དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཁྱུང་རྐང་ཚ་རྫོང་དུ་སོང་ནས་དཔལ་འབྱོར་འཁོར་སྐྱོད་དང་བདེ་འཇགས་ཟོན་འགོག་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་བྱས།

2023-09-07 17:07:11   |   2861

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།    བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9ཚེས6ཉིན། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་རྐང་ཚ་རྫོང་དུ་དཔལ་འབྱོར་འཁོར་སྐྱོད་དང་བདེ་འཇགས་ཟོན་འགོག་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་བྱས།  

微信图片_20230907171249.jpg

རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་། ཨ་ཁྱུང་གིས་རྐང་ཚ་རྫོང་བྲ་སོག་འོད་ཤུགས་ཐོན་ལས་གླིང་ཁུལ་གྱི་ཁེ་ལས་ཁག་གི་ཡུལ་དངོས་སུ་སོང་ནས་རྫོང་སྲིད་གཞུང་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་བཞུགས་མོལ་གཏིང་ཟབ་བྱས་ཏེ། གླིང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་། ཁེ་ལས་གཉེར་སྐྱོང་འཕེལ་རྒྱས།  ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་མ་ཟད།  ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་རྒྱུའི་ཐད་མཛུབ་ཁྲིད་བསམ་འཆར་བཏོན།  

微信图片_20230907171253.jpg

ཨ་ཁྱུང་གིས་བསྟན་དོན། རྐང་ཚ་རྫོང་གིས་དུས་མགོའི་ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ལེགས་སྒྲིག་དང་ཁྱབ་གདལ་ནན་ཏན་གཏོང་བ་དང་། གཙོ་བོ་འཆར་འགོད་བྱས་ཟིན་པའི་བྲ་སོག་དང་ཆུ་ཁོལ་འོད་ཤུགས་ཐོན་ལས་གླིང་ཁུལ་དང་ཆུ་ཁོལ་རླུང་གློག་ཐོན་ལས་རྟེན་གཞི་གཉིས་ལ་བརྟེན་ནས་ནུས་རྒྱུ་འགན་ལེན་བྱེད་པའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་དང་རྡོ་སོལ་སྔོག་འདོན་བྱེད་པའི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གཙང་མའི་རྣམ་གྲངས་དེ་བས་མང་བ་བརྩོན་ལེན་དང་། ལག་བསྟར་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ནས་ཁག་གཅིག་གྲབས་གསོག་དང་། ཁག་གཅིག་ལས་མགོ་འཛུགས་པ། ཁག་གཅིག་འཛུགས་སྐྲུན།  ཁག་གཅིག་ལས་མཇུག་འགྲིལ་བ། ནུས་རྒྱུ་གཙང་མའི་རྣམ་གྲངས་ཁག་གཅིག་ཐོན་སྐྱེད་བྱེད་མགོ་ཚུགས་པ་བཅས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ཏེ།  མཚོ་བྱང་ལ་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་གསུམ་པ་མགྱོགས་མྱུར་གཏོད་རྒྱུར་རྨང་གཞི་དེ་བས་བརྟན་པོ་ཞིག་བཏིང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་དེ་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་ཆེན་པོར་འགྱུར་བ་བྱེད་དགོས།

微信图片_20230907171257.jpg

ཨ་ཁྱུང་གིས་རྫོང་སྲིད་གཞུང་དང་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་བདེ་འཇགས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཁོངས་གཏོགས་ཀྱི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་གླིང་ཁུལ་དེ་ཁེ་ལས་སུ་བཅའ་སྡོད་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། གནོད་འཚེ་ཟོན་འགོག་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལྗང་མདོག་གླིང་ཁུལ་དང་། བདེ་འཇགས་གླིང་ཁུལ། ལྗང་མདོག་ཁེ་ལས། བདེ་འཇགས་ཁེ་ལས་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ཕུལ་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་ཐུན་མོང་ཐོག་ལོངས་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན།    

ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན། ཁུལ་འཕྲལ་སྡོམ་དོ་དམ་ཅུ་དང་དེ་བཞིན་རྐང་ཚ་རྫོང་སྲིད་གཞུང་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བྲ་སོག་འོད་ཤུགས་ཐོན་ལས་གླིང་ཁུལ་ཁེ་ལས་སུ་བཅའ་སྡོད་བྱས་པའི་འགན་འཁུར་བ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ནང་ཞུགས།


མཉམ་སྤྱོད།