དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-07 08:50:35   |   3034

སྒྲིག་སྒྱུར།  ཀླུ་མོ་མཚོ།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་ཀྲུང་གོའི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་ཨ་སྒོར་དུང་ཕྱུར8891ཡོད་པ་དེ་དུས་མཚུངས་ལས8.3%འཕར་ནས། བསྟུད་མར་ལོ་དགུ་ལ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་གནས་ཡོད།

  • ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《གཏེར་རིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས།

  • ཚེས6ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མ་འཇོག་རྣམ་གྲངས་ཀྱི་དྲ་ཐོག་ཞིབ་མཆན་ལྟ་སྐུལ་དོ་དམ་ལས་སྟེགས་སུ“དམངས་ཁྲོད་མ་འཇོག་གནད་དོན་གྱི་གོང་ཞུའི་ཆེད་སྒྲིག་ལེ་ཚན”བཏོན་ཡོད།

  • བཟོ་འཕྲིན་པུ་དང་ནོར་སྲིད་པུས་ཇུས་གཞི་དཔར་འགྲེམ་བྱས་ནས། 2024ལོར་སླེབས་སྐབས། རང་རྒྱལ་གྱིས་ལག་ཐོགས་ཁ་པར་ཁྲོམ་རའི5Gལག་ཐོགས་ཁ་པར་གྱི་དངོས་ཟོག་འདོན་ཚད་ཀྱིས85%ལྷག་ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་ཐོག་ནས་ཁྲིམས་འགལ་ངང་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་བ་དང་འབྲེལ། དངུལ་ཆད་སྒོར་ཁྲི5000གཅོད་རྒྱུ་རེད།

  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་དེ་ཚེས8ཉིན་ཧང་ཀྲོའུ་རུ་མགོ་བརྩམས་པ་དང་། དཔལ་འབར་འཛིན་པའི་ལོ་ན་ཆུང་ཤོས14དང་ལོ་ན་ཆེ་ཤོས་ལོ84ཡིན།

    微信图片_20230907084151.jpg

  • འཇར་ཕན་དཔོན་རིགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ས་བཀྲའི་ཐོག་བཀོད་པའི་ཏེའོ་ཡུས་གླིང་ཕྲན་སོགས་ལ་ཚུལ་མིན་གཏམ་བརྗོད་སྤེལ་བ་རེད། ཕྱི་འབྲེལ་པུས་ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པ་དང་། ཀྲུང་གོའི་ས་བཀྲས་ཏེའོ་ཡུས་གླིང་ཕྲན་དེ་ཀྲུང་གོའི་མངའ་ཁོངས་སུ་བརྩི་རྒྱུ་ནི་སྨོས་མ་དགོས་པ་ཞིག་ཡིན་ཞེས་ལན་བཏབ་ཡོད།

  • ཚེས6ཉིན། རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་གིས་གློག་རྡུལ་རྩལ་འགྲན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།

  • ཉེ་ཆར། དབྱིན་ཇིའི་རྟེན་མཛོད་ཁང་གི་ཉར་ཚགས་དངོས་རྫས་ཤོར་བའི་དོན་རྐྱེན་ལ་ཕྱོགས་མང་པོའི་སྐྱོན་བརྗོད་བྱས་ཡོད། ཀེ་རི་སི་དང་ནི་ཀྲེ་རི་ཡ(尼日利亚)སོགས་རྒྱལ་ཁབ་མང་པོས་དབྱིན་ཇིའི་རྟེན་མཛོད་ཁང་ལ་རིག་དངོས་ཕྱིར་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། རླུང་འཁྱིལ་དང་མཁའ་རླུང་གྲང་མོས་མཉམ་དུ་ཤུགས་རྐྱེན་ཐེབས་པའི་དབང་གིས། ཚེས7ནས9ཉིན་བར། ནང་སོག་དང་བྱང་ཤར་ས་ཁུལ། ཧྭ་བྱང་བྱང་རྒྱུད་སོགས་ཀྱི་དྲོད་ཚད4~8བར་མར་ཆག་རྒྱུ་རེད།

  • འཕྲལ་བསྟུན་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱིས་ཁྱོན་མི་ཐེངས་ཁྲི888.7ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར341.9ཕོག་ཡོད་པ་རེད།

  • དྲ་ཐོག་ཏུ་བཤད་པའི “ཨེ་ཤེ་ཡའི་སྐྱེལ་འདྲེན་བྱེད་རིང་ཀྲེ་ཅང་གི་མྱུར་སྐྱེལ་གཏོང་མཚམས་འཇོག་པ”དེར་ཀྲེ་ཅང་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་་ལན་བརྒྱབ་པ་ལྟར་ན། བསྐུར་མི་ཆོག་པའི་དངོས་རྫས་ཕུད་མྱུར་སྐྱེལ་དངོས་རྫས་གཞན་དག་ལ་ཤུགས་རྐྱེན་མི་ཐེབས་པ་རེད།

  • ཚེས6ཉིན། ཐེན་ཅིན་གྱི“ཆུ་མཆོང་ཨ་མྱེས”ཚོགས་པས་སེང་གེ་ནགས་ཟམ་ནས་ཆུར་མཆོང་བ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ། གནས་སྐོར་བ་ཆེད་ལས་ཁང་བ་ནས་ཆུར་མཆོང་བ་ལས་བརྒལ་དགོས་པའི་འབོད་སྐུལ་ཡང་བྱས།

