རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
འདི་ནི་རྩྭ་ཐང་དུ་རུ་སྤར་བའི་ལུག་ཁྱུ་རེད།
མཐོ་སྒང་དུ་སྟོན་མགོ་ཚུགས་པ་དང་བསྟུན། མཚོ་སྔོན་པོ་བྱང་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་མི་ཚོ་རིམ་བཞིན་དགུན་སར་སྤར་བའི་ལས་ལ་བྲེལ་བཞིན་ཡོད། གསར་འགོད་པ་འབྲོག་ཁྱིམ་དུ་བསྐྱོད་དེ་པར་མིག་གིས་འབྲོག་མི་ཚོ་དགུན་སར་སྤར་བའི་རྣམ་པ་པར་ལེན་ཐུབ་པ་བྱུང་། ལོ་རེའི་ཟླ་བརྒྱད་པའི་ཟླ་དཀྱིལ་དུ་གནམ་གཤིས་རིམ་བཞིན་ཇེ་འཁྱགས་སུ་ཕྱིན་པས་མཚོ་སྔོན་པོའི་བྱང་རྒྱུད་དེ་རྐང་ཚའི་རྩྭ་ཐང་ཡང་རིམ་བཞིན་སེར་མདོག་ཏུ་གྱུར། སྐབས་དེར་འབྲོག་མི་ཚོ་ཡང་དབྱར་ས་ནས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་དགུན་སར་རུ་སྤར་མགོ་བརྩམས་པ་དང་། འདི་ནི་འབྲོག་མིའི་ཐོན་སྐྱེད་འཚོ་བ་ཆེས་བྲེལ་འཚུབ་ཆེ་པའི་དུས་སྐབས་ཤིག་རེད།
འདི་ནི་འབྲོག་མི་དང་རུ་སྤར་བའི་ནོར་ཁྱུ་རེད།
འདི་ནི་འབྲོག་མི་ཚོས་ནོར་ལུག་དེད་ནས་རུ་སྤོར་བའི་རྣམ་པ་རེད།
འདི་ནི་འབྲོག་མི་གཉིས་ཀྱི་ཅ་ལག་གཡག་ལ་འགེལ་བཞིན་པའི་ཚུལ་རེད།
འདི་ནི་རུ་སྤོར་བཞིན་པའི་ལུག་ཁྱུ་རེད།
འདི་ནི་མཚོ་བྱང་རྐང་ཚའི་རྩྭ་ཐང་དང་རི་ཚོགས་རེད།