དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་མཱ་ཡུང་པིན་གྱིས་བཞུགས་མོལ་བརྗེ་རེས་གནང་བ།

2023-09-06 14:59:32   |   1160

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་མཱ་ཡུང་པིན་འཁོར་དང་བཅས་པས་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཐད་བསམ་ཚུལ་བརྗེ་རེས་གནང་།

1.jpg

ཚོགས་འདུའི་ཐོག་མཱ་ཡུང་པིན་གྱིས་ནུབ་མཚོ་རྡོ་སོལ་གྱི་གཉེར་སྐྱོང་དོ་དམ་དང་། ཕུགས་ཀྱི་འཆར་འགོད། བདེ་འཇགས་ལྟ་སྐུལ་དོ་དམ། མ་དངུལ་གཏོང་ཚུལ་བཅས་དང་། དེ་བཞིན་ཁོངས་གཏོགས་གཏེར་ཁྲོན་གྱི་ཐོན་སྐྱེད་བསྐྱར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་ཐད་བསྒྲུབས་པའི་ལས་དོན་ངོ་སྤྲོད་གནང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་ཀྱི་ཐོན་སྐྱེད་བསྐྱར་གསོ་དང་། ཐོན་སྐྱེད་ལ་ཕན་འབྲས་ཐོན་པ། འཕེལ་རྒྱས་ལེགས་པོ་ཡོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ཚད་མཐོའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་པའི་རེ་བ་ཞུས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་སྐྱེལ་འདྲེན་ཚོགས་པས་ནུབ་མཚོ་རྡོ་སོལ་གཏེར་ཁྲོན་གྱི་བདེ་འཇགས་ཚབ་གཉེར་དང་། མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། བདེ་འཇགས་ཐོན་སྐྱེད། ཐོན་སྐྱེད་བསྐྱར་གསོ་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བསྒྲུབས་པའི་ལས་དོན་ལ་རྒྱུས་ལོན་དང་བསམ་ཚུལ་བརྗེ་རེས་གནང་བ་དང་། མཚོ་སྔོན་སྐྱེལ་འདྲེན་ཚོགས་པས་འགན་བབས་འགན་འཁྲི་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་གནས་བབ་གསལ་རྟོགས་དང་། གནད་དོན་གྱི་ཧེ་བག་ཡང་དག་མཐོང་སྟེ། བདེ་འཇགས་དང་། ཚན་རིག གོ་རིམ་ལྡན་པའི་སྒོ་ནས་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་བསྐྱར་གསོ་ལ་སྐུལ་འདེད་གཏོང་བར་བླང་བྱ་བཏོན། གཅིག་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ངོས་འཛིན་གསལ་པོ་བྱེད་པ། ཁེ་ལས་འཕེལ་རྒྱས་ཀྱི་གནས་བབ་དང་དཀའ་ངལ་ལ་སླར་ཡང་ཞིབ་ལྟ་བྱེད་པ་བཅས་བྱས་ཏེ། ངེས་གནས་གསར་པ་འཚོལ་བ། ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་དང་། ལས་བྱེད་པ་དང་ཤེས་ལྡན་པ་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་ཀྱི་ལས་ཀའི་ཕན་ནུས་ཆེ་རུ་གཏོང་བ། ནུབ་མཚོ་རྡོ་སོལ་གྱི་ཁྲོམ་ར་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་སྣང་བརྙན་གསར་པ་བསྐྱར་སྐྲུན་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བྱེད་དགོས། གསུམ་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་བ་དང་། བདག་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་དགོས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དང་ཕན་འབྲས་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞུང་ཁོངས་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པར་བྱེད་དགོས།

ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཚོ་ཅི་ཆང་། མཚོ་སྔོན་སྐྱེལ་འདྲེན་ཚོགས་པའི་སྤྱི་གཉེར་གཞོན་པ་ཕེང་སྨི་དང་། ནུབ་མཚོ་རྡོ་སོལ་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཝུན་ཧེ། ནུབ་མཚོ་སོལ་གློག་གི་རྒྱུན་ལས་སྤྱི་གཉེར་གཞོན་པ་ལི་ཡོ་བཅས་ཞུགས་ཚོགས་འདུར་ཞུགས།


མཉམ་སྤྱོད།