དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་སྐབས། གྲོང་གསེབ་དར་སྤེལ་ཀྱི་རྩ་བའི་གསོན་ཤུགས་འཕེལ་བར་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ་ནན་གྱིས་བསྟན།

2023-09-08 08:54:13   |   2974

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ9ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་ཕྱིན་ཏེ་གྲོང་གསེབ་དར་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་།

微信图片_20230908170153.jpg

“1+10”གཞི་རིམ་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་ཀྱི་མཁར་གྲོང་ཡུལ་ཚོ་འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་རིམ་བྱུང་གི་རྟོག་ཞིབ་བཀོད་སྒྲིག་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཡུལ་དངོས་བཤེར་ཞིབ་གནང་བ་དང་། གཙོ་གནད་ལ་དམིགས་པ་དང་། དམིགས་ཚད་ལ་དམ་པོར་དམིགས་པ། གནད་སྨིན་ཤུགས་འདོན་བཅས་བྱས་ནས་ལས་ཀའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། གཅིག་ནས་ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཇུས་བསྟར་བྱས་ནས།  ཞིང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་སོགས་ཚོགས་སྤྱིའི་འབབ་འཕར་དམིགས་ཚད་དང་བྱེད་ཐབས་གནད་སྨིན་བཟོ་བ། ནོར་ལུག་མཚག་ཐོན་དང་སྟོན་འབྲུ་མྱུར་བསྡུ་སོགས་ཀྱི་ལས་དོན་ལ་སྔ་མོ་ནས་འཆར་འགོད་བྱས་ཏེ། འབབ་འཕར་བྱེད་ཐབས་ཁག་རྒྱུན་མཐུད་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཐའ་འཁོར་གྱི་མང་ཚོགས་ཚོ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་རྒྱུན་འཛིན་སོགས་ལས་རིགས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་དང་།   གྲོང་ཚོ་རིམ་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། དབུལ་སྐྱོར་འཁོར་ཁང་གི་ནུས་པ་འདོན་སྤེལ་བྱས་ནས་ལས་ཞུགས་ལས་གནས་རྒྱུན་མཐུད་ངང་མང་དུ་གཏོང་བ་བཅས་བྱས་ཏེ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་། ལས་ཞུགས་ཀྱིས་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་པར་སྐུལ་འདེད་བྱེད་དགོས། གསུམ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་གྱི་དོ་དམ་དང་དཔྱད་ཞིབ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  འབྲེལ་ཡོད་བྱ་དགའ་དང་ཆད་གཅོད་ཕྱིར་འཐེན་ལམ་སྲོལ་བཟོས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ལས་ཀའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས།

微信图片_20230908170157.jpg

微信图片_20230908170203.jpg

མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་མྱོང་རོལ་ལྟེ་གནས་དང་། རླུང་རྟ་མཐོ་སྒང་འོ་རིགས་ཁྱད་ལྡན་ལས་སྣོན་ཚད་ཡོད་སྤྱི་གཉེར། རྐང་ཚ་རྫོང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཅས་སུ་ཤ་བོ་སྐྱབས་གྱིས་འགྲེམས་སྟོན་ཁང་འཛུགས་སྐྲུན་གྱི་བཀོད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ། གསོ་སྦྱོང་ལྟེ་གནས་ཀྱི་གཉེར་སྐྱོང་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ལེགས་ཆ་ཞིབ་བསྡུར་བྱས་ཏེ། ཁྱད་ལྡན་ཐོན་ལས་ཀྱིས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན། གཅིག་ནས་མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་མྱོང་རོལ་ལྟེ་གནས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ནུས་པ་ཁུལ་དབྱེ་བ་དང་དྲིལ་སྒྲོག་མཚོན་རྟགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་རྐང་ཚ་རྫོང་གི་ཁྱད་ལྡན་ཐོན་རྫས་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས་བཅས་འགྲེམས་སྟོན་བྱེད་དགོས་ལ་ཕྱིར་འཚོང་ཐབས་ལམ་ཡང་རྒྱ་ཆེར་བཏང་ནས། མྱོང་རོལ་ལྟེ་གནས་དེ་རྐང་ཚ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འགྲེམས་སྟོན་སྒེའུ་ཁུང་དང་ཚོང་གཉེར་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། གཉིས་ནས་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ། རླུང་རྟ་ཞིང་ཕྱུགས་ཐོན་རྫས་གཉེར་སྐྱོང་ལས་སྣོན་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་ནས། ཁེ་ལས་ཀྱིས་གཞི་ཁྱོན་ཆེ་བའི་སྤུས་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཨ་རག་ཐོན་རྫས་རིགས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།  གསུམ་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྔོན་ཐོན་ས་ཁུལ་དང་སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།  སྔོན་ཐོན་སློབ་གཉེར་བྱེད་སྟངས་དཔྱད་གཞིར་འཛིན་པ། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བཅས་བྱས་ནས། ནོར་ལུག་གི་མགོ་རུས་དང་ཁུ་ལུའི་ལས་སྣོན་ཞིབ་ཚགས་སོགས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་དགོས། དེ་དང་ཆབས་ཅིག་རྐང་ཚ་རྫོང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཐོབ་ཐང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྡོ་བརྐོས་དང་། འཚེམ་དྲུབས། ཐང་ག བོད་ཀྱི་གྱོན་ཆས་བཟོ་བ་སོགས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་རམ་འདེགས་བྱེད་དགོས།

微信图片_20230908170207.jpg

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་དང་རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།


མཉམ་སྤྱོད།