དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-31 08:42:38   |   1746

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


000.jpg

གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་སི་ཁྲོན་ལེང་ཧྲན་ཁུལ་ཅིན་དབྱང་རྫོང་གི་ཆུ་ལོག་གནོད་འཚེར་མཛུབ་སྟོན་གལ་ཆེན་གནང་ནས་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་བ་དང་། ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • ལོ་སྟོད་དུ། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར119203ཟིན། དུས་མཚུངས་ལས13.3%འཕར་བ་དང་། ཞིང་ཆེན31གི་ཡོང་འབབ་དུས་མཚུངས་ལས་འཕར་བཞིན་ཡོད་པ་རེད།

  • སློབ་གསོ་པུའུ་སོགས་སྡེ་ཚན་བཅུ་ཡིས་བྱ་སྤྱོད་འཆར་གཞི་པར་འགྲེམས་བྱས་ནས་འབྱུང་འགྱུར་ལོ་གསུམ་ཡས་མས་སུ་རྒྱལ་ཡོངས་སུ་ལོ་ན་མཐོ་བའི་དགེ་རྒན་དཔུང་ཁག་ཁྲི12ཟིན་རྒྱུ་རེད།

  • ནོར་སྲིད་པུའུ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་ཚོང་ཟོག་གི་ཁྲལ་བསྡུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པར་རྒྱལ་ཡོངས་སུ་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར9.1ཟིན་པ་དང་། དུས་མཚུངས་ལས47.0%འཕར་ཡོད།

  • ད་ལོའི་ཟླ1པོ་ནས7པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི189.9ཟིན་པ་དང་། དུས་མཚུངས་ལས་4.7%འཕར་ཡོད།

1.jpg

  • ཚེས30ཉིན། རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་ཐད་ཀར་ཆིང་བཟོ་བའི་རྣམ་གྲངས་ཏེ། ཤིན་ཅང་ཁུའུ་ཁྲེ(新疆库车)ཆིང་དཔེ་སྟོན་རྣམ་གྲངས་ཕྱོགས་ཡོངས་ནས་བསྐྲུན་ནས་སྤྱོད་མགོ་ཚུགས་པ་རེད།

2.jpg

  • ཚེས30ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་ཀྲུང་གོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཐོག་མའི་ཐོན་ཡུལ་རི་པིན་ནས་ཡིན་པའི་ཆུའི་ཐོན་རྫས་ལ་ཛ་དྲག་གི་བྱེད་ཐབས་སྤྱད་པ་དེ་ནི་རྦད་དེ་ལུགས་མཐུན་དང་དགོས་ངེས་ཡིན་ཞེས་བཤད་པ་རེད།

3.jpg

  • ཚེས30ཉིན་གྱི་ཞོགས་པའི་ཆུ་ཚོད7པར་མ་ལེ་ཞི་ཡར་སྐྱེས་པའི་དོམ་ཁྲ“ཡུས་ཡུས”དང“ཧྲིན་ཡུས”བདེ་འཇགས་ངང་སི་ཁྲོན་དུ་འབྱོར་བ་དང་། གནས་ཚུལ་ལེགས་པོ་ཡིན་པས་ལོགས་བཀར་དང་ནད་ཡམས་ཞིབ་བཤེར་ཉིན30རིང་བྱ་རྒྱུ་རེད།

  • ཚེས30ཉིན། ཉིན1295རིང་སྐྱོད་མཚམས་བཞག་པའི་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་པོའི་དབར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་སླར་གསོ་བྱས་ཡོད།

སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས30ཉིན་རྒྱ་མཚོའི་རླུང་འཚུབ་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་རྒྱ་མཚོའི་རླུང་འཚུབ“སུའུ་ལ”ཟླ9ཚེས1ཉིན་གྱི་ཉིན་མོར་ཀོང་ཏུང་ཧུའེ་ལའེ(广东惠来)ནས་ཤང་ཀང་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་སྲིད།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཀོང་ཏུང་། ཧའེ་ནན་སོགས་ཞིང་ཆེན་ལ་དམིགས་ནས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས་ཡོད།

  • ཆུ་བེད་པུས་ཧྥུའུ་ཅན་དང་། ཅང་ཤིས། ཧུའུ་ནན། ཀོང་ཏུང་། ཀོང་ཤིས། ཧའེ་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས6ལ་དམིགས་ནས་ཆུ་ལོག་འགོག་སྲུང་གིIVརིམ་པའི་འཕྲལ་སྡོམ་དང་ལེན་བྱས་ཡོད།

  • ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུ་ཡི་དེ་སྔའི་ཅུ་ཀྲང་ཚུའེ་མའོ་ཧུའུ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས།

  • ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ། དབྱིན་ཁྲོན་གྲོང་ཨུའི(银川市委)དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས།

  • ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཀྲེང་ཧུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ནང་ནས་ཕུད་པ་རེད།

