དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-06 08:51:15   |   1358

སྒྲིག་སྒྱུར།  ཀླུ་མོ་མཚོ།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230906083413.jpg

  • ཟླ9ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡ་ལི་ཚེ་དང་མཇལ་འཛོམས་གནང་།

  • ཟླ9ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུ་ཀྲང་ཚོགས་འདུ་ཐེངས་བཅུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2023ལོ་ནས2025ལོ་བར)》དཔར་འགྲེམ་བྱས།

  • ཚེས5ཉིན་གྱི་སྔ་དྲོར། ནན་ཏིང་ཀེར་བྱ་དགའ་སྤྲོད་པའི་ཚོགས་ཆེན་སྐབས49པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། རང་རྒྱལ་གྱི་ནད་གཡོག་ལས་དོན་པ7ལ་ནན་ཏིང་ཀེར་གྱི་གཟེངས་རྟགས་ཐོབ་འདུག

  • ཉིན་ཤས་གོང་། ནོར་སྲིད་པུ་དང་འཕྲལ་བསྟུན་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་གཉིས་འཕྲལ་མར་བཏང་ནས། ཀོང་ཏུང་དང་ཧྥུ་ཅན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)5ཡིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་བསྟུན་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

  • རྒྱལ་ཁབ་སྨན་སྐྱོབ་ཅུས་བརྡ་ཐོ་བཏང་བ་ལྟར་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་གཏོང་སྤྲོད་སྲིད་ཇུས་དང་མཐུན་པའི་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པའི་ཁྲོད། ཡོ་བྱད་སྨན་སྐྱོབ་དཀར་ཆག་ནང་འཇུག་རྒྱུར་སྐུལ་ལྕག་གཏོང་རྒྱུ་རེད།

    微信图片_20230906083418.jpg

  • ཚེས5ཉིན། རང་རྒྱལ་གྱིས་ཧྲན་ཏུང་ཧའེ་དབྱང་དང་ཉེ་འགྲམ་གྱི་མཚོ་ཁོངས་སུ་འབྲུ་ལྷའི་སྲུང་སྐར(谷神星)དང་པོ་རྟགས་ཅན་གྱི་མཚོ་འཕེན་རྣམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཐེན་ཆི་སྐར21ནས24བར་གྱི་སྲུང་སྐར4སྔོན་བཀོད་འཁོར་ལམ་དུ་བསྐྱལ་རྒྱུ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་བརྒྱད་པའི་ཀྲུང་གོའི་དྲ་ཐོག་ཚོང་དོན་ཟོག་འགྲེམས་སྟོན་གྲངས་ཁྱབ་བསྒྲགས་བྱས་ཤིང་། དྲ་ཐོག་ཚོང་དོན་ཟོག་འགྲེམས་སྟོན་གྲངས་ཟླ་བརྒྱད་རིང་བསྟུད་མར་འཕར་བ་དང་། ད་ལོའི་ཚུན་དུ་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

  • ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་འདུན་ཆེན་པོ་བཞིར་ཞུགས་པ”སོགས་ནོར་འཁྲུལ་གྱི་གཏམ་བརྗོད་ལ་ཕྱི་འབྲེལ་པུའུ་ཡིས་ཨ་ལན་བསློགས་ནས། ཐའེ་ཝན་ལ་མཉམ་འབྲེལ་རྒྱལ་ཚོགས་དང་བདག་དབང་རྒྱལ་ཁབ་གཞན་དག་རྒྱལ་སྤྱིའི་རྩ་འཛུགས་ལ་ཞུགས་ཆོག་པ་ལྟར་གྱི་ཁུངས་ལུང་དང་རྒྱུ་མཚན། དབང་ཆ་བཅས་གང་ཡང་མེད་ཅེས་བསྟན།

    སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུས་སྔོན་དཔག་བྱས་པར་གཞིགས་ན། ཟླ9པའི་དུས་མཇུག་ཏུ། ད་དུང་ཚ་ཁུལ་གྱི་རླུང་འཁྱིལ་ཞིག་སྐམ་སར་འབུད་པའམ་ཡང་ན་རང་རྒྱལ་གྱི་ཧྭ་ལྷོ་དང་ཤར་ལྷོའི་མཚོ་རྒྱུད་ལ་ཤུགས་རྐྱེན་མངོན་གསལ་ཐེབས་སྲིད་པ་རེད།

    微信图片_20230906083422.jpg

  • ཉིན་ཤས་གོང་། སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་བྱང་རྒྱུད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ནག་ཚང11མེད་པ་བཟོས་པ་དང་། ཉེས་གསོག་དོགས་ཅན269འཛིན་བཟུང་བྱས།

  • ཧྲན་ཞི(山西)ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲང་ལི་ཀོང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས5ཉིན། ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཁྲེན་ཅ་ཏུང་གིས་ལྐོག་རྔན་བླངས་པ་དང་ལྐོག་ཟ་བྱས་པ། དབང་ཆ་གང་བྱུང་དུ་སྤྱད་པ་བཅས་ཀྱི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ལ། ཁྲེན་ཅ་ཏུང་ལ་ཚེ་བཙོན་གྱི་ཉེས་ཆད་བཅད།

