དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་སྤྱོད་གཙང་རིག་གནས་ལ་བརྟེན་ནས་སྲོལ་བཟང་དར་སྤེལ་བཏང་བ།

2023-09-04 08:52:43   |   942

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20230904105331.jpg

“གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་པ་མེད།” “སྤྱི་སྒེར་གསལ་འབྱེད་བྱས་ཏེ། སྒེར་དོན་སྤངས་ནས་གཞུང་དོན་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་ལ་སོགས་པའི་སྐད་གསེང་མཐོ་ལ་མི་སེམས་སྒུལ་བའི་དཔེ་མཚོན་བསྟོད་གླུ་དང་སྤྱོད་གཙང་གླུ་གཞས་རེ་རེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་གློག་བརྙན་ཟློར་གར་ཁང་དུ་གྲགས་བྱུང་། འདི་ནི་མཚོ་བྱང་ཁུལ་གྱིས་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་པར་བརྟེན་ནས་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་མཛད་སྒོ་དང་དཔེ་མཚོན་བསྟོད་གླུ་དང་སྤྱོད་གཙང་གླུ་གཞས་ཀྱི་གླུ་ལེན་ཆེད་ཚོགས་ཤིག་ཡིན་ལ། ཁུལ་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྲུབ་འབྲས་ཀྱི་གཅིག་བསྡུས་མཚོན་སྟངས་ཤིག་ཀྱང་ཡིན། ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱ་བའི་ཇུས་གཞི་སྒྲིག་བཟོ་གཏན་འབེབས་བྱས་ཏེ། ཁུལ་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱ་བ་སྤུས་འདེགས་ཕན་འཕར་ཡོང་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།

ཁུལ་ཡོངས་སུ་སྤྱོད་གཙང་རིག་གནས་གསར་སྐྲུན་ཡུག་ཁུལ11ཏུ་བགོས་པ་དང་། རིམ་པ་བཞིན་དུ་སྣེ་འདྲེན་སྡེ་ཁག་དང་རམ་འདེགས་སྡེ་ཁག འགན་འཁྲི་ལས་བགོ དེ་མིན་བྱ་བའི་འགན་འཁུར་བཅས་རེ་རེ་བཞིན་གསལ་པོར་བཏང་སྟེ། སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་ལས་མཉམ་ཞུགས། མཉམ་འདྲེས་མཉམ་སྐུལ། ཟློས་མཐུན་མཉམ་འགུལ་བཅས་ཀྱི་བྱ་བ་སྒྲུབ་སྟངས་ཤིག་ཆགས་ཡོད། མིག་སྔའི་བར་དུ། མཚོ་བྱང་ཁུལ་གྱི་རྫོང4(ཞིང་ར)དང་ཁུལ་རིམ་པའི་སྡེ་ཁག48། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་སྡེ་ཁག18བཅས་ཀྱིས་རང་རང་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རང་ས་ཁུལ་དང་རང་སྡེ་ཁག་གི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། ཁུལ་ཡོངས་ཀྱི་ད་ཡོད་ཀྱི་སྤྱོད་གཙང་རིག་གནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ། ཁུལ་ནང་ཁུལ་གྱི་གསར་བརྗེ་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་གནས་ཀྱི་ཐབས་ལམ་གསར་པ་ཕྱོགས་ཡོངས་ནས་གསར་སྐྲུན་བྱེད་མགོ་རྩོམ་པ་དང་། སྣ་མང་ཅན་དང་ལངས་གཟུགས་ཅན། ཁྱོན་ཡོངས་ཁེབས་པ་བཅས་ཀྱི་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་ཆགས་སྟངས་ཤིག་བསྐྲུན།

དུས་མཚུངས་སུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་དུས་ཡུན་རིང་བོའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཞིག་ཏུ་བརྩི་བ་དང་། “གྲོས་གཞི་དང་པོ”ཡི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་དད་མོའི་རྨང་གཞི་བརྟན་པོ་འཛུགས་པ་དང་། བསམ་པའི་འདུ་ཤེས་བརྟན་པོ་འཛུགས་པ། བསམ་པའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་ལ་སྣེ་ཁྲིད་བྱས། སྒྲིག་ཁྲིམས་སློབ་གསོ་དེ་མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་གསོ་གསོ་སྦྱོང་གི་ནང་དོན་དུ་བཞག་སྟེ། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ལྟར་ལས་འགན་འཁུར་པ་དང་སྤྱོད་གཙང་དོན་གཉེར་གྱིས་སྲིད་དང་བྱ་བར་ཞུགས་དགོས་པའི་སློབ་གསོ་བཏང་། ལས་བརྩོན་སྤྱོད་གཙང་གི་སྐལ་བཟང་དང་ལེན་ཧྥུའུ་ཀྲང་སོགས་སྔོན་ཐོན་དཔེ་མཚོན་གསོ་སྐྱོང་སྔོག་འདོན་དང་བཞེངས་སྐྲུན་བཅས་བྱས་པ་བརྒྱུད། གསར་བརྗེ་དཔའ་བོ་དང་འཛུགས་སྐྲུན་དཔེ་བཟང་། དུས་རབས་ཀྱི་གདོང་མཆོང་། སྤྱོད་གཙང་དཔེ་མཚོན་བཅས་ཀྱི་བསམ་པའི་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས། ས་ཁུལ་དང་སྡེ་ཚན། སྡེ་ཁག་སོ་སོས་སྤྱོད་གཙང་ཡིག་རིས་འགྲེམས་སྟོན་དང་གླུ་གཞས་འགྲན་སྡུར། ཤེས་བྱ་འགྲན་སྡུར། གཏམ་བཤད་འགྲན་སྡུར། རིག་རྩལ་འཁྲབ་སྟོན་སོགས་སྤྱོད་གཙང་རིག་གནས་ལ་སློབ་སྦྱོང་དང་ལག་ལེན། བརྒྱུད་སྒྲོག་བཅས་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། སྲིད་འཛིན་སྤྱོད་གཙང་དང་དབང་ཆ་དྲང་བོ་སྤྱོད་པའི་རིག་གནས་གཤིན་ས་གསོ་སྐྱོང་བྱས་པ་དང་། སྤྱོད་པ་གཙང་ན་གཟི་བརྗིད་དང་འདོད་རྔམ་ཆེ་ན་ངོ་ཚ་ཡིན་པའི་དགེ་ཕྱོགས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་གྲུབ་ཡོད།


མཉམ་སྤྱོད།