དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཞྭ་དམར་ཁོག་གནའ་ཤུལ་ནས་ཆིན་རྒྱལ་རབས་སྔོན་གྱི་དུར་ས3238རྙེད།

2023-08-29 11:10:32   |   1321

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭའི་མཐོང་སྣེ་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


3.jpg

གསར་འགོད་པས་ཟླ8པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཞྭ་དམར་ཁོག་གནའ་ཤུལ་རྟོག་ཞིབ་དང་སྔོག་འདོན་ལ་གྲུབ་འབྲས་གསར་པ་ཐོབ་པ་སྟེ། གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་གིས་གནའ་རྫས་རྟོག་ཞིབ་དང་། རྩད་ཞིབ། སྔོག་འདོན་བཅས་བྱས་པ་བརྒྱུད་གནའ་ཤུལ་དེའི་ས་ཁུལ་གསུམ་དུ་ཁྱོན་སྡོམ་དུར་ས3238ཡོད་པ་ཤེས་རྟོགས་བྱུང་། གནའ་རྫས་རྟོག་ཞིབ་ཀྱི་ཆེད་མཁས་པས་དེ་ནི་མིག་སྔར་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་གྱི་ཆིན་རྒྱལ་རབས་སྔོན་གྱི་དུས་སྐབས་ཀྱི་དུར་ས་ལས་གྲངས་འབོར་ཆེས་མང་ཤོས་ཀྱི་དུར་ཚོགས་ཡིན་པའི་ངོས་འཛིན་བྱས།

1.jpg

ཞྭ་དམར་ཁོག་གནའ་ཤུལAཁུལ་གྱི་དུར་སའི་ཁྱབ་ཚུལ་རི་མོ། བཅར་འདྲི་དང་ལེན་བྱེད་མཁན་གྱིས་རི་མོ་མཁོ་འདོན་བྱས་པ།

ཞྭ་དམར་ཁོག་གནའ་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་བྲག་ལུང་ཞང་དུ་ཡོད། དེ་ནི་སྡོད་ཁུལ་ཡོད་ལ་དུར་སའང་ཡོད་པའི་ནུའོ་མུའུ་ཧུང་རིག་གནས་ཀྱི་གཅིག་བསྡུས་ཁུལ་ཆེ་ཤོས་ཤིག་ཡིན་པ་དང་། ལོ་རབས་ནི་སྤྱི་ལོའི་གོང་གི1500ནས་སྤྱི་ལོའི་གོང་གི་ལོ1000བར་ཡིན་ཏེ། ཀྲུང་ཡོན་ས་ཁུལ་གྱི་ཧྲང་ཀྲོའུ་དུས་སྐབས་དང་དུས་མཉམ་ཡིན། 

2021ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ་ཞྭ་དམར་ཁོག་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས། གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཀྱི་འགན་འཁུར་བ་ཏུའུ་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོའི་ལོ་འཁོར་གྱི་སྔོག་འདོན་རྒྱ་ཁྱོན་ལ་སྨི་ངོས་གྲུ500ཡོད་པ་དང་། རྩད་ཞིབ་དང་ཚོད་ལྟའི་སྔོག་འདོན་ཟུང་འབྲེལ་བྱས་པ་བརྒྱུད་གནའ་ཤུལ་གྱི་སྤྱིའི་རྒྱ་ཁྱོན་དང་ནུས་པའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས། སྡོད་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི7ཙམ་ཡོད་པ་དང་། དེ་ལས་རྡོ(མཁར)རྩིག་དང་། ཁང་པའི་རྨང་ཤུལ།(ཟངས)ལུགས་མའི་ཤུལ་བཞག་སོགས་གནའ་ཤུལ་གལ་ཆེན་རྙེད་ཡོད།