  • ཚེས6ཉིན། 2023ལོའི་ཕིང་ཕང་སྤོ་ལོའི་ཨེ་ཤེ་ཡའི་སྐྱེས་པའི་ཚོགས་པའི་རྟིང་རྩོད་འགྲན་སྡུར་ཁྲོད། ཝང་ཁྲུའུ་ཆིན་དང་ཧྥན་ཀྲེན་ཏུང་། ལེའང་ཅིང་ཁུན་སོགས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ཀྲུང་གོའི་ཐའེ་པེའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་ཡོད།

  • 2023ཀྲུང་གོའི་དྲ་བའི་བུད་མེད་རྐྱང་རྒྱག་འགྲན་སྡུར་ནང་ཞུགས་རྒྱུའི་མིང་ཐོ་གཏན་འཁེལ་བྱས་པ་དང་། ཨང་དང་པོ་ཐོབ་མཁན་བདམས་ཐོན་པ་མང་པོ་ཞིག་ཕྱིར་བསྒྲགས་ཡོད། ཀྲུང་གོའི་བདམས་ཐོན་པ་ཀྲེང་ཆིན་ཝུན་དང་ཀྲུའུ་ལིན་གཉིས་འགྲན་སྡུར་དུ་ཞུགས་རྒྱུ་རེད།

  • ཉེ་ཆར། ཅང་ཞི་ཉེན་རྟོག་ཕྱོགས་ཀྱིས་ཐོ་འགོད་ཚོང་རྟགས་རྫུས་མའི་རྒྱལ་སྤྱིའི་སྤུས་རྟགས་དུས་ཚོད་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྒྱལ་ཁའི་ངང་རྩད་ཆོད་ནས། ཉེས་གསོག་དོགས་ཅན21བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1ལས་བརྒལ་ཡོད།

  • ཚེས6ཉིན། ཐེན་ཅིན་དང་པེ་ཅིང་ཏ་ཤིང་སྦྲེལ་མཐུད་བྱེད་པའི་ཅིན་ཤིང་གྲོང་ཁྱེར་དབར་གྱི་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་ད་ལོར་བསྐྲུན་ཚར་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    微信图片_20230907084155.jpg

  • ཉེ་ཆར། ཀྲུང་གོའི་ཚན་ཞིབ་མི་སྣས་ལྷོ་རྒྱ་མཚོའི་དབུས་ཀྱི་མཚོ་གཞོང་གི་གཏིང་ཚད་སྨི4000ཙམ་གྱི་སར། རང་རྒྱལ་གྱི་རྒྱ་མཚོ་བརྒལ་བའི་མཚོ་གཏིང་གི་མིས་བཟོས་འབྱུང་ཁུངས་ཀྱི་གློག་ཁབ་ལེན་དང་ས་གཞིའི་གློག་ཁབ་ལེན་མཉམ་འབྲེལ་ཐོག་འཚོལ་ཞིབ་ཚད་ལེན་བྱས་པའི་གཤགས་ངོས་ཀྱི་ཚོད་ལྟ་དང་པོ་བྱས།

    微信图片_20230907084200.jpg

  • རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཧྥུ་ཅན་ཧྥུ་ཀྲོའུ་ཡི་མང་ཚོགས་ཤིག་གིས་བསྐྲུན་པའི་ལྕགས་ཤོག་ཁང་པའི་ཐོག་གི་འཕྲེད་གདུང་གཡོ་འགུལ་བྱེད་བཞིན་ཡོད་པ་ན། མི་དམངས་ཉེན་རྟོག་པ་ཁྲེན་ཏེ་ཞིན་སོགས་མི་གསུམ་གྱིས་གྲུ་གཟིངས་ལ་བརྟེན་ནས་འཕྲེད་གདུང་བཟུང་བ་དང་འབྲེལ་ཁང་པའི་ནང་ལུས་པའི་མང་ཚོགས་བཅུ་གཅིག་བདེ་བླག་ངང་གནས་སྤོ་བྱས།

    སྲིད་ཇུས།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ནས། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་སྐབས་ཁང་པའི་དཔྱ་ཁྲལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དུས་ཚད་དེ2023ལོའི་ཟླ12ཚེས31ཉིན་བར་རྒྱུན་མཐུད་བྱས་ཡོད།

  • ཀོང་ཏུང་གིས་བརྡ་ཐོ་བཏང་ནས། ཡུལ་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་གཅོང་ནད་ཀྱི་ཡུན་རིང་སྨན་ཐོའི་ཞབས་ཞུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ནད་གཞི་བརྟན་པོ་ཡོད་པའི་ནད་པར་གཟའ་འཁོར4-12བར་གྱི་ཡུན་རིང་སྨན་ཐོ་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད།

  • ཧོ་པེ་ཞུང་ཨན་གྱིས་སྲིད་ཇུས་བཏོན་ནས།  སྡེ་ཚན་དང་མཉམ་དུ་པེ་ཅིང་ནས་ཞུང་ཨན་ཁུལ་གསར་དུ་ཡོང་བའི་མི་སྣས་ཁུལ་གསར་དུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བྱེད་ཆོག་པ་གཏན་ཁེལ་བྱས།

    དེ་རིང་གི་གནམ་གཤིས།

    微信图片_20230907084031.jpg

  • མཚོ་སྔོན་གྱི་ཤར་རྒྱུད་དང་ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིའི་ལྷོ་ནུབ། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཏུང་གི་དབུས་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཅང་ཞིའི་ལྷོ་ནུབ་རྒྱུད་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།