དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་སྲ་བརྟན་དུ་བཏང་བ།

2023-09-11 14:58:24   |   578

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ལོ་འདིའི་ནང་མདའ་བཞི་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མགོ་སྐོར་གཡོ་ལེན་དང་འགན་བཅོལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། མྱུར་མགྱོགས་ཞིབ་བཤེར་དང་ཆེད་དོན་བཅོས་སྐྱོང་། རྒྱུན་ལྡན་གྱི་རྩིས་བཤེར། རང་བཤེར་རང་བཅོས་བཅས་དམ་འཛིན་བྱས་ནས“བྱེད་ཐབས་མང་པོས”རྫོང་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 

སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣན་བརྒྱབ་ནས་རྣམ་པ་བཟང་པོ་ཞིག་གཏོད་དགོས་དགོས། “སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཟླ་བ”དང་གནད་དོན་ལྡོག་ལན་སྤྲོད་པའི་ཚོགས་འདུ། ཆུན་མོང་གི་ཁ་ཆད་གྲོས་མོལ་ཚོགས་འདུ། རྒྱུན་ལྡན་སྐོར་ཞིབ་སོགས་ཀྱི་གོ་སྐབས་དང་བསྟུན་ནས《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག》《སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འགན་སྲུང་དམིགས་འཛུགས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》《སྨན་རྫས་སིལ་ཚོང་སྨན་ཁང་གི་སྨན་བཅོས་འགན་སྲུང་གི་གནས་གཏན་འཁེལ་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས》སོགས་ཀྱི་སྲིད་ཇུས་གསོ་སྦྱོང་དང་གསལ་འགྲེལ་བྱས་ཏེ་སྨན་རྫས་སྒྲིག་གཞིའི་ལས་ཞུགས་མི་སྣ་དང་། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་སྒྲིག་ཁྲིམས་འདུ་ཤེས་དང་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། "མི་ཚང་མས་ཁྲིམས་ཤེས་པ་དང་། ཚང་མས་ཁྲིམས་སྲུང་བའི"སྤྱི་ཚོགས་ཀྱི་ཁོར་ཡུག་སྐྲུན་ནས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་མགོ་སྐོར་གཡོ་ལེན་དང་འགན་བཅོལ་གཡོ་ལེན་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རང་འགུལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་ཞི་བསྐྲུན་དགོས།

ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། ཞིང་ཆེན་དང་ཁུལ་གྱི་མྱུར་མགྱོགས་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར་ཁྲོད་ལྡོག་ལན་གྱི་གནད་དོན་ལ་གཞིགས་ཏེ། མདའ་བཞི་རྫོང་གིས་དུས་ཐོག་ཏུ་གནད་དོན་ལྡོག་ལན་ཚོགས་འདུ་འཚོགས་ནས་བཅའ་ཁྲིམས་བློ་འདྲི་བ་གདན་ཞུ་བྱས་ནས། གནད་དོན་རྩིས་སྤྲོད་བྱེད་སྐབས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱས་ཡོད། གཞི་གྲངས་ཞིབ་བསྡུར་དང་ནད་ཐོ་བསྐྱར་ཞིབ། སྲིད་ཇུས་ཞིབ་བསྡུར་བཅས་བྱས་པ་བརྒྱུད་ཞིབ་བཤེར་དང་ལེན་བྱེད་མཁན་སྨན་བཅོས་སྒྲིག་གཞིས་ཞིབ་བཤེར་བྱས་འབྲས་ལ་རྒྱུ་མཚན་ཞུ་འབུལ་བྱས་པའི་རྣམ་གྲངས་ལ་བསྐྱར་ཞིབ་གཏན་འཁེལ་བྱས་རྗེས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྨན་བཅོས་སྒྲིག་གཞིས་སྒྲིག་སྲོལ་ལས་འགལ་བའི་སྨན་བཅོས་འགན་བཅོལ་ཐེབས་རྩ་གོང་འབུལ་ཞུ་དགོས་པའི་བླང་བྱ་བཏོན་པ་མ་ཟད། སྲིད་འཛིན་གྱི་ཆད་པའང་བཅད་ཡོད། ཞིང་ཆེན་དང་ཁུལ་གྱི་མྱུར་མགྱོགས་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར་ཁྲོད་ཀྱི་སྒྲིག་འགལ་སྨན་བཅོས་སྒྲིག་གཞི7ཐག་གཅོད་བྱས་པ་དང་། སྒྲིག་འགལ་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི34.01འདེད་ལེན་བྱས། སྲིད་འཛིན་གྱི་ཆད་གཅོད་སྒོར་ཁྲི2.22ལྷག་ཙམ་དང་རང་བཤེར་རང་བཅོས་བྱས་ནས་སྒོར་ཁྲི9.92ལྷག་ཙམ་གོང་འབུལ་ཞུས་པ་རེད། 

མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་དང་སྤྱི་བདེ། གྲོང་ཁྱེར་ལྟ་སྐུལ། འཕྲོད་བསྟེན་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་མདའ་བཞི་རྫོང་གི་སྨན་བཅོས་འགན་ལེན་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས། སྡེ་ཚན་ཁག་གིས་ལས་བགོས་མཉམ་ལས་བྱས་ཏེ། སྨན་བཅོས་འགན་ལེན་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ཁག་ལ་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཁྱབ་གདལ་བཏང་ནས། ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་དགོས། རྫོང་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི22ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་རྣམ་པ་ཆགས་ཏེ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་དྲ་བ་བརྟན་པོ་བཙུགས་པ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཟིལ་ཤུགས་ཆེན་པོ་ལྡན་ཐུབ་པ་བྱེད་དགོས། 

གོམ་སྟབས་རྗེས་མར་མདའ་བཞི་རྫོང་གིས་རྫོང་དེ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་འགན་ལེན་ཐེབས་རྩའི་བཀོལ་སྤྱོད་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་རྒྱུན་ཆད་པར་འཐུས་ཚང་དུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་སྤུས་ལེགས་གོང་ཁེའི་སྨན་བཅོས་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ནས། རང་རེའི་རྫོང་གི་སྨན་བཅོས་འགན་ལེན་བྱ་གཞག་སྤུས་ཚད་མཐོ་པོའི་འཕེལ་རྒྱས་འགྲོ་རྒྱུར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།


མཉམ་སྤྱོད།