དེ་ལས་གཞན།  གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་གིས་གནའ་ཤུལ་དུར་སའི་ཁུལ་གསུམ་རྙེད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི12ཡོད་ལ། ཁྱོན་སྡོམ་དུར་ས3238ཡོད། ད་ལྟ་སྔོག་འདོན་བྱས་ཟིན་པ52ཡོད།  “མིག་སྔར་རྫ་ཆས་དང་། ཟངས་ཆས། རྡོ(གཡང་ཊི)ཆས། རུས་ཆས། ཤིང་ཆས། འཐག་དངོས། མི་རུས། སྲོག་ཆགས་དང་རྩི་ཤིང་བཅས་གནའ་ཤུལ་འབོར་ཆེན་རྙེད་པས། ནུའོ་མུའུ་ཧུང་རིག་གནས་ཀྱི་ཞིབ་འཇུག་ལ་དངོས་པོའི་དཔྱད་གཞི་འབོར་ཆེན་མཁོ་འདོན་བྱས་ཡོད”ཅེས་ཏུའུ་ཝེ་ཡིས་བཤད།

2.jpg

ཞྭ་དམར་ཁོག་གནའ་ཤུལAཁུལ་གྱི་དུར་ས་ནས་ཟངས་གླང་ཐོན། བཅར་འདྲི་དང་ལེན་བྱེད་མཁན་གྱིས་རི་མོ་མཁོ་འདོན་བྱས་པ།

ཟླ8པའི་ཚེས25ཉིན། ཞྭ་དམར་ཁོག་གནའ་ཤུལ་དུ་ཆེད་མཁས་པས་ཡུལ་དངོས་ཞིབ་བཤེར་རྩིས་ལེན་དང་བློ་འདྲིའི་ཚོགས་འདུ་འཚོགས། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོ་ཝེ་ཡིས“ད་ཐེངས་སྔོག་འདོན་གཏན་འཁེལ་བྱས་པའི་དུར་ཚོགས་ཆེ་གྲས་དང་རྙོག་འཛིང་ཆེ་བའི་དུར་སྦས་བྱེད་སྟངས་ལས་ཚྭ་འདམ་གཤོང་སའི་ལོ་རྒྱུས་ཡུན་རིང་ལྡན་པ་ར་སྤྲོད་བྱས་པ་དང་། མཚོ་བོད་ས་མཐོའི་ཤེས་ཡོན་ལོ་རྒྱུས་ཕུན་སུམ་ཚོགས་པར་གཏོང་བར་དོན་སྙིང་གལ་ཆེན་ལྡན།”ཞེས་བཤད། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཧྲེ་ཁྲེང་གིས“གནའ་ཤུལ་དེའི་གལ་ཆེའི་རང་བཞིན་དང་རིག་གཞུང་གི་དོན་སྙིང་ནི། དེ་ཡིས་ནུའོ་མུའུ་ཧུང་རིག་གནས་ཀྱི་ངོ་བོ་དང་། ལོ་རབས། འབྱུང་ཁུངས་བཅས་ཀྱི་གནད་དོན་གསལ་པོར་བཟོ་ཐུབ་པ་མ་ཟད། ཤེས་རྟོགས་བྱུང་བའི་འདུས་སྡོད་ཀྱི་གནའ་ཤུལ་དང་གྲངས་འབོར་མང་བའི་དུར་ས་ནི་སྔ་རབས་མི་རྣམས་ཀྱིས་མཚོ་བོད་ས་མཐོ་གསར་སྤེལ་དང་རིག་གནས་བརྗེ་རེས་མཉམ་འདྲེས་བྱས་པའི་དཔང་རྟགས་གལ་ཆེན་ཞིག་རེད”ཅེས་བཤད། 

ནུའོ་མུའུ་ཧུང་རིག་གནས་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལི་ཆས་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཤིག་ཡིན་པ་དང་། གཙོ་བོ་ཚྭ་འདམ་གཤོང་ས་དང་དེའི་མཐའ་འཁོར་ས་ཁུལ་དུ་ཁྱབ་ཡོད། ཞྭ་དམར་ཁོག་གནའ་ཤུལ་དེ་ནུའོ་མུའུ་ཧུང་རིག་གནས་ཀྱི་དཔེ་མཚོན་ཞིག་ཡིན་པའི་ངོས་ནས་ཤུལ་བཞག་དངོས་རྫས་ཕུན་སུམ་ཚོགས་པ་དང་། ཉར་ཚགས་བྱས་པ་ཅུང་ལེགས་པས་སྔོག་འདོན་གྱི་རིན་ཐང་ཆེན་པོ་ལྡན་ནོ། །


མཉམ་སྤྱོད།