མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་བ།

2023-09-07 11:13:36   |   4297

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་སྟེ། གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་གསན་པ་དང་།  གནས་པའི་གནད་དོན་ལ་ཞིབ་འཇུག་གནང་ཞིང་། ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲེན་ཚོགས་འདུར་ཞུགས།

1.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་གྱི་གོང་འོག་ཚང་མས་དཔལ་འབྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མཚོ་བྱང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཐེངས་དང་པོ་དང་། གཉིས་པ། གསུམ་པའི་ཞན་ཆར་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཚོད་འཛིན་ཐུབ་པ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། “243”འཕེལ་རྒྱས་ཀྱི་བཀོད་པ་དང་། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་ཏེ་ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། འཕར་གནས་གསར་བ་གསོ་སྐྱོང་དང་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་དུ་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གྱི་སྤྱི་འབོར་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གྱི་དངོས་སྟོབས་ཇེ་ཆེར་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས། གཅིག་ནས་ཞིང་འབྲོག་ལས་ཀྱི“ཐོན་ལས་ཆེན་པོ་ལྔ”དར་སྤེལ་དང་། “བོད་ལུག་དང་འབྲི་གཡག་ཁྲི་སྟོང”གི་རྟེན་གཞི་འཛུགས་སྐྲུན། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་ལས་གྲྭ་ལག་བསྟར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ནོར་ལུག་གི་རུས་པ་དང་རྭ་ཅོ། ཁུ་ལུའི་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ། ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གནས་སྐོར་དང་ལྗང་མདོག་སྐྱེ་ཁམས་གནས་སྐོར་གྱི་ལས་དོན་ཆེན་པོ་གཉིས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་བཏང་ནས་ཐོན་ཁུངས་ལེགས་སྒྱུར་དང་། ཐོན་ལས་མཉམ་འདྲེས། ཁྲོམ་ར་གསར་འབྱེད། སྤུས་ཚད་མཐོར་འདེགས་བཅས་ཀྱི་ཐད་ཤུགས་རྒྱག་དགོས། གསུམ་ནས་ཡུལ་བབ་དང་བསྟུན་ནས་རྫོང་ཁག་གི་བཟོ་ལས་གླིང་ཁུལ་གྱི་ཐོན་ལས་བཀོད་པ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ལྗང་མདོག་གླིང་ཁུལ་དང་། ལྗང་མདོག་གཏེར་རི་འཛུགས་སྐྲུན། རླུང་གློག་དང་། འོད་ཤུགས། ཆུ་འཐེན་ནུས་གསོག་སོགས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

