དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-08 08:46:44   |   3239

སྒྲིག་སྒྱུར།  ཀླུ་མོ་མཚོ།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

微信图片_20230908084143.jpg

  • ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཧྲང་ཀྲི་གྲོང་ཁྱེར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས། 《〈མི་འབོར་དང་འཆར་ལྡན་བུ་བཙའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས་པ་དང་། 2023ལོའི་ཟླ9ཚེས10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཧྥེ་ཅུན་ལུང་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཏེང་ཆིང་མིང་དང་ཀྲང་ལུའུ་ལ“དཔའ་སྤོབས་ལྡན་པའི་འཇིག་རྟེན་འཕུར་སྐྱོད་པ”ཡི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས། 

  • ཚེས7ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི27.08ཡོད་པ་དང་། གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་མཐོ་རིམ་དུ་སླེབས་ཡོད་པ་རེད། 

  • བཟོ་ལས་དང་ཞིང་ལས། ཀྲུང་གོ འཛུགས་སྐྲུན་བཅས་དངུལ་ཁང་ཆེ་གྲས་བཞིས་ཚེས7ཉིན་སྤྱི་བསྒྲགས་སྤེལ་ནས། གསོག་འཇོག་བྱས་པའི་སྡོད་ཁང་གི་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་བྱེད་པའི་དོན་ཚན་ཐོག་མ་ཁ་གསལ་བཟོས་ཡོད། ཞིབ་འཕྲིན།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། འབྲིང་རིམ་ལས་རིགས་སློབ་གྲྭའི་བསམ་བློ་ཆབ་སྲིད་དང་སྐད་ཡིག ལོ་རྒྱུས་བཅས་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ད་ལོའི་སྟོན་དུས་ཀྱི་སློབ་སྐབས་སུ་སྤྱོད་མགོ་བརྩམས་ཡོད། 

    微信图片_20230908084148.jpg

  • ཚེས7ཉིན་གྱི་དུས་ཚོད2:14པར། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་ག་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། རྒྱང་ཚོར་ཨང་སོ་གསུམ་པའི་སྲུང་སྐར03པ་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

    微信图片_20230908084152.jpg

  • པེ་ཅིང་གི་དུས་ཚོད་ཚེས5ཉིན་གྱི་དུས་ཚོད13:55པར། ཀྲུང་གོའི་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས13པ་བྱང་སྣེའི་ས་ཁོངས་སུ་འབྱོར་ནས་ཕྱོགས་བསྡུས་བརྟག་དཔྱད་བྱས། 

  • ཚེས7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་རྒྱལ་ཁབ90ལྷག་གི་འཐུས་མིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུ་ཁས་ལེན་བྱས་འདུག 

  • ཉེ་ཆར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་དང་། ལྷོ་ཨ་ཧྥེ་རི་ཁར་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་འཆར་གཞིར་དངོས་གཞི་མིན་པའི་ངང་ཞུགས་ཡོད། 

    སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། དེ་རིང་དང་སང་ཉིན་བར། ནང་སོག་གི་དབུས་ཤར་རྒྱུད་དང་བྱང་ཤར། ཧྭ་བྱང་བྱང་རྒྱུད་སོགས་ཀྱི་དྲོད་ཚད4~8℃བར་མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད10℃ཡས་མས་མར་ཆག་རྒྱུ་རེད། 

  • ཚེས7ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཏུན་ཧོང་ཞིབ་འཇུག་ཁང་དང་ཧྥན་ཅིན་ཧྲི་སོགས་ལ་བྱས་རྗེས་ཕུལ་བྱུང་གི་བྱ་དགའ་སྤྲད། 

    微信图片_20230908084119.jpg

  • ཚེས7ཉིན། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གཅིག་སྡུད་སྦྱོང་བརྡར་གྱི་མི23གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད། ཝང་ཧྲོང་སོགས་ཕྱི་རྒྱལ་དུ་ནུས་པ་ལྡན་པའི་སྤོ་ལོ་རྒྱག་མཁན3ཚུད་ཡོད། 

  • ཚེས7ཉིན། ཞི་ཨན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས། 

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་དང་དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་དེ་སྔའི་ཁྲིམས་སའི་མགོ་འཛིན་ཀྲེང་ཞུའེ་ལིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

