དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་མངའ་རིས་ཀྱི་དངོས་མང་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ།

2023-08-29 16:33:27   |   1349

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


9999999.jpg

བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པ་མགོ་བརྩམས་པ་དང་བསྟུན། ཟླ8པའི་ཚེས23ཉིན། མངའ་རིས་དངོས་མང་བཤམས་སྟོན་ཁང་ཡང་དངོས་སུ་སྒོ་ཕྱེ་བ་དེས་མངའ་རིས་ས་ཁུལ་དུ་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་མེད་པའི་སྟོང་ཆ་བསྐངས་པར་མ་ཟད། སེང་གེ་ཁ་འབབ་གྲོང་རྡལ་གྱི་ལོ་རྒྱུས་ནང་དོན་གཏིང་ཟབ་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པའི་མི་ཆོས་གྲོང་ཁྱེར་བཏོད་པར་གསོན་ཤུགས་བསྣན།

༡.jpg

༢.jpg

ངོ་སྤྲོད་བྱས་པ་ལྟར་ན། མངའ་རིས་དངོས་མང་བཤམས་སྟོན་ཁང་ནང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ5956.34ཟིན་ཞིང་། བསྡོམས་པས་འགྲེམ་ཁུལ་བདུན་ཡོད་དེ། མངའ་རིས་རང་བྱུང་ས་གཤིས་དང་གནའ་སྔ་མོའི་རིག་གནས། ཐོག་མའི་ལྕགས་རིགས་དུས་རབས(ཞང་ཞུང་ཤེས་རིག) ། གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ་རིག་གནས་དང་གཟུགས་འདས་སྲུང་སྐྱོང་། མངའ་རིས་ཕུལ་བྱུང་ལོ་རྒྱུས་མི་སྣ་བཅས་ཀྱི་བརྗོད་དོན་ཚུད་པས། ཕྱོགས་བསྡུས་ངང་མངའ་རིས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས་མངོན་ཡོད་ཅིང་། ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སློབ་གསོ། བོད་ལྗོངས་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས་སློབ་གསོ་སྤེལ་གནས་དུ་གྱུར་ནས། མི་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་བྱས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་འཛུགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་སློབ་གསོ་སྤེལ་སའི་གནས་ཤིག་ཏུ་གྱུར་ཡོད།

༣.jpg

༤.jpg

དངོས་མང་བཤམས་སྟོན་ཁང་སྒོ་ཕྱེ་བའི་ཉིན་དང་པོར་གྲོང་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

༥.jpg

དབྱངས་སྐྱིད་ཀྱིས་ཡུན་རིང་དུ་མངའ་རིས་ས་ཁུལ་དུ་རིག་གནས་གནས་སྐོར་ལས་དོན་གཉེར་བཞིན་ཡོད་ལ། དངོས་མང་བཤམས་སྟོན་ཁང་སྒོ་ཕྱེ་བའི་ཉིན་དང་པོར་མོས་རང་གི་ལོ4ལ་ལོན་པའི་བུ་མོ་ཁྲིད་ནས་དེར་ལྟ་སྐོར་དུ་ཡོང་། བུ་མོས་བཏོན་པའི་དྲི་བ་ཚང་མར་མོས་བཟོད་བསྲན་ལྡན་པའི་ངང་ནས་ལན་བཏབ་པ་རེད།  


མཉམ་སྤྱོད།