དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

 རྐང་ཚ་རྫོང་གི་རྫོང་དཔོན་སྟག་ལྷས་སྣེ་ཁྲིད་དེ་རྫོང་ཁོངས་ཀྱི་སྡེ་བ་འགའ་ཡི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་སྡེ་བའི་ཐུན་མོང་དཔལ་འབྱོར། དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

2023-09-06 14:51:39   |   371

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230906171737.jpg

ཟླ9བའི་ཚེས5ཉིན། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སྟག་ལྷ་དང་རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཅིས་ཧྲི་ཝེ། རྫོང་དཔོན་གཞོན་པ་རིན་ཆེན་བཅས་འོམ་ཆུ་གྲོང་རྡལ་དེའུ་དམར་སྡེ་བ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་རྐང་ཚ་གོང་མ་སྡེ་བར་བསྐྱོད་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་སྡེ་བའི་ཐུན་མོང་དཔལ་འབྱོར། དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

微信图片_20230906171744.jpg

རྫོང་དཔོན་སྟག་ལྷ་འཁོར་དང་བཅས་པས་སྔ་རྗེས་སུ་དེའུ་དམར་སྡེ་བའི་མི་འཚོ་སྡོད་ཁོར་ཡུག་དང་རོགས་རེས་བདེ་སྐྱིད་གླིང་། དེ་བཞིན་གཡུ་དཀར་འོམ་ལུང་ཡུལ་ཚོ་རྐང་ཚ་གོང་མ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད།  སྡེ་བ་གཉིས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ནས་ཐག་གཅོད་བྱས།

微信图片_20230906171753.jpg

དེའུ་དམར་སྡེ་བ་དང་རྐང་ཚ་གོང་མ་སྡེ་བ་རུ་རྫོང་དཔོན་སྟག་ལྷ་དང་བཅས་པས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་གླེང་རེས་བྱེད་པའི་ཐོག་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་འགན་འཁུར་བློ་མཐུན་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་དེ་བཞིན“སྲོག་ཤིང་གཅིག་དང་ རུ་ཁག་ལྔ”ཡི་ཁོངས་མིའི་དབར་ངོ་ཐུག་ནས་སྙིང་གཏམ་སྤེལ་རེས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ། རྗེས་ཕྱོགས་ཀྱི་བྱ་བའི་འཆར་གཞི་སོགས་ཀྱི་གནས་ཚུལ་རྒྱུས་མངའ་བླངས་པ་མ་ཟད། སྡེ་བའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ནས་མུ་མཐུད་འབད་བརྩོན་བྱ་རྒྱུའི་རེ་བ་ནན་མོ་བཏོན།

微信图片_20230906171802.jpg

རྫོང་དཔོན་སྟག་ལྷས་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བརྩིས་ཡོད་ལ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་སྲིད་གཞུང་གི་རོགས་རམ་ལ་ཁ་འབྲལ་ཐབས་མེད་པས།  ངེས་པར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མཉམ་དུ་ཕྱུག་པོར་འགྱུར་བའི་འབྱོར་འབྲིང་ལམ་ཆེན་ལ་བསྐྱོད་དགོས་ཞེས་བཤད།

སྟག་ལྷས་ནན་གྱིས་བསྟན་དོན།  གཅིག་ནས་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་མགྱོགས་པོར་འགྲོ་བར་སྐུལ་འདེད་གཏོང་དགོས།  སྡེ་སྡོད་ལས་དོན་རུ་ཁག་གིས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བགྱིས་ཏེ། མང་ཚོགས་དང་ཟུང་འབྲེལ་དམ་ཟབ་ཀྱིས་རང་ངོས་ཀྱི་ནུས་པར་བརྟེན་ནས་སྔོན་ཐོན་གྱི་འཕེལ་རྒྱས་འདུ་ཤེས་དྲིལ་བསྒྲགས་བྱས་ཏེ་གཞི་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  “སྡེ་བའི་ཏང་ཀྲི་པུ་དང་ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་བཏང་ནས་གྲོང་གསེབ་དར་སྤེལ་གྱི་ལས་དོན་གྲུབ་འབྲས་རྒྱུན་ཆད་མེད་པར་རྒྱ་ཆེར་བསྐྱེད་དགོས། གཉིས་ནས་སློབ་ཆེན་སློབ་མ་དང་ས་གནས་ཀྱི་ཆེད་མཁས་པ་སོགས་འཇོན་ཐང་ཅན་སྡེ་བའི་ཐུན་མོང་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་ཏེ།སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་ཤུགས་དང་དངོས་ཤུགས།ནོར་ཤུགས་བཅས་འགན་ལེན་བྱས་ནས་ཐུན་མོང་དང་མང་ཚོགས་གཉིས་ཀས་ཁེ་ཕན་རག་པ་མངོན་འགྱུར་བྱེད་དགོས། གསུམ་ནས་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་སྣེ་ཁྲིད་དེ་འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ་མཉམ་དུ་སྐམས་ལུག་ཤ་ཕྱིར་འཚོང་དང་གཟན་རྩྭ་གཟན་ཆས་ཉར་ཚགས། དཀོན་ལོ་ཚང་གོང་མ་སྡེ་བའི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན། མཚོ་འཁྱིལ་ཆུའི་ཆུ་ལམ་བཅོས་སྐྱོང་དེ་བཞིན་རྐང་ཚ་གོང་མ་སྡེ་བའི་ཞིང་སྡེ་ཁྲོན་པ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། བཞི་ནས་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་སྣེ་ཁྲིད་དེ་དེའུ་དམར་སྡེ་བའི་རང་འབབ་ཆུ་སྦུག་ལམ་བསྒྱུར་བཀོད་ལས་གཞིའི་ཡིག་ཐོག་སྙན་ཞུ་དང་མི་འཚོ་སྡོད་ཁོར་ཡུག་ལེགས་བཅོས།སྡེ་བའི་རྣམ་པ་ཡག་པོ། རང་སྐྲུན་ཁང་བའི་འགྲོ་ལུགས་སྟབས་བདེ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་འཚོ་སྡོད་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། ལྔ་ནས་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་དག་གིས་བྱ་བའི་སྒྲུབ་སྟངས་གཙིགས་སུ་བཟུང་སྟེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཕྱུག་འགྱུར་གྱི་གསོན་ཤུགས་རྒྱས་པར་སྐུལ་མ་གཏོང་དགོས།

རྫོང་སྲིད་གཞུང་གཞུང་ལས་ཁང་དང་གྲོང་གསེབ་དར་སྤེལ། སྡོད་ཁང་འཛུགས་སྐྲུན། ཞིང་ཕྱུགས། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཁག་ གི་འགན་འཁུར་བློ་མཐུན་རྣམས་ཞུགས་ཡོད།


མཉམ་སྤྱོད།