དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཚོགས་འདུ་ཚོགས་པ།

2023-09-05 11:46:29   |   1687

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ9པའི་ཚེས4ཉིན། མཚོ་བྱང་ཁུལ་གྱིས་རྩ་འཛུགས་བྱ་བའི་ཚོགས་འདུ་ཚོགས། ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ནས་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་སྤྱི་སྡོམ་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སུང་ཞུག་ཙུང་། སངས་འབུམ། ལེ་མེན་བཅས་ཚོགས་འདུར་ཞུགས།

微信图片_20230905172617.jpg

ཤ་བོ་སྐྱབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བ་ཡག་པོ་སྒྲུབ་པའི“རྩ་གནད”དང“བླ་སྲོག”ཡིན།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྩ་འཛུགས་སྡེ་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་རྩ་འཛུགས་བྱ་བའི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་པར་བསྟན།

微信图片_20230905172622.jpg

ཤ་བོ་སྐྱབས་ཀྱིས་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བ་ཡག་པོ་སྒྲུབ་པར་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་སྒྲོམ་གཞི་བཙུགས་ནས་བླ་སྲོག་གཏོད་པའི་ལྟེ་བའི་མ་ལག་འཛུགས་པ་དང་། ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་རྒྱུན་རྣམ་ཅན་གྱི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིད་ཕྱོགས་མངོན་གསལ་དོད་པའི་བྱ་བའི་མ་ལག་བརྟན་པོར་བཙུགས་ནས“མཚོ་བྱང་ལྔ”འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་མཁས་འདེམས་འཇོན་བསྐོ་བྱེད་པ་དང་དངོས་སྒྲུབ་ཀྱི་ཁྲིད་སྟོན་ལ་བརྟེན་ནས་མི་འདེམས་པ། ལག་ལེན་གྱི་སྦྱོང་བརྡར་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ། དོ་དམ་ནན་མོ་བྱས་ནས་མི་སེམས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བའི་བྱང་ཚད་མཐོ་བའི་ཆེད་ལས་ལས་བྱེད་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣས་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་མ་ལག་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། ཤེས་ལྡན་མི་སྣའི་བྱ་བའི“མིག་མངས་འགྲིག་སྐོར་གཅིག”གི་འདུ་ཤེས་བརྟན་པོར་འཛུགས་པ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་ནང་ཁྲིད་ནང་སྐྱོང་བྱ་རྒྱུ་ཤུགས་ཆེར་གཏོང་བ། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ།   “ཤེས་འཛོམས་ནུབ་མཚོའི”བཟོ་སྐྲུན་སྐུལ་འདེད་ཇེ་མགྱོགས་སུ་གཏོང་པ། རྨང་གཞིའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དང་བརྟན་དུ་བཏང་ནས“གཅིག་ཅན་དྲུག་གི”བྱ་བའི་བླང་བྱར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ་དང་། ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྱོང་བྱ་བར་སྤྱི་འདོམས་སྐུལ་འདེད་གཏོང་པ། གཙོ་གནད་དམིགས་ཚད་ལས་འགན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་པ། དམིགས་ཚད་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230905172625.jpg

微信图片_20230905172629.jpg

ཤ་བོ་སྐྱབས་ཀྱིས་དུས་རབས་གསར་པའི་རྩ་འཛུགས་བྱ་བའི་བྱེད་ཐབས་སྟངས་འཛིན་ཡང་དག་བྱས་ནས་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)འགན་འཁྲི་གཙོ་བོ་ཏན་ཏིག་སྒྲུབ་པ་དང་གཙོ་ལས་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱེད་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཐབས་འདོན་ཇུས་འབུལ་བྱེད་པའི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་རེ་ལྟོས་གསར་པ་དང་རེ་འདུན་གསར་པ་སྔར་ལས་ལྷག་པའི་ཐག་གཅོད་བྱེད་དགོས། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཁག་དང་རྒྱ་ཆེའི་རྩ་འཛུགས་བྱ་བའི་ལས་བྱེད་པས་སྐལ་བཟང་དང་མཁའ་འགྲོ་ཐར། ཀྲུའུ་ཀྲུ་གོ་བཅས་མིག་དཔེར་བཟུང་ནས“མིག་དཔེ་བཞིའི”བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཔེ་བཟང་སྡེ་ཁག་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་མུ་མཐུད་གཏོད་དགོས་པའི་བླང་བྱ་བཏོན།

微信图片_20230905172632.jpg

微信图片_20230905172643.jpg

སི་ཅི་ཧྲིན་གྱིས་སྤྱི་སྡོམ་གནང་སྐབས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་གོ་མཚོན་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པར་བྱེད་པ་དང་།  ངེས་གནས་འཆིག་མེད་ཁྲོད་རྩ་འཛུགས་བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དྲིལ་སྒྲོག་འཆད་འགྲེལ་ཁྲོད་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱེད་པ་དང་། འགན་ལེན་ནུས་ལྡན་གྱི་ལས་བྱེད་པའི་དཔུང་ཁག་གཏོད་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོ་བྱང་གི་ལེའུ་ཞིག་གཏོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བཅས་བྱེད་དགོས། དཔེ་སྟོན་སྡེ་ཁག་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

ཚོགས་ཐོག་ཏུ། རྫོང་བཞིའི་རྩ་འཛུགས་པུའུ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ། 

微信图片_20230905172651.jpg

ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚོན་ཆུང་གི་ཁོངས་མི་སོ་སོ་དང་།  རྫོང(ར་བ)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའུ་ཀྲང་། ཁུལ་ཨུའི་སྡེ་ཁག་སོ་སོ།   ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)།  ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་སོ་སོའི་ཏང་ཨུ(ཏང་ཙུའུ)། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་གཞུང་ལས་ཁང་གི་ཀྲུའུ་རིན(ཆབ་སྲིད་པུའི་ཀྲུའུ་རིན)། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ལས་བྱེད་རྒན་པ་ཅུས།   ཁུལ་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གི་ཁའོ་རིམ་པ་གཞོན་པ་དང་དེའི་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས།


མཉམ་སྤྱོད།