དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་དཔོན་ངོ་ཐུག་ཚོགས་འདུ་བསྡུས།

2023-09-05 17:29:23   |   4633


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ9བའི་ཚེས4ཉིན། རྫོང་སྲིད་གཞུང་གི་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་རྫོང་དཔོན་ངོ་ཐུག་ཚོགས་འདུར་གཙོ་སྐྱོང་གནང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་བཅས་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྣམས་ཚོགས་འདུར་ཞུགས།

微信图片_20230905175711.jpg

ཚོགས་འདུའི་ཐོག མིག་སྔར་དམིགས་ཚད་ལས་འགན་ཁག་གི་ཐག་གཅོད་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས། འཕྲལ་མ་ཉིད་དུ“འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང”རྣམ་པ་མགོ་བརྩམས་ཏེ། འཐབ་ན་མི་རྒྱལ་བ་མེད་པའི་སྙིང་སྟོབས་དང་དངོས་སྒྲུབ་སྔོན་ཐོན་གྱི་བྱ་སྤྱོད་ལ་བརྟེན་ནས། ལོ་མཇུག་གི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག དཔལ་འབྱོར་བརྟན་ཐོག་ཡར་འཕར་ལ་སྐུལ་འདེད་གཏོང་དགོས་པ་དང་། “ཡོང་འབབ་གཉིས”ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་བཏང་སྟེ་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ“བརྒྱད་སྲུང་བཅུ་འཕར”དང་། དེ་བཞིན་དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད15%ཡན་དུ་སོན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། ཕྱུགས་རིགས་བཤས་གཏོང་ཤུགས་ཆེ་རུ་བཏང་སྟེ་ནོར་ལུག་བཤས་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་དགའི་བྱེད་ཐབས་འདོན་པ་དང་། བྱ་དགའི་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་སྒོས་ཁུལ་གྱི་བཤས་གཏོང་དམིགས་ཚད་ཀྱི་རྨང་གཞིའི་ཐོག་ཕྱུགས་ལས་ཐོན་རྫས་ཀྱི་མཁོ་སྤྲོད་ཅི་ནུས་སུ་མང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁ་གཏད་མཉམ་ལས་གཏིང་ཟབ་ཅན་དུ་བསྒྱུར་ཞིང་། མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་གི་འབྲེལ་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། པིན་ཀྲོའུ་དང་ཝོའུ་ཁུང་སོགས་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཁེ་ལས་ལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཐོག དུས་འགོར་བཟོས་པའི་མཉམ་ལས་གྲོས་མཐུན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ཚོང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས“མདོ་ལའི་སྤུས་ལེགས་ཐོན་རྫས”ཧྲན་ཏུང་དང་ཀྲུང་དབྱང་ཁེ་ལས་སུ་ཁྱབ་གདལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱས་ཏེ། མཚོ་བྱང་ཁུལ་གྱིས་བརྡ་ཁྱབ་བཏང་བའི་རང་རེའི་རྫོང་གི་འཕེལ་རིམ་འགོར་བ་དང་། མ་དངུལ་གཏོང་སྤྲོད་བྱེད་ཚད་དམའ་བ། གསར་དུ་གཤམ་སྤྲོད་བྱས་པའི་ལས་གཞི21བཅས་ལ་དམ་པོར་དམིགས་ནས། བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གཞིའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་སྤྲོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། སང་ལོའི་རྣམ་གྲངས་ཇུས་འགོད་དང་གསོག་འཇོག་དམ་འཛིན་ཡག་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་ལ་དམིགས་ནས་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་རྣམ་གྲངས་ཁག་ཅིག་རང་འགུལ་ངང་ཇུས་འགོད་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་སྲིད་ཇུས་སྣ་ཚོགས་ཀྱི“ལོ་ལྔ་ཚན་བཅུ་བཞིའི”དུས་འབྲིང་གི་དཔྱད་དཔོག་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ད་ཡོད་ཀྱི་ལས་གཞིའི་མཛོད་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ད་ཡོད་ཀྱི་ལས་གཞི་ལ་ལེགས་སྒྲིག་དང་ཁ་གསབ་བྱས་ཏེ་རྣམ་གྲངས་སྔར་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ལས་གཞིའི་འཆར་གཞིའི་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས། གཙོ་གནད་ཁེ་ལས་ཀྱི་འཕེལ་རྒྱས་གབ་ཤུགས་སྔོག་འདོན་གང་ཐུབ་བྱས་ཏེ། ནང་འདྲེན་ཚོད་འཛིན་ཁེ་ལས་སྐྱེད་སྲིང་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་གསོག་འཇོག་རེ་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྟོན་དུས་ཆེན་དང་། ཟླ་མཆོད་དུས་ཆེན། དེ་བཞིན“ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་དང་བཅུ་གཉིས་པའི་ཚེས་བཅུ་གཉིས”སོགས་ཀྱི་མཚམས་ཚིགས་བེད་སྤྱོད་གང་ལེགས་བྱས་ནས་དྲ་ཐོག་དང་དྲ་ཕྱི་ནས་འཛད་སྤྱོད་བྱེད་སྒོར་སྐུལ་འདེད་བཏང་སྟེ་འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་ཐོག