དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-29 08:40:58   |   3995

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།   རིན་ཆེན་ཚེ་རིང་། 


000.jpg

གསར་འགྱུར་གལ་ཆེན།

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རགས་བཤད》ཀྱི་སློབ་དེབ་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་རྒྱུ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པས་ཚེས28ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

1.jpg

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་སྟོན་འབྲུའི་རྒྱ་ཁྱོན་བརྟན་པོའི་ངང་འཕར་བ་དང་སྔོན་དཔག་བྱས་ན་མུའུ་དུང་ཕྱུར་13ལས་བརྒལ་ཡོད་པ་རེད།

  • ཚེས28ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་མི་སྒེར་གྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་རྒྱུན་མཐུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས2027ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་ཚེས28ཉིན་ཁྱབ་བསྒྲགས་བྱས་དོན། ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ནང་གི་ཆེས་འགངས་ཆེན་སྟེ། དབྱིབས་རྒྱ་ཡིག་གི“几”དང་མཚུངས་བའི་རྨ་ཆུའི་ཁུགས་སོའི་འགག་སྒྲོལ་དམག་འཐབ་དངོས་སུ་སྤེལ་མགོ་ཚུགས་པ་རེད།

  • སྐྱེ་ཁམས་ཁོར་ཡུག་པུས་བརྡ་ཁྱབ་བཏང་བར་གཞིགས་ན། རང་རྒྱལ་གྱི་ཤིང་དམར་ནགས་ཚལ་གྱི་རྒྱ་ཁྱོན་རྒྱུན་མཐུད་ངང་འཕར་ནས་འཛམ་གླིང་ཐོག་གི་ཤིང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་འགྲོ་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

  • ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན8157ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི11674ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ལག་བསྟར་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ནས་འཕྲོད་སྦྱོར་བཟའ་བཅའི་འཕྲོད་སྦྱོར་ནུས་པར་རིགས་དབྱེའི་གདེང་འཇོག་དང་རིམ་པ་དབྱེ་ནས་གསལ་འགོད་བྱ་རྒྱུ་རེད།

2.jpg

  • ཚེས28ཉིན། རང་བྱུང་ཐོན་ཁུངས་པུས2023ལོའི་པར་གཞིའི་ཚད་ལྡན་ས་བཀྲ་ཁྱབ་བསྒྲགས་བྱས་པ་རེད།

  • ཕྱི་འབྲེལ་པུས་ཚེས30ཉིན་ནས་བཟུང་། ཀྲུང་གོར་ཡོང་མཁན་གྱིས་རྒྱལ་ཁོངས་སུ་མ་འཛུལ་གོང་གི་ཏོག་དབྱིབས་ནད་དུག་ཉིང་སྐྱུར་རམ་ཡང་ན་གདོད་འགོག་ཞིབ་དཔྱད་ཚད་ལེན་བྱེད་མི་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ཀྲེ་ཅང་། ཧྥུའུ་ཅན་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད།

  • ཉིན་ཤས་གོང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ལས་བཟོའི་དཀའ་ངལ་ཡོད་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར9.6བཏང་ནས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • ཚེས28ཉིན། རྒྱལ་ཁབ་ཀྱིས་སྨན་རྫས་མཉམ་འབྲེལ་ཉོ་སྒྲུབ་གཞུང་ལས་ཁང་སྒྲིག་འཛུགས་བྱས་ནས་སྤྱི་བསྒྲགས་སྤེལ་དོན། ཁག་དགུ་པའི་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་སྨན་རྫས་ཆ་འཕྲིན་རེའུ་མིག་འབྲི་བའི་ལས་དོན་སྤེལ་བ་རེད།

  • ཀུའེ་ཀྲོའུ་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་སུན་ཀྲི་ཀང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀྲུང་གོ་དྲ་སྦྲེལ་ཆ་འཕྲིན་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཟླ6པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་10.79ཟིན་པ་དང་དྲ་སྦྲེལ་ཁྱབ་གདལ་གཏོང་ཚད76.44%ཟིན་ཡོད།