2.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་མངོན་པའི་སྟོབས་ཤུགས་དང་ནང་གནས་སྒུལ་ཤུགས་རྒྱུན་མཐུད་སྔོག་འདོན། ཕྱོགས་ཁག་གི་ལེགས་ཆ་སྐུལ་སློང་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དང་གཏིང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། གཅིག་ནས་བརྗོད་དོན་སློབ་གསོ་ལྟེ་བ་བྱས་ཏེ། “ངས་མཚོ་བྱང་འཕེལ་རྒྱས་ལ་ཐབས་ཇུས་འདོན་པའི”བྱེད་སྒོ་སྤེལ་ཏེ། མཚོ་བྱང་ཁུལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་འདོན་དགོས། གཉིས་ནས་ཁྲལ་ཁུངས་ཀྱི་གཞི་གྲངས་དང་། ཁྲལ་ཁུངས་ཀྱི་གྲུབ་ཚུལ། ཁྲལ་ཁུངས་ཁྱབ་ཚུལ་སོགས་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ལེགས་ཀྱི་དཔྱ་ཁྲལ་འབྱུང་ཁུངས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ་ས་གནས་ཀྱི་ནོར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནས་ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་དང་། ཧྲན་ཏུང་ཞིང་ཆེན་གྱི་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། ཧྲན་ཏུང་གི་གཞུང་ཁོངས་ཁེ་ལས་ཆེ་གྲས་དང་། དམངས་གཉེར་ཁེ་ལས། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མཚོ་སྔོན་གློག་ཤུགས་སྤྱི་གཉེར། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་མཚོ་སྔོན་སྤྱི་གཉེར་སོགས་ཁེ་ལས་ལ་གང་མགྱོགས་འཚམས་འདྲི་བྱས་ཏེ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ནུབ་མཚོ་རྡོ་སོལ་སྤྱི་གཉེར་དཀའ་ངལ་ལས་ཐར་བར་སྐུལ་འདེད་བཏང་སྟེ། སྟོང་ཝ་དང་ཁྲི་ཝ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་སྟོབས་ཆེར་གཏོང་དགོས། བཞི་ནས“བཅུ་བཞི་ལྔ”འཆར་འགོད་ཀྱི་དུས་སྐབས་བར་མའི་ལེགས་སྒྲིག་གོ་སྐབས་དམ་འཛིན་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཞིང་ཆེན་ཡོངས་དང་རྒྱལ་ཁབ་ཀྱི་འཆར་འགོད་ནང་འཇུག་རྒྱུར་བརྩོན་ལེན་བྱེད་དགོས། ལྔ་ནས་ཞིང་ཆེན་གྱི་ལུག་རྒྱུད་གསོ་ཚགས་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཧྲན་ཏུང་དང་ཀན་སུའུ་ཀན་ལྷོ་སོགས་ས་གནས་ཀྱི་བཟོ་གྲྭ་གཉེར་བའི་རྣམ་པ་དང་ཐོན་སྐྱེད་བཟོ་རྩལ་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ནོར་ལུག་གི་རུས་པ་དང་པགས་རིགས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

3.jpg

ཤ་བོ་སྐྱབས་ཀྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ལ་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། དུས་ཐོག་ཏུ་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ། གནད་དོན་གསར་པ་ཐག་གཅོད་བྱེད་པ། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཅིག་ནས་ལས་རིགས་སློབ་གསོ་ཇེ་ལེགས་སུ་གཏོང་བ་དང་། ཧྲན་ཏུང་ཞིང་ཆེན་གྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་པ། ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ། ལྕགས་རིགས་སྒྱུ་རྩལ་དཔེ་དབྱིབས་ཇུས་འགོད་དང་བཟོ་བ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཀྱི་ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་བཙུགས་ཁེ་ལས་སྟོབས་ཆེར་གཏོང་དགོས། གཉིས་ནས་ནུབ་མཚོ་གྲོང་རྡལ་ནས་ཟུར་གསུམ་གླིང་བར་གྱི་གྲོང་ཁྱེར་དང་གྲོང་རྡལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་དམིགས་ཏེ་སྙན་ཞུའི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ནུབ་མཚོ་གྲོང་རྡལ་གྱི་གྲོང་ཁྱེར་སྐོར་བའི་གཞུང་ལམ་རྣམ་གྲངས་རེ་ཞུ་དང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་དགོས། གསུམ་ནས་སྡོད་ཁང་གི་དགོས་མཁོ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་ནུབ་མཚོ་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་ལས་བྱེད་པའི་འཁོར་རྒྱུག་སྡོད་ཁང་གི་ཚད་ལྡན་ཅན་གྱི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྡོད་ཁང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས། རིགས་བགར་ཏེ་ཇུས་བསྟར་བྱེད་པ་མཐའ་འཁྱོངས་བྱས་ཏེ་ནུབ་མཚོ་གྲོང་རྡལ་གྱི་གཞུང་ལས་ཁང་དང་གྲོང་མིའི་ཁུལ་ཆུང་སོགས་སྡེ་ལས་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནས་ཞིང་ཨུའི“གཅིག་ཅན་བཅུ”ཡི་ལས་ཀའི་བླང་བྱ་དང་། ཞི་བདེའི་མཚོ་བྱང་འཛུགས་སྐྲུན་གྱི “བྱེད་ཐབས60” གཞིར་བཟུང་སྟེ། དཔྱད་ཞིབ་དམིགས་ཚད་ལ་གཞིགས་ནས་ཆད་ལུས་གསབ་བཤེར་དང་། གནད་དོན་དག་ཐེར་ལ་ཤུགས་སྣོན། ལྟ་སྐུལ་མཛུབ་ཁྲིད་དང་བྱང་བུ་བཀལ་ནས་ལྟ་སྐུལ་ལ་ཤུགས་སྣོན་བཅས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་དམ་འཛིན་དང་། ཞིབ་ཚགས། དམ་འཛིན་ཡག་པོ་བཅས་བྱེད་དགོས། ལྔ་ནས་ཁུལ་ཡོངས་ཀྱི་དབུལ་སྐྱོར་རྣམ་གྲངས་དང་། དབུལ་སྐྱོར་ཐོན་ལས་གླིང་། རོགས་སྐྱོར་འཁོར་ཁང་སོགས་ཀྱི་འཁོར་སྐྱོད་དང་། ཁེ་བཟང་། ཁེ་སྤོགས་བགོ་བྱ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།