མིག་སྔའི་གཙོ་གནད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་དར་སྤེལ་གྱི་ལྡོག་ལན་གནད་དོན་དག་ཐེར་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་དཔྱད་ཞིབ་དཔྱད་དཔོག་གནད་དོན་ལྡོག་ལན་དང་ལྟ་སྐུལ་ཚོ་ཆུང་གི་ལྡོག་ལན་གནད་དོན་དག་ཐེར་བྱེད་པའི“ཕྱིར་མིག་ལྟ་བའི”ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི“ཕྱོགས་ཡོངས”ཀྱི་གཟུགས་པོ་བརྟག་དཔྱད་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཞིང་ཆེན་རིམ་པའི་སྒོ་བྱང་བཀལ་ནས་གྲོང་གསེབ་རྨོ་ཞིང་གང་བྱུང་བདག་བཟུང་སྒོས་སྡོད་ཁང་གསར་སྣོན་བྱེད་པའི་གནད་དོན་ལ་ལྟ་སྐུལ་དང་དེ་བཞིན་ལས་གཞི་ཆོག་མཆན་མ་ཐོབ་པར་སྔོན་ལ་བསྐྲུན་པ་རིགས། ཁྲིམས་འགལ་ངང་ནགས་ས་དང་རྩྭ་ས་བཟུང་བའི་གནད་དོན་བཅོས་སྒྲིག་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་གང་མགྱོགས་སུ་གཙང་སེལ་བྱེད་དགོས། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་སྒོས། “རྟོག་ཞིབ་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བཅོས་སྒྲིག་ཆེན་པོ”བཅས་དང་། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་ལྡོག་ལན་གནད་དོན་དག་ཐེར་བྱེད་པར“ཕྱིར་མིག་ལྟ་བ”ཟབ་སྤེལ་བྱས་ཏེ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས། རྩིས་བཤེར་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལ་རྒྱུན་མཐུད་ངང་དམ་འཛིན་བྱས་ཤིང་། དེ་སྔའི་རྫོང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་གཉིས་ཀྱི་འགན་ཡུན་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ལྡོག་འདྲེན་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། ཞིང་ཆེན་ཐིང་གི་གཏན་འབེབས་དུས་བཀག་ནང་དག་ཐེར་ལེགས་བཅོས་ཐུབ་པའི་འགན་ལེན་བྱེད་དགོས། གཙོ་གནད་བསྒྱུར་བཅོས་ལས་འགན་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། རྫོང་གཏོགས་རྒྱལ་དབང་ཁེ་ལས་ཐུན་མོང་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཁེ་ལས་ཀྱི་གཉེར་སྐྱོང་དང་། ཁེ་སྤོགས་དང་རྒྱུ་ནོར། བུ་ལོན་ཀྱི་ཚད་ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱེད་པ་བཅས། ཁེ་ལས་ཀྱི་ཁྲིམས་མིའི་བཅོས་སྐྱོང་ལམ་སྲོལ་ཚད་ལྡན་དུ་གཏོང་དགོས། གྲོང་ཁྱེར་མ་དངུལ་ཀུང་སིའི་ལམ་ལུགས་བསྒྱུར་བཅོས་འཆར་གཞི་བཟོས་ནས་སྒྲིག་གཞི་འཛུགས་སྟངས་དང་། ཚན་ཁག་སྒྲིག་འཛུགས། མི་སྣ་གདན་བསྐོས་སོགས་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབ་དགོས། བུ་ལོན་གྱི་ཉེན་ཁ་སེལ་རྒྱུ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། “འཚོ་བ་དམ་པོར་སྐྱེལ་བའི”བསམ་བློ་བརྟན་པོར་འཛུགས་པ་དང་། འགྲོ་གྲོན་བེད་སྤྱོད་ཀྱི་འགག་སྒོ་ནན་སྲུང་། འགྲོ་གྲོན་གཏོང་སྒོར་དོ་དམ་ནན་ཏན་བཅས་བྱས་ཏེ། དངུལ་ཚང་མ“དགོས་མཁོ་ཆེ་སར”སྤྱོད་པ་དང“གནད་འགག་ཆེ་སར”སྤྱོད་ཐུབ་པའི་འགན་ལེན་བྱ་དགོས། དམངས་འཚོ་རྒྱུན་མཐུད་ངང་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་དང་། དྲོད་འདོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། དྲོད་རླངས་མཁོ་འདོན་སྒྲིག་བཀོད་སྒྲིག་ཆས་ཞིབ་བཤེར་བཟོ་བཅོས་དང་མདོང་ལམ་རྙིང་བ་སྒྱུར་བཀོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས། མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱིལ་ཁང་ཁུལ་སྒྱུར་བཀོད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་བཤིག་སྤོའི་བཀོད་སྒྲིག་ཇུས་གཞི་གང་མགྱོགས་སུ་བཟོ་བ་དང་། བཤིག་སྤོ་བཀོད་སྒྲིག་འགོ་ཁྲིད་ཚོགས་ཆུང་འཛུགས་པ། འཆར་གཞིའི་མཚམས་ཚིགས་གཞིར་བཟུང་ལས་ཀའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས། མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་འགན་ལེན་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།



མཉམ་སྤྱོད།