིས་ཚྭ་འབེལ་ཉོ་བྱེད་དགོས་དོན་མེད་ཅེས་བྲེལ་མྱུར་འབོད་བརྡ་བཏང་ཡོད། ཀྲུང་གོ་བཟའ་ཚྭ་སྡེ་ཚོགས་ཀྱིས་བཟའ་ཚྭ་ཚོང་རའི་མཁོ་འདོན་འགན་སྲུང་བྱེད་པའི་སྐོར་གྱི་གསལ་བསྒྲགས་སྤེལ་ཏེ། རང་རྒྱལ་གྱི་བཟའ་ཚྭའི་འབྱུང་ཁུངས་གཙོ་བོ་དེ་རིགས་གསུམ་དུ་བགར་ཆོག  གཏེར་དོང་ཚྭ་དང་མཚེའུ་ཡི་ཚྭ། རྒྱ་མཚོའི་ཚྭ་བཅས་ཡིན།   མིག་སྔར་རང་རྒྱལ་གྱི་བཟའ་ཚྭའི་ཐོན་རྫས་ཁྲོད87%ཡན་ནི་གཏེར་དོང་ཚྭ་ཡིན་པ་དང་། རྒྱ་མཚོའི་ཚྭ་ནི10%དང་མཚེའུ་ཡི་ཚྭ་ནི3%ཡིན། གཏེར་དོང་ཚྭ་དང་མཚེའུ་ཡི་ཚྭ་ཚང་མར་ལྗར་པན་ཉིང་རྡུལ་བཙོག་ཆུ་ཡི་ཤུགས་རྐྱེན་མི་ཐེབས་ཞེས་བསྟན།

༢.png

ཀྲུང་གོ་བཟའ་ཚྭ་སྡེ་ཚོགས་ནི་འཛམ་གླིང་གི་ཆེས་ཆེ་བའི་བཟའ་ཚྭ་ཐོན་སྐྱེད་ཁེ་ལས་ཡིན་པ་དང་།  བཟའ་ཚྭའི་ཐོན་སྐྱེད་ནུས་པ་ལོ་རེར་ཏུན་ཁྲི1000ལས་བརྒལ་ཡོད། དེའི་ཁྲོད་གཏེར་དོང་ཚྭ་ཡིས95%ཟིན་པ་དང་།  མཚེའུ་ཡི་ཚྭ་ཡིས4%ཟིན།  རྒྱ་མཚོའི་ཚྭ་ཡིས་བརྒྱ་ཆ1%ཟིན། ཀྲུང་གོ་བཟའ་ཚྭ་སྡེ་ཚོགས་ལ་རྒྱལ་ཡོངས་སུ་འཐུས་སྒོ་ཚང་བའི་ཐོན་སྐྱེད་ཕྱིར་འཚོང་གི་ཁེ་ལས་གྲུབ་སྟངས་ཡོད་པ་དང་། བཟའ་ཚྭ་གྲབས་གསོག་ཀྱང་འདང་ངེས་ཡོད།


མཉམ་སྤྱོད།