4.jpg

ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་མི་སྣ་མཚོ་བྱང་ཁུལ་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང་། ས་མཐོའི་གཞིས་ཁྱིམ་དུ་ཡུལ་དངོས་གཞུང་དོན་སྒྲུབ་པར་བསྐྱོད། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་གཏོད་རྒྱུ་ནི་ས་གནས་དེ་གའི་ཐོན་རྫས་གྲགས་ཅན་དྲིལ་སྒྲོག་དང་འོས་སྦྱོར་བྱེད་པའི་སྟེགས་བུ་གལ་ཆེན་དང་ནུས་ལྡན་སྐར་ཁུང་ཞིག་རེད། ཐོན་རྫས་འགྲེམས་ཚོང་ལྟེ་གནས་རྒྱུན་མཐུད་ངང་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་གཏོང་བ་དང་། ཟོག་འདྲེན་རླངས་འཁོར་མི་འདང་བ་དང་མཛོད་ཁང་གནས་ཡུལ་སོགས་ཀྱི་གནད་དོན་མགྱོགས་མྱུར་མཐུན་སྦྱོར་ཐག་གཅོད་བྱེད་པ། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚོང་ཟོག་ཡོང་ཁུངས་འགན་ལེན་ཡག་པོ་བྱེད་པ། མཁོ་སྤྲོད་སྦྲེལ་ཐག་སྤྱི་གཉེར་འཛུགས་རྒྱུར་དམ་འཛིན་བཅས་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་ཉོ་ཚོང་ཚད་ལྡན་དུ་གཏོང་དགོས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སྐར་ཁུང་དུ་བྱས་ནས་སྨྱན་སྦྱོར་གསར་པར་བརྟེན་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ“ལས་སྟེགས་ཕྱིར་འཚོང་དང་།  ཐད་གཏོང་ཕྱིར་འཚོང་། བརྙན་ཐུང”བཅས་ཟུང་འབྲེལ་གྱི་ཐབས་ལམ་ཧྲིལ་པོའི་ཐོག་ནས།  ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས།
        དབྱང་ཧའེ་ལུང་དང་། ཝང་ཡུང་ཁྲང་། ཨ་ཁྱུང་། སི་ཅི་ཧྲེང་། ཚོ་ཅི་ཆང་། མ་རུའུ་ཞང་། ཁྲང་ལིན། ཁུལ་དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་དྲུང་ཆེ། ཁུལ་ཨུའི་འབྲེལ་ཡོད་དྲུང་ཆེ་གཞོན་པ་དང་དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་དང་ཡུལ་དངོས་གཞུང་དོན་སྒྲུབ་པར་ཞུགས།


མཉམ་སྤྱོད།