དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་རིགས་སྐད་ཡིག་ཡིག་སྒྱུར་ཞབས་ཞུ་སྟེགས་བུ་དངོས་སུ་བཙུགས།

2023-09-05 08:57:51   |   734

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


  ཉེ་ལམ། རྐང་ཚ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས(ཤར་ཕྱོགས་ཚོམས་ཆེན)སུ་མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ཞབས་འདེགས་སྟེགས་བུ་བཙུགས་ནས་ལས་བྱེད་པ་དང་མང་ཚོགས། དེ་བཞིན་སྒེར་གཉེར་ལས་རིགས་སོགས་ཀྱི་བདག་གཉེར་གཙོ་སྐྱོང་བ་ལ་བོད་སྐད་ཡིག་ཡིག་སྒྱུར་དང་། སྲིད་ཇུས་བློ་འདྲི། ལས་སྒོ་ཁྲིད་སྟོན་དང་ཚབ་སྒྲུབ་རོགས་སྒྲུབ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། ལས་སྒྲུབ་མང་ཚོགས་དང་ཁེ་ལས་པར་“ཡོངས་འདུས”ཀྱི་ཞབས་ཞུའི་རྣམ་པ་དངོས་དོན་གྱིས་བསྐྲུན་ཏེ། ལས་སྒོ་གཉེར་བའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་། མང་ཚོགས་ཀྱི་ལས་སྒྲུབ་དགོས་མཁོ་སྐོང་ཅི་ཐུབ་བྱས་ཤིང་། མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྔར་ལས་ལྷག་པའི་ཕན་འགྲུབ་ཐོན་པར་བྱས། 

微信图片_20230905092827.jpg

    ད་ལོ་ནས་བཟུང་། རྐང་ཚ་རྫོང་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུ་ཡིས་སྤྱོད་ལམ་ལེགས་གཏོང་དང་། སྲོལ་བཟང་གསར་འཛུགས། ཞབས་ཞུ་འགན་ལེན་བཅས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱས་ནས།  སྲིད་དོན་ཞབས་ཞུ་དེ་གཞན་སྐུལ་ཞབས་ཞུ་ནས་རང་འགུལ་དང་ལེན་གྱི་ཞབས་ཞུའི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་བ་དང་ཞིབ་མཆན་ཞབས་ཞུ་དེ་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་བྱེད་པར་འགྱུར་བ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མུ་མཐུན་དུ“གློད་སྡོམ་ཞབས་ཞུ”ཡི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་གཉེར་སྐྱོང་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོར་འདེགས་སུ་གཏོང་བ་དང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་ལས་སྒྲུབ་ཁེ་ལས་པ་དང་མང་ཚོགས་ལ་སྔར་ལས་ཀྱང་ཕན་ནུས་ཆེ་ཞིང་མགྱོགས་མྱུར་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས།    

微信图片_20230905092833.jpg

  མི་རིགས་སྐད་ཡིག་ཡིག་སྒྱུར་ཞབས་ཞུའི་སྟེགས་བུ་བཙུགས་པ་ནས་བཟུང་། ལས་དོན་སྒྲུབ་པར་ཡོང་མཁན་གྱི་གྲངས་ཉུང་མི་རིགས་མང་ཚོགས30ལྷག་ལ་ཁ་གཏད་ཀྱིས་སྲིད་ཇུས་བློ་འདྲི་དང་ལས་སྒོ་རོགས་གཉེར། ཚབ་སྒྲུབ་རོགས་སྒྲུབ་དང་སྐད་ཡིག་ཡིག་སྒྱུར་སོགས་ཀྱི་ཞབས་ཞུའི་ལས་དོན་མཁོ་འདོན་བྱས་པར་རྒྱ་ཆེའི་ལས་དོན་སྒྲུབ་མཁན་གྱི་མང་ཚོགས་དག་གིས་གཅིག་མཐུན་གྱིས་གདེང་འཇོག་མཐོན་པོ་གནང་བ་མ་ཟད། གྲངས་ཉུང་མི་རིགས་མང་ཚོགས་དང་འབྲེལ་ལམ་འཛུགས་པར་ཕན་འབྲས་ཀྱང་བཟང་བོ་ཐོབ་ཡོད།  


མཉམ་སྤྱོད།