དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་པའི་གླེང་སྟེགས་ཀྱི་ཡན་ལག་གླེང་སྟེགས་འཚོགས་པ།

2023-09-07 17:20:52   |   2223

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས་གཞོགས་འདེགས་བྱས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་མི་སྣའི་གླེང་སྟེགས་ཏེ། “ཐཱན་ཉོ་འཚོང་གི་འཐབ་ཇུས་བཀོད་པའི་ནང་ཞུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ནུས་ཤུགས་འབུལ།”ཞེས་པའི་དུས་མཉམ་ཡན་ལག་གླེང་སྟེགས་ཟི་ལིང་དུ་འཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞོ་ནན་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ།

གླེང་སྟེགས་ཐོག་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པས་ཏང་གི་གཅིག་གྱུར་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་དམ་པོར་དམིགས་ནས།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་རང་སྟོབས་རང་སྤེལ་དང་འགག་སྒྲོལ་ངལ་སེལ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་གི་གསང་གྲངས་ཧུར་ཐག་གཏོར་ནས་མཚོ་སྔོན་གྱི“ཐཱན་གཉིས”ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྐྱ་གཉིས་འཁོར་རྒྱུག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནས་མགོ་བཙུགས་ཏེ། རྒྱལ་སྤྱིའི་ལྗང་མདོག་ཚོང་དོན་གྱི་མཁར་རྫོང་ལ་ཧུར་ཐག་གིས་ཁ་གཏད་གཅོག་པ་དང་། ལྗང་མདོག་ཐོན་ལས་སྦྲེལ་ཐག་གཏོད་རྒྱུར་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ཇུས་གཞི་བཏོན། རྒྱལ་སྤྱིའི་འཐུས་ཚང་བའི་ཐཱན་ཁྲོམ་རའི་འཕེལ་རྒྱས་ལོ་རྒྱུས་དང་། ཐཱན་གྱི་རིན་གོང་བརྟན་པོ་ཡོང་བའི་ལམ་སྲོལ་དང་ཐཱན་ཁྲོམ་རའི་ལྟ་སྐུལ་དོ་དམ་བཅས་གསལ་འགྲེལ་བྱས་ཏེ། རང་རྒྱལ་གྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་ཐཱན་ཉོ་འཚོང་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་མགོ་བཏོན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་ཐཱན་ཉོ་འཚོང་བྱེད་པའི་ལག་ལེན་ལ་མཛུབ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན།
       ཚོགས་ཞུགས་ཚང་མས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཐཱན་གྱི་རྩེ་གྲངས་དང་ཐཱན་བཏང་སྙོམས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་པའི་ནང་འཇུག་པ་དང་། ལྗང་མདོག་ཚན་རྩལ་དང་ཤེས་ལྡན་མི་སྣས་སྣེ་ཁྲིད་དེ། ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་དང་མ་དངུལ་མཉམ་འདྲེས་ཀྱི་རྣམ་པ་གསར་གཏོད་དང་སྐྱེ་ཁམས་མ་ལག་གི་མཉེན་ཤུགས་མཐོར་འདེགས་བཏང་སྟེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས། བར་སྟོང་བར་མཐོངས་བཅས་ཀྱི་རྣམ་པ་ཞིག་མགྱོགས་མྱུར་ཆགས་པར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ཚོད་ལྟ་ཁུལ་གསར་སྐྲུན་བྱས་ཏེ། མཚོ་སྔོན་ནི་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་ཆགས་པར་སྔར་ལས་མང་བའི་སྟོབས་ཤུགས་དང་བློ་གྲོས་འབུལ་དགོས་ཚུལ་བསྟན།


མཉམ་སྤྱོད།