དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་མཛེས་ལྗོངས།

2023-08-29 11:40:02   |   3935

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


9999999.jpg

༡.jpg

ཟླ8པའི་ཚེས20ཉིན། རྒྱལ་ཁབ་རྨ་ཆུའི་ལྟེ་གནས་ཀྱི་ཆེད་མཁས་པའི་ལས་དོན་ཚན་ཆུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་སུ་བསྐྱོད་དེ་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་བཅར་འདྲི་བྱས་པ་རེད། 

རྨ་ཆུའི་མགོ་ཁུངས་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་ཆགས་ཤིང་དེ་ནི་རྨ་ཆུའི་འབྱུང་ཁུངས་ཡིན། ཡངས་ཤིང་རྒྱ་ཆེ་ལ་ཁྱད་མཚར་ལྡན་པའི་ས་གཞི་འདིའི་སྟེང་དུ་མཐོ་གྲང་སྤང་ས་དང་། མཐོ་གྲང་རྩྭ་ཐང་། མཐོ་གྲང་རླན་ས་བཅས་ཕན་ཚུན་འདྲེས་ནས་ཁྱབ་ཡོད་པས། ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོའི་ནུས་པ་ལྡན། གཞན་ཡང་ཁྱབ་ཁོངས་དེ་རུ་ཕུན་སུམ་ཚོགས་པའི་མཐོ་སྒང་གི་ཁྱད་ལྡན་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཡོད་པས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་རྒྱུན་འཁྱོངས་དང་བརྟན་བརླིང་རང་བཞིན་ཡོང་བར་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོ་རིང་དང་མཚོ་སྐྱ་རིང་། ཨ་མྱེས་རྨ་ཆེན་འཁྱག་རོམ་བཅས་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་གྲུབ་ཅིང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་མ་ལག་རྒྱུན་འཁྱོངས་བྱེད་པར་ཚབ་བྱེད་མི་ཐུབ་པའི་ནུས་པ་ལྡན་པ་རེད། །

༢.jpg

པར་འདི་ནི་ཟླ8པའི་ཚེས20ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་པར་བླངས་པའི་རི་དྭགས་རྐྱང་ཡིན། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཡིན། 

༣.jpg 

པར་འདི་ནི་ཟླ8པའི་ཚེས20ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཀྱི་རྨ་ཆུའི་ཆུ་ལག་ཡིན།

༤.jpg

པར་འདི་ནི་ཟླ8པའི་ཚེས20ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་པར་བླངས་པའི་བྱ་རྒོད་ཡིན། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། རྒྱུན་དུ་ཁེར་རྐྱང་དུ་འདུག་པ་དང་ཁྱུ་ཚོགས་ཆུང་ཆུང་བྱས་ནས་འདུག་པར་ཡང་དགའ།

༥.jpg

པར་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་སུ་པར་བླངས་པའི་ཁྲུང་ཁྲུང་སྐེ་ཁྲ་ཡིན། “འཛམ་གླིང་སྟེང་འཕུར་ཚད་ཆེས་མཐོ་བའི་འདབ་ཆགས”ཀྱི་གྲས་ཤིག་ཅེས་འབོད་ཀྱིན་ཡོད། ཁྲུང་ཁྲུང་སྐེ་ཁྲའི་འཕུར་ཚད་ཆེས་མཐོ་བ་སྨི9000ཟིན་ཞིང་། ཐད་ཀར་དུ་ཧི་མ་ལ་ཡའི་རི་རྩེར་སླེབས་ཐུབ།

༦.jpg

པར་འདི་ནི་ཟླ8པའི་ཚེས20ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མཚོ་སྐྱ་རིང་ནང་དུ་རྩེད་འཇོར་རོལ་བའི་ཆུ་བྱ་ཡིན་ཞིང་། རླན་ས་འདི་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རླན་ས་ཡིན་པར་མ་ཟད། རྨ་ཆུའི་མགོ་ཁུངས་ཀྱི་གསོ་སྐྱོང་ཁུལ་གཙོ་བོ་ཡང་ཡིན།

༧.jpg

པར་འདི་ནི་ཟླ8པའི་ཚེས20ཉིན་དགོ་བ་ཁྱུ་ཞིག་མཐོ་གྲང་སྤང་ལྗོངས་སུ་རྒྱུག་བཞིན་པའི་ཚུལ་རེད། སྲོག་ཆགས་རིགས་འདི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་ཡིན་ལ། མཚོ་བོད་མཐོ་སྒང་དུ་ཁྱད་དུ་ཡོད་པའི་སྲོག་ཆགས་རིགས་ཡིན་པས“བོད་ལྗོངས་ཀྱི་དགོ་བ”ཞེས་འབོད་ཀྱིན་ཡོད།


མཉམ་སྤྱོད།