དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-30 08:20:33   |   5376

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


000.jpg

གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་པེ་ཉིང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕ་ཐེ་ལི་སི•ཨ་ཐ་ན་སི•ཅི་ཡའོ་མུའུ•ཐ་ལུང་གིས་ཟླ8ཚེས31ཉིན་ནས་ཟླ9ཚེས3ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧོ་ཐའོ་ཧྲེན་ཀང(河套深港)ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཧྲེན་ཀྲེན་གླིང་ཁུལ་འཕེལ་རྒྱས་འཆར་འགོད》པར་འགྲེམས་བྱས་པ་རེད། 

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས7པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར477160.7ཟིན་པ་དང་། དུས་མཚུངས་ལས4.3%འཕར་ཡོད་པ་རེད། 

  • སློབ་གསོ་པུས་ཡིག་ཆ་བཀྲམ་ནས་ཧྲང་ཧའེ་དང་ཧྲན་ཏུང་སོགས་ས་ཁུལ10རུ་རྒྱལ་ཁབ་ཀྱི་རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད། 

  • རྒྱལ་ཁབ་པར་དབང་ཅུ་སོགས་སྡེ་ཚན་བཞིས་ཟླ8པ་ནས་ཟླ11པའི་བར་མཉམ་འབྲེལ་ཐོག་དྲ་རྒྱའི་དབང་ཆར་བཙན་གནོད་དང་པར་དབང་རྐུ་སྤྱོད་ལ་རྡུང་རྡེག་གཏོང་བའི“དྲ་བའི་རལ་གྲི2023”གྱི་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད། 

1.jpg

  • ཀྲུང་གོ་རྡོ་སྣུམ་གྱིས་ཚེས29ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་སྣུམ་ཞིང་ཆེ་ཤོས་ཏེ་ཁྲང་ཆིང(长庆)སྣུམ་ཞིང་ནས་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར6000ལྷག་ཙམ་ཐོན་སྐྱེད་བྱས་པ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་བསྟན་དོན། ཟླ8ཚེས30ཉིན་ནས་བཟུང་ངོགས་གཉིས་འགྲོ་འོང་དང་དེ་བཞིན་ཐའེ་དབན་བར་བརྒྱུད་བྱས་ཏེ་སྐམ་ས་ཆེ་མོར་ཡོང་བའི་མི་སྣས་གདོད་འགོག་གམ་ཡང་ན་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་མི་དགོས། 

2.jpg

  • ཕྱི་འབྲེལ་པུས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བ་དེ་རྒྱ་མཚོའི་ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས། ཉི་ཧོང་གཅིག་པུའི་སྒེར་དོན་ཞིག་གཏན་ནས་མིན་ལ། རྒྱལ་ཁབ་རེ་གཉིས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ཆོག་འཐུས་བྱེད་ཆོག་པ་ཞིག་ཀྱང་མིན་ཞེས་གསུངས་པ་རེད། 

3.jpg

  • ཚེས29ཉིན། དོམ་ཁྲ“ཡུས་ཡུས”དང“ཧྲིན་ཡུས”མ་ལེ་ཞི་ཡ(马来西亚)ནས་རང་རྒྱལ་དུ་ཕྱིར་ལོག་བྱས་པ་རེད། 

སྤྱི་ཚོགས། 

4.jpg

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་ཞུས་ཤིང་། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང9པ “སུའུ་ལ” དེ་ཟླ8ཚེས31ཉིན་ལྷོ་རྒྱ་མཚོའི་བྱང་ཤར་རྒྱུད་ཀྱི་མཚོ་ངོས་སུ་སྤོ་རྒྱུ་མ་ཟད། ཀོང་ཏུང་ཤར་རྒྱུད་ནས་ཧྥུའུ་ཅན་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དུ་རིམ་བཞིན་སླེབས་རྒྱུ་རེད། 

  • ཧོ་ནན་ཨན་དབྱང(河南安阳)གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི“11·21”མེ་སྐྱོན་ལས་འཛོལ་ཚབས་ཆེན་ལ་བརྟག་དཔྱད་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས། 

  • ཧོ་ནན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཧྲིང་ཀྲང་གཞོན་པ་སུན་ཧྲོའུ་ཀང་ལ་ཨན་དབྱང་གི“11·21”མེ་སྐྱོན་གྱི་ལས་འཛོལ་ཚབས་ཆེན་ཐོན་པར་འགན་འཁྲི་བདའ་འདེད་བཏང་བ་རེད། 

