དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་མི3མཚོ་སྔོན་གྱི་མི་བཟང་མིང་ཐོའི་ནང་ཚུད་འདུག

2023-08-31 09:28:03   |   1857

སྒྲིག་སྒྱུར། སངས་དོན།    ཡོང་ཁུངས།   མཚོ་བྱང་ཁུལ་དཔལ་ཡོན་གཞུང་ལས་ཁང་།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.jpg

ཉེ་ཆར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི2023ལོའི“མཚོ་སྔོན་གྱི་མི་བཟང”ཞེས་པའི་དུས་ཚིགས་གཉིས་པའི་ཡོངས་བསྒྲགས་མཛད་སྒོ་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་འཚོགས་ཤིང་། མཚོ་བྱང་ཁུལ་གྱི་ལས་བཀུར་སྐྱེས་འབུལ་གྱི་མི་བཟང་ཆོས་དབྱིངས་སྐྱིད་དང་བསོད་ནམས་ཚེ་རིང་། གཞན་ཕན་སྒྲུབ་པར་དགའ་བའི་མི་བཟང་ཉིག་ཧྲིན་ཡུག་བཅས་མིང་ཐོ་འདིའི་ནང་ཚུད་འདུག

2.jpg

ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི“མཚོ་སྔོན་གྱི་མི་བཟང”13ཡོངས་བསྒྲགས་བྱས་པ་དང་། ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་ལས་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མཚོན་པ་དང་མི་གཤིས་ཀྱི་མཛེས་སྡུག་མངོན་པར་བྱས་ནས་མི་རྣམས་ལ་སྙིང་སྟོབས་ཤིག་དང་གཤིས་རྒྱུད་ཅིག སྟོབས་ཤུགས་ཤིག་བཅས་མཐོང་ཐུབ་པར་བྱས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་བཟོ་སྐྲུན་ལག་ལེན་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཤུགས་ཆེན་བྱས་པ། ཉེ་འགྲམ་གྱི་འོས་མི་ཡག་པོ་འདེམས་རྒྱུའི་དྲིལ་སྒྲོག་བྱ་བ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་པས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་སྤྱི་ཚོགས་ཐོག་ཀུན་གྱིས་ཁས་ལེན་པའི་སྔོན་ཐོན་དཔེ་བཟང་ཁག་གཅིག་ཐོན་པ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་སྲོལ་གསར་པར་སྣེ་ཁྲིད་ཐུབ་སྟེ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།


མཉམ་སྤྱོད།