དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་སྒྲིག་རྩོམ་བྱ་བའི་ཚོགས་འདུ་འཚོགས།

2023-08-30 17:07:12   |   435

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


3.jpg

2023ལོའི་ཟླ8པའི་ཚེས30ཉིན། 《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》སྒྲིག་རྩོམ་བྱ་བའི་ཚོགས་འདུ་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སུ་འཚོགས།

1.jpg

ཚོགས་ཐོག་ཏུ་སྒྲིག་རྩོམ་བྱ་བའི་གལ་ཆེན་རང་བཞིན་དང་། དུས་ཐོག་རང་བཞིན་ནན་གྱིས་བསྟན་ཅིང་། སྒྲིག་རྩོམ་ཐད་དུ་བླང་བྱ་ནན་མོ་བཏོན་པ་མ་ཟད།  ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ལ་སྒྲིག་རྩོམ་བྱ་བ་ལས་བགོས་བྱས་པ་དང་། ལས་འགན་ལེགས་འགྲུབ་ཀྱི་དུས་རིམ་གསལ་བར་བསྟན་ཏེ། སྒྲིག་རྩོམ་དམིགས་འབེན་འགན་འཁུར་ཡི་གེའི་སྟེང་གྲོས་མཐུན་མིང་རྟགས་བཀོད།

 དེ་ལས་གཞན།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་དང《མའོ་ཙེ་ཏུང་གི་རྟོགས་བརྗོད》སོགས་དཔེ་ཆ་འབུལ་བའི་མཛད་སྒོའང་དུས་མཉམ་དུ་བསྡུས།

666.jpg

    མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱི་མགོ་ཁྲིད་དང་རྐང་འཛིན་ལས་བྱེད་པ་ཚོགས་འདུར་ཞུགས།


མཉམ་སྤྱོད།