དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ནོར་ལུག་བཤས་འཚོང་གི་བྱ་དགའ་སྤྲོད་ཐབས་སྤྱད་དེ་ཞིང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ།

2023-09-11 17:48:33   |   466

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། རྐང་ཚ་རྫོང་གིས《2023ལོའི་ནོར་ལུག་བཤས་འཚོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་ཏུ《བྱ་དགའི་བྱེད་ཐབས》ཞེས་བསྡུ་རྒྱུ)བཟོ་རྒྱུ་དང་། སྒོར་ཁྲི200ལས་མཐོ་བའི་རྫོང་རིམ་པའི་ནོར་སྲིད་མ་དངུལ་བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁྱིམ་ཚང་གི་ནོར་ལུག་བཤས་འཚོང་ལ་བྱ་དགའ་སྤྲད་དེ་གསོ་སྤེལ་ཁྱིམ་ཚང་གིས་མུ་མཐུད་དུ་ཧུར་ཐག་སྒོས་བཤས་འཚོང་གི་རང་བཞིན་སྐོང་འཐེན་བྱས་ནས། རང་ས་གནས་གྱི་ནོར་ལུག་བཤས་འཚོང་ཐད་ལ་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་རེད།

《བྱ་དགའི་བྱེད་ཐབས》ནི་འདི་ལྟ་སྟེ།  ཞིང་འབྲོག་ཁྱིམ་ཚང་གིས་ལུག་རེར་སྒོར10དང་ནོར་རེར་སྒོར20ཡི་བྱ་དགའ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་། དབུལ་ཐར་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཕྱུགས་ཟོག་ལ་ནོར་རེར་སྒོར200དང་ལུག་རེར་སྒོར100ཡི་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ། དེ་བཞིན་གཞན་བཤས་འཚོང་ཕྱུགས་ཟོག་ནོར་རེར་སྒོར100དང་ལུག་རེར་སྒོར50ཡི་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ་དང་ཆེས་མཐོ་བའི་ཚད་གཞི་ཁྱིམ་ཚང་རེར་སྒོར3000ལས་བརྒལ་མི་ཆོག ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་ཁག་ཏུ་རྐང་ཚའི་ནོར་ལུག་ཤའི་ཐད་འཚོང་ཁང་བཙུགས་པའི་ཡུལ་ཚོ་དང་གྲོང་རྡལ་རེར་ཁ་གསབ་སྒོར་ཁྲི10སྟེར་རྒྱུ། བཤས་འཚོང་གི་ལས་འགན་དེ་ཐོད་བརྒལ་ངང་ལེགས་སྒྲུབ་བྱུང་བའི་ཡུལ་ཚོ་དང་གྲོང་རྡལ་བཞི་ལ་ཟུར་དུ་བྱ་དགའ་སྟེར་རྒྱུ་ཡིན་ལ། དུས་མཚུངས་སུ། 《བྱ་ཐབས》ནང་ད་དུང་ནོར་ལུག་བཤས་འཚོང་ནང་ཞུགས་མཁན་ལ་དངུལ་བུན་སྐྱེད་ཀ་དང་།མཉམ་ལས་དངུལ་ཁང་གི་མ་མཐའི་སྐྱེད་ཀ མགྱོགས་མྱུར་དངུལ་བུན་གྱི་ཞིབ་མཆན་གོ་རིམ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་བཅས་སྔོན་ལ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་ཁ་གསལ་བྱས་ཡོད།

  རྗེས་མར་རྐང་ཚ་རྫོང་གིས་ཕྱུགས་རིགས་བཤས་འཚོང་གི་ཚད་གཞི་དང་ཞིང་འབྲོག་ཐོན་རྫས་སྐུལ་འཚོང་ལས་དོན་སྤེལ་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་སྲོལ་རྒྱུན་གྱི་འབྲོག་ལས་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ནོར་ལུག་བཤས་འཚོང་གི་་གནད་འགག་དུས་ཚོད་དང་ལས་སྒོ་དམ་འཛིན་གྱིས་དངོས་གཉེར་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྲིད་ཇུས་དོན་འཁྱོལ་གྱི་མྱུར་ཚད་དང་བྱེད་ཤུགས་ཆེ་རུ་བཏང་སྟེ།ནོར་ལུག་སྐུལ་འཚོང་གི་ཐབས་ལམ་རྒྱ་ཇེ་ཆེར་བཏང་ནས་ནུས་ཤུགས་ཡོད་རྒུས་ནོར་ལུག་བཤས་འཚོང་གི་འགག་སྒོ་ལས་བསྒྲལ་ཏེ་འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་བ་དང་ཞིང་འབྲོག་པར་ཡོང་འབབ་ཇེ་མང་དུ་གཏོང་བར་ཤུགས་བསྣན་ཏེ། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས།





མཉམ་སྤྱོད།