དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-11 08:37:12   |   2412

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230911084115.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས8ཉིན་ཤོག་སྒྲིག་དཔུང་ཚོགས78ལ་གཟིགས་ཞིབ་གནང་བར་ཕེབས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཤོག་སྒྲིག་དཔུང་ཚོགས་ཀྱི་འཛུགས་སྐྲུན་དོ་དམ་དང་དམག་འཐབ་བྱེད་སྟངས་གསར་གཏོད་བྱེད་པ། དཔུང་སྡེའི་དམག་གྲབས་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་གནང་པའི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་དགོས་པ་ནན་བཤད་གནང་བ་རེད།

  • ཟླ9ཚེས10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་རེད།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • ཚོང་དོན་པུས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2022ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར1891.3དངོས་སུ་སྤྱད་དེ་དུས་མཚུངས་ལས4.5%འཕར།

  • ཀྲུང་གོ་གནས་སྐོར་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན།   ད་ལོའི་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་རེར་དུང་ཕྱུར18.39ཟིན་ཞིང་། རྒྱལ་ནང་གི་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.21ཟིན།

  • ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2012ལོར་སྐྲུན་མགོ་ཚུགས་པ་ནས་ད་བར་རང་རྒྱལ་གྱི་དེང་རབས་ཚན་རྩལ་ཁང་གི་མ་ལག་གིས་མི་ཐེངས་རེར་དུང་ཕྱུར10ལས་བརྒལ་བའི་སྤྱི་དམངས་ལ་ཞབས་ཞུ་བྱས།

    微信图片_20230911084120.jpg

  • ཚེས10ཉིན་རང་རྒྱལ་གྱིས་ཐའེ་ཡོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་ཚོར་ཨང་བཞི་བཅུ་པའི་འཁོར་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

  • མོ་རོ་ཁོའི་ནང་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས8ཉིན་གྱི་དགོང་མོ་མོ་རོ་ཁོར་ས་ཡོམ་དྲག་པོ་བྱུང་ནས་མི2012རྐྱེན་ལམ་དུ་ཤོར་བ་དང་མི2059ལ་རྨས་སྐྱོན་ཕོག་པ་རེད།

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་སྟེ། ཚེས10ཉིན་གྱི་ཆུ་ཚོད20ནས་ཚེས11ཉིན་གྱི་ཆུ་ཚོད20བར་ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད་པ་བསྟན།

  • ཚེས10ཉིན་ཕིང་ཕང་སྤོ་ལོའི་ཨེ་ཤེ་ཡའི་གཟེངས་རྟགས་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་ཁྲེན་མོང་དང་ཝང་མན་ཡུས་གཉིས་ལ་བུད་མེད་ཆ་ཡི་ཨང་དང་པོ་ཐོབ་པ་དང་མ་ལུང་ལ་སྐྱེས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

  • ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་རིང་ལ་ཀྲེ་ཅང་གི་མྱུར་བགྲོད་གཞུང་ལམ་ཁག་ཅིག་གིས་རྟགས་སེར་པོའི་ཟོག་འདྲེན་རླངས་འཁོར་ལ་གནས་སྐབས་ཤར་གཏོང་གྲོན་དངུལ་གཟིགས་སྐྱོང་བྱས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲོན་བསྡུའི་ཚད་གཞིའི50%གཞིར་བཟུང་ནས་བསྡུ་རྒྱུ་བསྟན།

    微信图片_20230911084124.jpg

  • སའི་གོ་ལའི་ཕྱེད་བྱང་མའི་འོད་རིག་པའི་དུས་ཁོངས་ཀྱི་གནམ་སྐོར་ལྟ་ཞིབ་ཚད་ལེན་གྱི་ཁ་ཞེང་ཆེ་ཤོས་དང་ནུས་པ་ཆེ་ཤོས་ཀྱི་མོ་ཙིའི་གནམ་སྐོར་རྒྱང་ཤེལ་དེ་མཚོ་སྔོན་དུ་སྒྲིག་ཆས་ཚོད་ལྟ་བྱེད་མགོ་བཙུགས་ནས་ཉེ་དུས་ཚོད་ལྟའི་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།

  • ཚེས10ཉིན་ཁྲེང་ཏུའུ་ནས་སིང་ཀ་ཕོར་དུ་འཕུར་བའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུCA403ས་ལ་མ་བབས་གོང་འགྲུལ་པའི་གྲུ་ཁང་དུ་དུ་བ་ཐོན་ཞིང་། ས་ལ་བབས་རྗེས་མི་རྣམས་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་མི9ལ་རྨས་སྐྱོན་ཆུང་ངུ་ཕོག  དོན་རྐྱེན་གྱི་རྒྱུ་རྐྱེན་ད་ལྟ་བརྟག་དཔྱད་བྱེད་བཞིན་ཡོད།

  • རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་གསལ་བསྒྲགས་ནན་པོ་སྤེལ་ཏེ། མི་ལ་ལས་རང་བྱུང་ཚན་རིག་ཐེབས་རྩའི་མིང་ཐོག་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་པས། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་འོག་ཚུད་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་།

  • ཏ་ལེན་མཚོ་དོན་ཅུ་ཡིས་ཚེས10ཉིན་གྱི་ཆུ་ཚོད16ནས17ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་ཧོང་ཧའེ་བྱང་རྒྱུད་དུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་གྱི་ཉེན་བརྡ་བཏང་།

    སྲིད་ཇུས།

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《ཁེ་ལས་ཚད་ལྡན་ཅན་དུ་འགྱུར་བའི་སྐུལ་འདེད་བྱ་ཐབས》བཟོ་བཅོས་བརྒྱབ་ནས་བཏོན་པ་དང་། 2024ལོའི་ཟླ1ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་བསྟན།

  • ཅང་སུའུ་ཡིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱེད་མཁན་གྱི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་དངུལ་སྒོར་མི་རེར་སྒོར1500སྤྲོད་རྒྱུའི་གཏན་འབེབས་བྱས།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་སྟེ། ཐབ་ཚང་དང་། གསང་སྤྱོད་ཁང་། ཉི་གཡབ་དང་ས་འོག་ཉར་ཚགས་ཁང་བཅས་ས་གནས་དག་མི་རྣམས་ལ་གླ་གཏོང་བྱས་མི་ཆོག་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

    微信图片_20230911084127.jpg

  • ཀོང་ཞིའི་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ། ཧའེ་ནན་གླིང་ཕྲན་བཅས་དང་དེ་བཞིན་ཀན་སུའུ་ལྷོ་རྒྱུད་དང་། ཧྲན་ཞིའི་ལྷོ་ནུབ་རྒྱུད། སི་ཁྲོན་བྱང་རྒྱུད་དང་གཤོང་སའི་ལྷོ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཧོ་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།