  • ཀྲུང་ཁྲའོ་མཉམ་འབྲེལ་འགྲན་བསྡུར་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་རུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་། ཧུའུ་པེ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • སི་ཁྲོན་གྱིས“8·21”ཆུ་ལོག་གནོད་འཚེའི་གནས་ཚུལ་བརྡ་ཁྱབ་བཏང་། མིག་སྔའི་བར། མི4རྐྱེན་ལམ་དུ་ཤོར་བ་དང་མི48འབྲེལ་བ་ཆད་པ། མི་5ལ“བདེ་འཇགས་ལས་འཛོལ་སྙན་སེང་མ་ཞུས་པ་དང་རྫུན་ཞུ་བྱས་པའི་ཉེས་གསོག”དོགས་པ་ཡོད་པས་ཉེས་དོན་བཀག་ཉར་བྱས་ཡོད།

5.png

  • ཧུ་ནན་ལུའུ་ཧྲན་རྫོང(河南鲁山县)གིས“གླང་རྗི་དང་འཐག་མཁན་བུ་མོའི་བརྩེ་དུང་བརྗོད་དོན་ཡིན་པའི་འཇིམ་རྐོས”དོན་རྐྱེན་བརྡ་ཁྱབ་བཏང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་གཞིའི་ཇུས་འགོད་དང་། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན། འོས་སྐུལ་བརྒྱུད་རིམ་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་རེད།

  • ཚེས29ཉིན་གྱི་མཚན་མོར། ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་ལུས་རྩལ་པ་དབྱི་ཅན་ལེན་གྱིས་ཡིག་ཆ་བཏོན་ནས་ལོ21གི་ལན་ཆིའུ་སྤོ་ལོའི་ལས་རིགས་ཀྱི་ལོ་རྒྱུས་དངོས་སུ་མཇུག་འགྲིལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

6.gif

  • ཀྲེ་ཅང་ཅིན་ཧྭ་ཡི་བུ་མོ་ཆུང་ཆུང་ཞིག་གཅིག་པུ་གཞུང་ལམ་གྱི་ཁྲ་ཐིག་ཐོག་ཏུ་རྒྱུག་བཞིན་ཡོད་པ་དང་། གློག་སྒྲོན་ལྗང་ཁུར་སྒུག་བཞིན་པའི་ཕྱི་འཚོང་པ་ཅིན་ཝེ་ཞང་མྱུར་དུ་རླངས་འཁོར་ལས་བབས་ཏེ་ཁོ་མོ་ཁྲིད་ནས་ཉེ་འགྲམ་གྱི་འགྲིམ་འགྲུལ་ཉེན་རྟོག་པར་སྤྲད།

སྲིད་ཇུས།

  • ཧྲན་ཤིས(山西)ཀྱིས་བསམ་འཆར་བཏོན་ནས་རིག་ཚན་མིན་པའི་སྒྲིག་གཞི་དེ་སློབ་ཐུན་ཕྱིའི་ཞབས་ཞུའི་ནང་ཞུགས་རྒྱུའི་ཚོད་ལྟ་བྱས་ནས་སློབ་མ་དང་ཁྱིམ་བདག་གིས་སློབ་ཐུན་ཕྱིའི་ཞབས་ཞུ་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།

  • ཀོང་ཏུང་ཀོང་ཀྲོའུ་དང་ཧྲེན་ཀྲེན་གྱིས་བརྡ་ཐོ་བཏང་ནས་གྲོང་ཁྱེར་དེ་གའི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ཁྲོད་ཀྱི་སྡོད་ཁང་གི་གྲངས་འབོར་གཏན་འཁེལ་གྱི་ཚད་གཞི་ལེགས་སུ་བཏང་སྟེ། “ཁང་པ་ལས་དངུལ་བུན་ལ་མི་ལྟ་བའི”སྲིད་ཇུས་ལག་བསྟར་བྱས་ཡོད།

  • ཅང་ཤིས་ནན་ཁྲང་གིས་བྱ་ཐབས་བཟོས་ནས་སློབ་གྲྭའི་གྱོན་ཆས་འདེམས་སྤྱོད་དང་ཉོ་སྒྲུབ་བྱ་རྒྱུ་དེ་ཁྱིམ་བདག་དང་སློབ་མས་རང་མོས་ངང་ཉོ་སྒྲུབ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་ལས། ཁྱིམ་བདག་ཨུ་ཡོན་ལྷན་ཁང་ལ་སློབ་གྲྭའི་གྱོན་ཆས་ཉོ་སྒྲུབ་ཀྱི་གན་རྒྱ་འཇོག་རྒྱུའི་མངགས་བཅོལ་བྱས་མི་ཆོག

དེ་རིང་གི་གནམ་གཤིས།

7.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། ལེའོ་ཉིང་གི་ཤར་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། ཐེན་ཅིན་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཧྥུའུ་ཅན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཧོ་པེའི་བྱང་ཤར་རྒྱུད་དང་། ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།



མཉམ་སྤྱོད།