དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-04 08:37:56   |   254

སྒྲིག་སྒྱུར།  ཀླུ་མོ་མཚོ།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ78འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས3ཉིན་པེ་ཅིང་དུ་འཚོགས། 

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི54.65ཡོད་པ་དེ་དུས་མཚུངས་ལས15.7%འཕར་ཡོད། 

  • རྒྱལ་ཁབ་སྨན་སྐྱོབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་སྐྱོབ་སྡེ་ཁག་གིས་རིག་ནུས་རྟོག་སྡོམ་བརྒྱུད་སྨན་སྐྱོབ་གྱི་མ་དངུལ་སྒོར་དུང་ཕྱུར38.5མ་སྤྲད་པ་དང་ཚུར་ལེན་བྱས་ཡོད། 

    微信图片_20230904084723.jpg

  • ནོར་སྲིད་པུས་ནུས་ཁུངས་གསར་པའི་རླངས་འཁོར་ད་ལོ་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་དཔྱ་ཁྲལ་སྒོར་དུང་ཕྱུར1150ལས་བརྒལ་རྒྱུ་ཡིན་ཚུལ་བསྟན། 

  • རྒྱལ་ཁབ་ནུས་ཁུངས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གློག་འདོན་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར4013བཏང་བ་དེ་དུས་མཚུངས་ལས54.4%ཡིས་འཕར་ཡོད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་ཀྲུང་གོའི་ཨང་ཀིའི་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི50ལས་ཐོག་མར་བརྒལ་ནསGDPཡི་བསྡུར་ཚད41.5%ལ་སླེབས་ཡོད། 

  • ཉེ་ཆར་སྤྱི་བདེ་པུས་ཁྲིམས་འགལ་ངང་སྨན་བཅོས་བྱེད་པ་དང་། དྲ་ཐོག་ཏུ་མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པ་སོགས་ཀྱི་མངོན་གསལ་གནད་དོན་ལ་རྡུང་རྡེག་ནན་པོ་བཏང་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ཚུལ་བསྟན། 

  • 2022ལོའི་འཛམ་གླིང་གནས་སྐོར་གྲོང་ཁྱེར་འཕེལ་རྒྱས་ཀྱི་མདུན་གྲལ་གྱི་གྲོང་ཁྱེར20ཡི་བང་རིམ་ཚེས2ཉིན་ཡོངས་བསྒྲགས་བྱས་པ་ལྟར་ན། པེ་ཅིང་དང་ཧྲང་ཧའེ། ཞང་ཀང་བཅས་སོ་སོ་ཨང7པ་དང་8པ། 9བཅས་སུ་སླེབས་ཡོད་པ་རེད། 

    微信图片_20230904084730.jpg

  • ཀྲུང་གོའི་ཁེ་ལས་ཀྱིས་གཙོ་ཁྲིད་བྱས་ནས་སྐྲུན་འགན་འཁུར་བའི་བྷང་ག་ལའི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་ཚེས2ཉིན་རླངས་འཁོར་ཤར་གཏོང་ཐུབ་ཡོད། 

    སྤྱི་ཚོགས།

    微信图片_20230904084734.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་རྒྱ་མཚོའི་རླུང་འཚུབ་ཀྱི་སྔོན་ཟོན་དམར་པོ་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང11པ་དེ་ཚེས5ཉིན་གྱི་ཐོ་རེངས་ནས་སྔ་དྲོ་བར་ཀོང་ཏུང་དང་ཧྥུ་ཅན་འབྲེལ་མཚམས་ཀྱི་མཚོ་རྒྱུད་དུ་སླེབས་རྒྱུ་ཡིན་པ་རེད། 

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་མིག་སྔར་ཧྥུ་ཅན་དང་ཀོང་ཏུང་ལ་དམིགས་པའི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་རིམ་པ་གསུམ་པའི་འཕྲལ་བསྟུན་བརྡ་ལན་དང་། ཀྲེ་ཅང་དང་ཀོང་ཞི། ཧའེ་ནན་བཅས་ལ་དམིགས་པའི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་རིམ་པ་བཞི་པའི་འཕྲལ་བསྟུན་བརྡ་ལན་རྒྱུན་འཁྱོངས་བྱས་ཡོད། 

  • དམངས་སྲིད་པུས་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་སྤྱི་ཚོགས་རྩ་འཛུགས10ཡོངས་བསྒྲགས་བྱས་པའི་ནང་། ཀྲུང་ཧྭ་སྒྱུ་རྩལ་འཕེལ་རྒྱས་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སྐད་ཡིག་སློབ་གསོའི་ཞིབ་འཇུག་ལྟེ་གནས་སོགས་ཚུད་ཡོད། 