  • ཚེས5ཉིན། ཧྥུ་ཅན་ཞིང་ཆེན་ཡུང་ཐའེ་རྫོང་མེ་གསོད་རུ་ཆེན་གྱི་མེ་གསོད་རླངས་འཁོར་ཞིག་རོགས་སྐྱོབ་བྱེད་པའི་ལམ་བར་དུ་ཆུ་ལོག་གིས་འཁུར་ཅིང་། ཚེས5ཉིན་གྱི་ཆུ་ཚོད17བར་ཁྱོན་མི6སྐྱོབ་ཐུབ་སོང་ལ། མི2སྐུ་གཤེགས། ད་དུང་མི1འཚོལ་སྐྱོབ་བྱེད་བཞིན་ཡོད།

  • ཚེས5ཉིན། 2023ལོའི་ཕིང་ཕང་སྤོ་ལོ་ཨེ་ཤེ་ཡའི་བུད་མེད་ཚོགས་པའི་རྟིང་རྩོད་འགྲན་སྡུར་ཁྲོད་སུན་དབྱིང་ཧྲ་དང་ཁྲེན་མེང་། ཝང་དབྱི་ཏི་སོགས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ གཙོ་གཉེར་རྒྱལ་ཁབ་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས།

  • ཉིན་ཤས་གོང་། སྐྱེས་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་ཀྱི་ཨོ་ལིམ་ཕིག་རུ་ཁག་གི་མིང་ཐོ་ ཁྱབ་བསྒྲགས་བྱས་པ་ན། ཨའེ་ཧྥེར་ཏིང་དང་ཐའོ་ཆང་ལུང་སོགས་བདམས་ཐོན་བྱུང་འདུག

  • ཚེས5ཉིན་ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཀྲན་ཐེན་ཡིའུ་སྐབས་བཅུ་དགུ་པའི་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། པེ་ཅིང་ཏ་ཞིང་གནམ་ཐང་གསར་པ་སོགས་ལས་གྲྭ་ཁག42ལ་བྱ་དགའ་ཐོབ་ཡོད།

    微信图片_20230906083353.jpg

  • ཚེས5ཉིན་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་ཆེས་བྱང་མའི་ཧ་དབྱི་མྱུར་བགྲོད་ལྕགས་ལམ(ཐིའེ་དབྱི་དུམ་བུ)སྔོན་སྐྱོད་ལས་གྲྭའི་ཟམ་པ་ཚང་མ་བསྐྲུན་ཚར་ཡོད།

    微信图片_20230906083623.jpg

  • ཧུའུ་ནན་ཁྲང་ཧྲ་ཡི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཐོག་ཁང་བཞི་བའི་ཉི་གཡབ་ནས་མར་ལྷུང་བ་ན། ལམ་བར་དུ་འགྲོ་བཞིན་པའི་ཁྲེང་ཀོང་ཧུའེ་ཡིས་ལག་པ་གཉིས་ཀྱིས་བྱིས་པ་བཟུང་བ་དང་མིག་སྔར་ཁོ་གཉིས་ལ་ཚེ་སྲོག་གི་ཉེན་ཁ་མེད།

    སྲིད་ཇུས།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་བ་ལྟར་ན། དཀའ་ངལ་ཡོད་པའི2024ལོའི་སློབ་ཐོན་སློབ་མར་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུ་ཡིན་ལ། ཚད་གཞི་མི་རེར་སྒོར3000ཡིན་པ་དང་མི་རེས་ཐེངས་གཅིག་ལས་བླངས་མི་ཆོག

  • ཀན་སུའུ་ཡིས་བརྡ་ཐོ་བཏང་བ་ལྟར་ན། གུན་སྐྱོབ་ནང་ཞུགས་མཁན་ལས་རྨས་ལས་བཟོའི་རྨས་སྐྱོན་ཁ་གསབ་དང་འཚོ་བའི་ནད་གཡོག་འགྲོ་གྲོན་སོགས་ཀྱི་འབྲེལ་ཡོད་ཐོབ་ཐང་ལེགས་སྒྲིག་བྱས་ནས། རྨས་སྐྱོན་ཕོག་པའི་རིམ་པ་དང་པོའི་མི་སྣ་མི་རེར་ཟླ་རེར་སྒོ109མང་དུ་བཏང་ཡོད།

  • ཅང་སུའུ་ནན་ཅིང་གིས་བྱེད་ཐབས་བཏོན་པ་ལྟར་ན། ལོ35(ཚུད་པ)མན་གྱི་ཆེད་སྦྱོང་སློབ་ཆེན་གྱི་བསླབ་གནས་ཡོད་པའི་སློབ་ཐོན་སློབ་མས་ནན་ཅིང་གྲོང་ཁྱེར་དུ་སྤྱི་ཚོགས་གུན་སྐྱོབ་སྤྲོད་བཞིན་ཡོད་ན། གཞིས་ཆགས་ཆོག་པ་ཁ་གསལ་བྱས་ཡོད།

    དེ་རིང་གི་གནམ་གཤིས།

    微信图片_20230906083436.jpg

  • ཀྲེ་ཅང་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཧྥུ་ཅན་དང་ཀོང་ཏུང་གི་དབུས་ཤར་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་ཡོད་པ་དང་། དེའི་ནང་ཧྥུ་ཅན་གྱི་ལྷོ་རྒྱུད་དང་ཤར་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།