  • ནང་སོག་ཨ་ལ་ཧྲན་ཤིན་ཅིན་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སིའི་མཐོངས་ཡངས་རྡོ་སོལ་གཏེར་ཁའི“2·22”རི་ཉིལ་བའི་ལས་འཛོལ་ཚབས་ཆེན་ལ་བརྟག་དཔྱད་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས། 

  • ཀྲུང་དབྱང་གི་དོ་དམ་ལས་བྱེད་པ་མི2ལ་ནང་སོག་ཨ་ལ་ཧྲན་ཤིན་ཅིན་རྡོ་སོལ་ལས་རིགས་ཀྱི་མཐོངས་ཡངས་རྡོ་སོལ་གཏེར་ཁ“2·22”ཡི་རི་ཉིལ་བའི་ལས་འཛོལ་ཚབས་ཆེན་ཐོན་པའི་འགན་འཁྲི་བདའ་འདེད་བཏང་བ་རེད། 

  • ནང་སོག་ཧུའུ་ལུན་པེར་འབྲིང་རིམ་ཁྲིམས་ཁང་གིས་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཅང་གོ་ཝུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཅང་གོ་ཝུན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། 

  • ཟླ8ཚེས29ཉིན་ནས་བཟུང་། ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་གྲོང་ཚོས(杭州亚运村)བསྟུད་མར་ཉིན་གཉིས་ལ་བརྒྱུད་རིམ་ཧྲིལ་པོ་དང་རྒྱུ་རྐྱེན་གཙོ་བོའི་དངོས་འཐབ་ནང་སྦྱོང་བྱ་རྒྱུ་ཡིན་པ་རེད། 

  • ཧྲན་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཐ་ཚིག་བསྒྲགས་ནས་ཟླ8ཚེས30ཉིན་གྱི་ཆུ་ཚོད0ནས་ཚེས31ཉིན་གྱི་ཆུ་ཚོད18བར་ཧོང་ཧེ་ཡི་མཚོ་ཁོངས་ཁག་གཅིག་ཏུ་དངོས་སུ་མེ་མདའ་འཕེན་གཏོང་བྱས་ནས་མཚོ་འགྲུལ་གཏན་འགོག་བྱ་རྒྱུ་རེད། 

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་སྤ་སེ་ཧམ་ཚོང་རྒྱག་པའི་ཚོགས་པ་གཉིས་མེད་པ་བཟོས་པ་དང་། མི16ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས། 

5.png

  • ཀོང་ཤིའི་ཅིག་བན་རི་བོའི་སྲུང་སྐྱོང་ཁུལ་དུ“ཕྱེ་ལེབ་རྒྱལ་མོ”སྟེ་གསེར་ཁྲ་རྟགས་ཅན་གྱི་ཕྱེ་ལེབ་ཐོག་མར་གསར་རྙེད་བྱུང་ཡོད། 

སྲིད་ཇུས། 

  • ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སྤྱི་བསྒྲགས་སྤེལ་ནས་རྒྱང་རིང་རྒྱ་མཚོའི་གྲུ་པའི་མི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དེ2027ལོའི་ཟླ12ཚེས31ཉིན་བར་ཡིན་པ་རེད། 

  • བཟོ་འཕྲིན་པུས་ཡིག་ཆ་བཀྲམ་ནས་ཐུམ་སྒྲིལ་རྒྱག་ཐལ་ཤོར་བ་ཚོད་འཛིན་བྱས། དེའི་ནང་། ཇའི་ཐུམ་སྒྲིལ་ཕྱི་ཤུན་གྲངས་འབོར་དེ“རིམ་པ་གསུམ་ལས་མི་བརྒལ་བར”ལེགས་སྒྲིག་བྱ་རྩིས་ཡོད་པ་རེད། 

  • ཀོང་ཤིས་ཀྱིས2024ལོའི་ལོ་འཁོར་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་ཁ་གསལ་བཟོས་པ་དང་། མི་རེར་ལོ་རེར་སྒོར380ལས་མི་དམའ་བ་བྱ་རྒྱུ་རེད། 

དེ་རིང་གི་གནམ་གཤིས། 

6.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། སུའུ་ཝན་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཧྥུའུ་ཅན་གྱི་དབུས་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།  དེའི་ནང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅང་སུའུ་ཡི་ལྷོ་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཐའེ་དབན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།