  • ཧའེ་ནན་གླིང་ཕྲན་ནས་དཔྱ་ཁྲལ་རྩ་ཆག་གཏོང་བའི“ཉོས་མ་ཐག་ཁྱེར་ཆོག་པའི”གཏན་འབེབས་གསར་པ་དོན་འཁྱོལ་བྱས་ནས་ཟླ་བ་ལྔ་སོང་ཚུན། གླིང་ཕྲན་ནས་བྲལ་བའི་འགྲུལ་པས“ཉོས་མ་ཐག་ཁྱེར་ཆོག་པའི”དངོས་ཟོག་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར14ལས་བརྒལ་ཡོད། 

    微信图片_20230904084739.jpg

  • སྐབས་བཞི་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ལེགས་ཅན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། “འབད་འཐབ་བྱེད་མཁན་ཆེས་ཡག་ཤོས”ཀྱི་མཚན་སྙན་ཐོབ་མཁན་བློ་མཐུན་ཀུང་ཆོན་ཀྲེན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས2ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ100ཡིན་པ་རེད། 

  • ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་ཞིབ་མཉམ་ལས་ཚོགས་པས་ནག་དོང་མཐའ་འཁོར་གྱི་ཁབ་ལེན་བཙོན་བཀག་གི་གསོག་སྡེར་ཆགས་པའི་གསང་བ་སེལ་བ་དང་། འབྲེལ་ཡོད་ཞིབ་འཇུག་དཔྱད་རྩོམ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན《ཚན་རིག》ཐོག་སྤེལ་བ་རེད། 

  • སྐྱེས་པ་ཞིག་གིས་མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་རྩིས་ཐོའི་ཨང་གྲངས་མཐོ་རུ་གཏོང་ཆེད་དཀྲོག་གཏམ་བཟོས་ཤིང་། མིག་སྔར་པེ་ཅིང་ཧྥང་ཧྲན་ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱེད་བཞིན་ཡོད། 

  • ཐང་ཧྲན་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས། ཚེས4ཉིན་གྱི་ཆུ་ཚོད0ནས་ཚེས8ཉིན་གྱི་ཆུ་ཚོད24བར་པོ་ཧའེ་རྒྱ་མཚོའི་ཆུ་ཁོངས་ཁག་ཅིག་ཏུ་མེ་མདའ་དངོས་འཕེན་པའི་བྱེད་སྒོ་སྤེལ་བས་མཚོ་སྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་ཡོད། 

    微信图片_20230904084744.jpg

  • ཁྲང་ཧྲ་ཝང་ཁྲེང་གི་ལམ་མདོ་ཞིག་ཏུ་རླངས་འཁོར་གྱི་དོན་རྐྱེན་བྱུང་བ་ན། ལས་ཚོགས་སུ་འགྲོ་བཞིན་པའི་མི་དམངས་ཉེན་རྟོག་པ་ལི་དབྱི་ཝུའུ་ཡི་རླངས་འཁོར་འཕྲལ་དུ་བསྡད་དེ་མི་བསྐྱབས་པ་དང་འབྲེལ་ས་གནས་ས་ཐོག་གི་འགྲིམ་འགྲུལ་སྒྲིག་ལམ་རྒྱུན་འཁྱོངས་བྱས། མིག་སྔར་རྨས་མ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད། 

    སྲིད་ཇུས།

  • ཧེ་ལུང་ཅང་གིས་དོ་བདག་གི་མོས་མཐུན་མ་ཐོབ་པར་ས་ཁང་བདག་ཁོངས་ཀྱི་བར་གཉེར་སྒྲིག་ཚན་དང་དེ་བཞིན་ལས་ཞུགས་མི་སྣས་མི་སྒེར་གྱི་ཆ་འཕྲིན་དང་ཁང་པའི་གནས་ཚུལ་གྱི་ཆ་འཕྲིན་འཚོལ་བསྡུ་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད། 

  • ཧོ་པེ་ཡིས་བརྡ་ཐོ་བཏང་བ་ལྟར་ན། ཟླ10ཚེས1ཉིན་ནས་བཟུང་བགྲོད་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་ཕྱོགས་ཡོངས་ནས་སྤྱོད་རྒྱུ་དང་རྩ་དོན་ཐོག་ཤོག་རིགས་ལག་ཁྱེར་སྤྲོད་རྒྱུ་མིན་པ་རེད། 

  • ཁྲུང་ཆིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་བཏང་བ་དང་། ཟླ9ཚེས1ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་གྱི་སྡོད་དམངས་དང་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་སོ་སོར་སྒོར735དང་སྒོར600བར་མཐོ་རུ་བཏང་ཡོད། 

    དེ་རིང་གི་གནམ་གཤིས།

    微信图片_20230904084748.jpg

  • ཧྥུ་ཅན་གྱི་ཤར་རྒྱུད་དང་ཀྲེ་ཅང་གི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན། ཅང་སུའུ་དབུས་ལྷོ་རྒྱུད། ཀོང་ཞིའི་དབུས་ལྷོ་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད། ནང་སོག་གི་ཤར་ལྷོའི་རྒྱུད། ཞིན་ཅང་གི་ནུབ་རྒྱུད་སོགས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཧྥུ་ཅན་ཤར་ལྷོའི་རྒྱུད་དང་། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་ཡོད་པ་དང་། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།