    微信图片_20230908084200.jpg

  • ཀྲུང་གོ་སྦྲག་སྲིད་ཀྱིས་ཚེས7ཉིན《“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི》རྗེས་དྲན་སྦྲག་འཛིན་ཆ་ཚང་གཅིག་འགྲེམ་སྤེལ་བྱས་པར་རིན་ཐང་སྒོར1.20ཡིན། 

    微信图片_20230908084204.jpg

  • ཚེས7ཉིན་རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·བདུད་གྲོང་རྟགས་ཅན”ལེགས་གྲུབ་ཟིན་པའི་ར་སྤྲོད་ཚོད་ལྟ་བྱེད་མགོ་བརྩམས། 

  • ཧུའུ་ནན་ཁྲང་ཧྲ་ཡི་ཁྱིམ་བདག་ཞིག་གིས་ཕྲུ་གུ་དགེ་རྒན་གྱིས་གཅར་ནས་མགོ་བོ་བཅག་འདུག་ཅེས་བརྗོད་པ་ན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་བརྡ་ཁྱབ་བཏང་བར་གཞིགས་ན། དོན་རྐྱེན་དང་འབྲེལ་བའི་དགེ་རྒན་སུང་ག་གེ་མོ་ལ་བསམ་བཞིན་དུ་གནོད་འཚེ་བཏང་བའི་ཉེས་གསོག་དོགས་གཞི་ཡོད་པས་ཉེས་དོན་བཀག་ཉར་བྱས་ཡོད་ཚུལ་བསྟན། 

  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་གསར་གཏོད་ལག་རྩལ་མང་པོ་ཞིག་བཟོས་ནས་རྡུལ་ཕྲན་གྱི་རྙོག་དྲ་མང་པོ་བཟོས་པས། ནུས་ཆེའི་ཚད་རྡུལ་རྩིས་འཁོར་གསར་པ་ཞིབ་བཟོ་བྱེད་པར་རྨང་གཞི་བཏིང་ཡོད། 

    微信图片_20230908084207.jpg

  • ཞིབ་འཇུག་མི་སྣས་ཧྥུ་ཅན་དུ་ཁུང་འབྲུག་གི་འགྱུར་རྡོ་ཐོག་མར་ཤེས་རྟོགས་བྱུང་བ་དང་འབྲེལ“ངོ་མཚར་ཅན་གྱི་ཧྥུ་ཅན་འབྲུག”ཅེས་མིང་བཏགས་ནས། འདབ་ཆགས་ཀྱི་འབྱུང་ཁུངས་ཀྱི་སྟོང་ཆ་ཁག་གཅིག་བསྐངས་ཡོད། 

    སྲིད་ཇུས།

  • ཧྲན་ཏུང་གིས་ནུས་ཁུངས་གསར་པའི་རླངས་འཁོར་གཤམ་སྐྱོད་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཏོན་ནས། 2025ལོར་སླེབས་དུས་སྤྱི་པའི་གློག་གསོག་ས་ཚིགས“ཡུལ་ཚོ་ཚང་མར་ཁྱབ་པ”བྱ་རྒྱུ་བཏོན་ཡོད། 

  • ཧྲང་ཧའེ་ཡིས་རླངས་འཁོར་གསར་སྒྱུར་དང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་པ་དང་། མི་སྒེར་གྱི་འཛད་སྤྱོད་པས“རྙིང་ཚབ་གསར་བརྗེ”བྱས་ནས་འབར་སྣུམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་རླངས་འཁོར་གསར་པ་ཉོ་བར་ཐེངས་གཅིག་ལ་རླངས་འཁོར་ཉོ་བའི་ཁ་གསབ་སྒོར2800རེ་ཞུ་བྱེད་ཆོག

  • ཧྲེན་ཀྲེན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཁང་བདག་སོགས་གྲོན་དངུལ་ཚབ་བསྡུ་བྱེད་མཁན་གྱིས་གྲོང་མིའི་ཆུ་གློག་འབར་སྣུམ་བཅས་ཀྱི་གླ་དངུལ་གང་བྱུང་དུ་སྤར་བར་དངུལ་ཆད་མཐོ་ཤོས་སྒོར་ཁྲི་20གཅོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

    微信图片_20230908084211.jpg

  •  ཉིང་ཞ་དང་ཧྲན་ཏུང་གི་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཏུང་། ཀོང་ཞི། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བའི་བར་ཡོད་ལ། དེའི་ཁྲོད་ཀོང་ཞིའི་ཤར་རྒྱུད་དང་། ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།