  • པེ་ཧའེ་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་དང་། ཚེས29ཉིན་གྱི་ཆུ་ཚོད10པ་ནས14བར་དང་། ཚེས30ཉིན་གྱི་ཆུ་ཚོད12ནས15བར། ཚེས31ཉིན་གྱི་ཆུ་ཚོད14པ་ནས17བར་བྱང་རྒྱུད་མཚོ་ཁུག་མཚོ་ཁོངས་སུ་མེ་མདའ་དངོས་སུ་བརྒྱབ་ནས་སྦྱོང་བརྡར་བྱེད་ཀྱིན་ཡིན་པས་གྲུ་གཟིངས་བསྐྱོད་མི་ཆོག

  • ཧྲེན་ཀྲེན་འགག་སྒོས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ1པོ་ནས7པའི་བར་ཧྲེན་ཀྲེན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི2.01ཟིན།  དུས་མཚུངས་ལས5%འཕར་ཡོད། དེའི་ནང་། ཕྱིར་གཏོང་བྱེད་ཚད་ལོ30ལབསྟུད་མར་ནང་ལོགས་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད་པ་རེད།  

3.jpg

  • མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཤར་ཡ་མ་ཁོག་པུའི་གནའ་ཤུལ་ནས་ཆིན་རྒྱལ་རབས་ཀྱི་བང་སོ3228རྙེད་པ་རེད།

4.png

  • ཉེ་ཆར། མེ་གླིང་གི་བྱ་ཧུང་ཧོན་ཞིག་ཀོང་ཞི་ནན་ཉིང་དུ་མངོན། 2012ལོར་མེ་གླིང་གི་བྱ་ཧུང་ཧོན་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་གཞུང་དམར་པོའི་ནང་བཅུག་པ་རེད།

5.gif

  • ཉེ་ཆར། ཀྲེ་ཅང་ཧྲའོ་ཞིང་གི་རྒན་རྒོན་ཞིག་གློ་བུར་དུ་ཀླད་རྩ་འགག་པ་དང་། གཞོགས་འདེགས་ཉེན་རྟོག་པ་ཁྲེན་ཧྲན་ཧྲན་གྱིས་གནས་ཚུལ་མཐོང་ནས་སྐར་མ་30ལྷག་ཙམ་ལ་རོགས་སྐྱོར་བྱས། མིག་སྔར་རྒན་རྒོན་ལ་སྐྱོན་ཆེན་པོ་མེད་པ་རེད།

སྲིད་ཇུས། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་ཕྲུ་གུ་དམར་འབྱར་གྱི་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་རྣམ་གྲངས་ལག་བསྟར་ས་ཁོངས་རྒྱ་ཆེར་བཏང་། 2025ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་རྒྱུ་རེད།

  • མཚོ་སྔོན་གྱིས་སྲོལ་ཡིག་ཁྱབ་བསྒྲགས་བྱས་ནས་རྫོང་རིམ་པ་ཡན་གྱི་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་། དམངས་སྲིད། སྨན་བཅོས་འགན་ལེན་སོགས་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་པའི་ཐུམ་འབུའི་ནད་ཕོག་མཁན་དང་དེའི་ཁྱིམ་ཚང་ལ་སྨན་བཅོས་དང་འཚོ་བའི་རོགས་སྐྱོབ་བྱེད་དགོས།

  • ཅང་སུའུ་ཡིས་བརྡ་ཐོ་བཏང་དོན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལས་ཞུགས་ལས་གཏོད་བྱས་པའི་དབང་གིས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་བརྒལ་རིགས་ལ། རྩ་དོན་ཐོག་ཟླ་བ་དྲུག་ལས་མི་བརྒལ་བའི་རིམ་བཞིན་ཕྱིར་འཐེན་བྱེད་པའི་དུས་ཚོད་སྤྲོད་དགོས།

དེ་རིང་གི་གནམ་གཤིས།

6.jpg

  • ལེའོ་ཉིང་ཤར་རྒྱུད་དང་། ཅི་ལིན་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅང་སུའུ་ཤར་ལྷོའི་རྒྱུད། ཧྲང་ཧའེ། ཀྲེ་ཅང་། ཧྥུའུ་ཅན་དབུས་ཤར་རྒྱུད། ཀོང་ཏུང་ཤར་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།