དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-04 18:45:52   |   1831

སྒྲིག་སྒྱུར།  ཀླུ་མོ་མཚོ།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ9ཚེས4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གནད་བསྡུས》ཞེས་པའི་མི་རིགས་སྐད་ཡིག་པར་གཞི་དཔེ་སྐྲུན་འགྲེམ་སྤེལ་བྱས།

  • 《ཚན་རྩལ་གསར་གཏོད་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

  • ཉེ་ཆར་ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནང་ཁུལ་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུ་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་དངོས་སུ་གནང་བ་དེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་ལས་དོན་སྒྲིག་ཚན་ཞིག་ཡིན།

  • རྒྱལ་ཁབ་སྨན་སྐྱོབ་ཅུས་བརྡ་ཁྱབ་བཏང་བར་གཞིགས་ན། ད་ལོའི་ཟླ་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་ཚན་ཁྲི47.51ཡོད་པ་དེ་ན་ནིང་གི་ལོ་མཇུག་ལས་45.33%འཕར་ཡོད།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས4ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་བརྒྱད་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་ཁའི་སྟོན་གྲངས50.3%ཡིན་ཞིང། འཕེལ་ཁའི་བར་མཚམས་སུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

  • ཚེས4ཉིན་ཀྲུང་གོའི་རྡོ་སྣུམ་ལྷོ་ནུབ་ཀྱི་སྣུམ་རླངས་དང་རང་བྱུང་སོལ་རླངས་རིམ་རྩིས་བྱས་ན། ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར6000ལས་བརྒལ་ཡོད།

    微信图片_20230905083350.jpg

  • ཚེས4ཉིན། 2023ལོའི་ཨེ་ཤེ་ཡའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་གཟེངས་རྟགས་འགྲན་སྡུར་ཁྲོད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་སྡུར་གྲངས3སྡུར2ཀྱིས་འཇར་ཕན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ཕམ་པར་བརྒྱབ་ནས། ཚན་ཆུངFཡི་ཨང་དང་པོའི་ཐོག་ནས་རྟིང་རྩོད་ཕྱེད་ཀའི་འགྲན་སྡུར་ནང་ཚུད་པ་རེད།

    微信图片_20230905083355.jpg

  • ཚེས4ཉིན་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དངོས་སུ་རྩིས་སྤྲོད་བྱས་པ་དང་། དཔལ་འབར་བརྒྱུད་སྤྲོད་ཚེས8ཉིན་མགོ་རྩོམ་རྒྱུ་རེད།

    སྤྱི་ཚོགས།

    微信图片_20230905083359.jpg

  • རྒྱ་མཚོའི་རླུང་འཚུབ“ཧའེ་ཁུའེ(海葵)”དེ་རིང་གི་ཐོ་རེངས་ནས་སྔ་དྲོ་བར་ཧྥུ་ཅན་ཀྲང་ཕུའུ་ནས་ཀོང་ཏུང་ཧུའེ་ལའེ་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་ཡིན་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་སྔོན་བརྡ་སེར་པོ་དང་དྲག་ཆར་གྱི་སྔོན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱ་རྒྱུ་རེད།

  • ཚེས4ཉིན་བསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་ཚན་ཆུང་ཧྥུ་ཞ་མྱུར་བགྲོད་ལྕགས་ལམ་དུ་དངོས་སུ་ཚོད་ལྟ་བྱས། ལམ་ཐིག་ཤར་གཏོང་ཐུབ་རྗེས་ཧྥུ་ཀྲོའུ་དང་ཞ་མོན་དུ“ཆུ་ཚོད་གཅིག་གི་འཚོ་བའི་འཁོར་རྒྱུད”ཆགས་རྒྱུ་རེད།

  • ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་དབྱར་གནང་རིང་རྒྱལ་ཡོངས་སུ་འཁྲབ་སྟོན་ཐེངས་ཁྲི11ལས་བརྒལ་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར102.77ལ་སླེབས་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུ་ཀྲང་གཞོན་པ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའི་དེ་སྔའི་ཅུ་ཀྲང་ཚུའེ་མའོ་ཧུའུ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

    微信图片_20230905083404.jpg

  • ཉེ་ཆར་ཧྲན་ཞི་ཡིའུ་ཡུས་རྫོང་ཁོངས་ཀྱི་མིང་གི་ལྕགས་རི་རིང་པོ་ཞིག་ལ་འཕྲུལ་ཆས་ཆེ་གྲས་ཀྱིས་སྔོག་འདོན་བྱས་པས་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། ཉེས་གསོག་དོགས་ཅན་ཀྲེན་ཆེ་གེ་མོ་དང་ཝང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

  • ཧྲའན་ཞི(陕西)ཞུན་དབྱང་སྨན་ཁང་དང་པོས“སྐྱེས་པ་ལོ50ལོན་པ་དང་བུད་མེད་ལོ44ལོན་ན་མུ་མཐུད་གདན་ཞུ་མི་བྱེད་པའི”གཏན་འབེབས་བྱས་པ་དང་། ཚེས4ཉིན་བརྡ་ཁྱབ་བཏང་ནས་སྨན་ཁང་གིས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ལ། གདན་ཞུ་བྱེད་མཚམས་བཞག་ཡུལ་ལ་ལྡབ་གཉིས་ཀྱི་སྐྱིན་ཚབ་འཇལ་དགོས་པའི་བཀའ་བཏང་།

    微信图片_20230905083408.jpg

  • ཚེས3ཉིན་ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་དོམ་ཁྲ་མོ་རྒན་པ“རྒྱལ་ཁའི་ངང”གཅན་གཟན་ཁང་དུ་ཤི་བ་དང་། ལོ་ཧྲིལ་པོར་ལོ23ཡིན་པ་དེ་མིའི་རིགས་ཀྱི་ལོ70ནས80བར་དང་མཚུངས།

  • ཀོང་ཏུང་ཏུང་ཀོན་དྲ་བའི་བདེ་འཇགས་སྡེ་ཁག་གིས་ཉེ་དུས་གཅིག་སྡུད་བྱ་སྤྱོད་སྤེལ་ནས“དྲ་རྒྱའི་ཆུ་དམག”ཚོགས་པ22མེད་པར་བཟོས་པ་དང་། ཁྲིམས་ལྟར་ཉེས་དོན་བཀག་ཉར་གྱི་དོགས་ཡོད་ཉེས་ཅན89ཡོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར5.3ཡོད།

  • པེ་ཧའེ་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ཏེ། ཚེས5ཉིན་གྱི་ཆུ་ཚོད18ནས་ཚེས11ཉིན་གྱི་ཆུ་ཚོད20བར་བྱང་རྒྱུད་མཚོ་ཁུག་གི་མཚོ་ཁོངས་ཁག་གཅིག་ལ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས།

    微信图片_20230905083740.jpg

  • ཚེས2ཉིན། ཧའེ་ནན་གྱི་སན་ཧྲ་རུ་ཞི་ཧྲ་ཡི་དམག་འཁྱུར་དམག་མི་རྒན་པ་གནམ་གྲུར་བསྡད་དེ་ཕ་ཡུལ་དུ་ལོག་སྐབས། གནམ་གྲུ་ཆེད་མངགས་གླིང་ཕྲན་བསྐོར་ནས་འཕུར་སྐྱོད་བྱས་ཏེ། དམག་མི་རྒན་པར་བར་སྣང་ནས་དེ་སྔ་སྲུང་སྐྱོབ་བྱས་པའི་ས་གཞིར་ལྟ་རུ་བཅུག

    སྲིད་ཇུས།

  • ནོར་སྲིད་པུ་སོགས་སྡེ་ཁག་བཞིས་སྤྱི་བསྒྲགས་སྤེལ་ནས། ཆ་རྐྱེན་འཛོམས་པའི་སྦགས་བཙོག་འགོག་བཅོས་བྱེད་མཁན་ཕྱོགས་གསུམ་པའི་ཁེ་ལས་ཀྱི་ཁྲལ་ཚད15%ཉུང་དུ་བཏང་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་བ་དང་། སྲིད་ཇུས་དེ2027ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་རེད།

  • ཐེན་ཅིན་གྱིས་ཐེམ་ཐོའི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཕ་མས་བུ་ཕྲུག་ལ་བརྟེན་ནས་གཞིས་ཆགས་པར《ཐེན་ཅིན་གྲོང་ཁྱེར་གྱི་སྡོད་གནས་ལག་ཁྱེར》སྤྲོད་མི་དགོས་པ་བྱས།

  • ཀྲེ་ཅང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། ལུས་སྦྱོང་བྱ་ཡུལ་སྒོ་དབྱེ་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ལས་ཁུངས་དང་བྱ་གཞག་སྡེ་ཚན། གཞུང་ཁོངས་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་དེ་ལུས་སྦྱོང་ལ་སྤྱོད་ཆོག་པའི་བར་སྟོང་སྒོ་དབྱེ་བྱས་ཏེ་སྒོ་ཕྱེ་ཐུབ་པ་བྱེད་དགོས་པ་ཁ་གསལ་བཟོས།

    དེ་རིང་གི་གནམ་གཤིས།

    微信图片_20230905083402.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་ཐེན་ཧྲན་ས་ཁུལ་དང་། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་ཀྱི་ཡོད། དེའི་ནང་ཧྥུ་ཅན་ཤར་རྒྱུད་དང་ཀོང་ཏུང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།



མཉམ་སྤྱོད།