དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-12 08:39:23   |   3612

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད།《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》དེབ་དང་པོ་དང་གཉིས་པའི་སྐུད་སྒྲོག་དཔེ་དེབ་དེ་སྐུད་སྒྲོག་དཔེ་དེབ་སྒྲིག་སྦྱོར་ཅུ་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱ་རྒྱུ་ཡིན་པ་དང་ཉེ་ཆར་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན།

  • ཀྲུང་དབྱང་དངུལ་ཁང་གིས་ཚེས11ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི25.21ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར8420མང་བ་ཡིན།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་སོ་སོར་དུས་མཚུངས་ལས36.9%དང39.2%འཕར་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར4320བྱས་པ་དེ་དུས་མཚུངས་ལས7.2%འཕར།

  • ཚེས11ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《གཉེར་སྐྱོང་པའི་གཅིག་སྡུད་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་གྱི་མཛུབ་ཁྲིད》ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་མཚོན་གྲངས89.4ཡིན་ཞིང་ཟླ་བ་གསུམ་ལ་བསྟུད་མར་འཕར་ཡོད་པ་ཡིན།

  • ཀྲུང་གོ་མི་སྡོད་དབྱིངས་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཁའ་གྲུ་ཨང་ལྔ་པའི་ཟོག་འདྲེན་གནམ་གྲུ་ཚེས11ཉིན་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་ནས་བདེ་བླག་ངང་ཕྱིར་འཐེན་བྱས་ཏེ་ཚེས12ཉིན་ཚོད་འཛིན་ཐུབ་ནས་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་འཇུག་རྩིས་ཡོད་པ་རེད།

    微信图片_20230912084332.jpg

  • ཉེ་ཆར་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི“ཆུས་ཧྲན་དམག་གྲུ”དང“ཧའེ་མོན་དམག་གྲུ”ཡིས་2023ལོའི་ཞི་བདེ་རྒྱ་མཚོ་བྱང་མའི་སྤྱི་མཚོ་ཉ་ལས་ཁྲིམས་འཛིན་སྐོར་ཞིབ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཧྲང་ཧའེ་རུ་བདེ་བླག་ངང་ཕྱིར་ལོག

  • ཚེས11ཉིན་འཇར་པན་ཏུང་ཅིང་གི་གློག་ཤུགས་སྤྱི་གཉེར་གྱིས་ཧྥུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་སྦགས་བཙོག་ཆུ་ཐེངས་དང་པོ་རྒྱ་མཚོར་འབུད་པ་མཇུག་འགྲིལ་པ་ཡིན་ཞེས་བཤད།

    སྤྱི་ཚོགས།

  • དེ་རིང་དང་སང་ཉིན་གཉིས་ལ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱང་ཤར་ས་ཁུལ་དང་ཅང་ཧན་བདེ་ཐང་། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་། ཀུའེ་ཀྲོའུ། ཧུའུ་ནན་སོགས་ཀྱི་དྲོད་ཚད4~6℃བར་མར་ཆག

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་། དམངས་སྲིད་པུ། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། གཉེན་སྒྲིག་གསོལ་སྟོན་གྱི་བཟའ་བཏུང་ཆུད་ཟོས་བཀག་འགོག་བྱེད་པའི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་།

    微信图片_20230912084337.jpg

  • ཚེས11ཉིན་མ་འཇོག་དང་རྒྱུ་ནོར་བདག་གཉེར་རྫུན་མའི་རིགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་མི179ལ་ཝོ་སི་ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས།

    微信图片_20230912084341.jpg

  • ཚེས7ཉིན་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ལས་ཐོག་ཉེས་གསོག་དང་དཔལ་འབྱོར་ཉེས་གསོག་དོགས་ཅན་ལིན་ཡན་ཝུའུ་ཕྱི་རྒྱལ་ནས་ཁྲིམས་རྒྱར་ཚུད་པ་དང་འབྲེལ་རང་རྒྱལ་དུ་ཕྱིར་བསྐྱལ་བ་རེད།

  • ཚེས11ཉིན་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་གྱིས་དུས་གཏན་གནམ་གྲུCA403དོན་རྐྱེན་འབྱུང་རྐྱེན་གྱི་སྐོར་བརྡ་ཁྱབ་བཏང་སྟེ། སྒུལ་བྱེད་འཕྲུལ་འཁོར་གྱི་འཕྲུལ་ཆས་ལ་སྐྱོན་ཤོར་བ་ཐོག་མར་དབྱེ་འབྱེད་བྱས།

  • མིག་སྔར་ཧོ་པེ་ཀྲུའོ་ཀྲོའུ་ཡི་དཔེ་སྐྲུན་འགྲེམས་སྤེལ་ཁེ་ལས་བཅུ་ཆ་དྲུག་ལྷག་ཙམ་བསྐྱར་དུ་ཐོན་སྐྱེད་བྱེད་མགོ་ཚུགས།

  • ཁྲེང་ཏུའུ་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་ཁ་བསླུས་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་དེ། ཉེས་གསོག་དོགས་ཅན300ལྷག་ཙམ་འཛིན་བཟུང་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི7000ལས་བརྒལ་ཡོད་པ་རེད།

    微信图片_20230912084348.jpg

  • ཟམ་པ་མཆོང་ནས་མི་སྐྱོབ་པའི“ཕྱིར་ཚོང་པ་ཕུ་བོ་ཆུང་ཆུང”ཕེང་ཆིང་ལིན་ཚེས10ཉིན་ཕ་ཡུལ་ཧུའུ་ནན་སང་ཀྲི་རྫོང་དུ་ལོག་ནས་དཀའ་ངལ་ཡོད་པའི་སློབ་མ24དང་རོགས་སྐྱོར་ཆ་སྒྲིག་བྱས་པ་དང་འབྲེལ་སློབ་སྐྱོར་རོགས་དངུལ་སྒོར་ཁྲི7.8མཁོ་འདོན་བྱས།

    སྲིད་ཇུས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། ཐའེ་ཅི་ལི་ཏིང(泰吉利定)དང་ཏི་ཏ་ཞི་ཉི(地达西尼)སོགས་སྨན་རྫས་མང་པོ་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ཀྱི་དཀར་ཆག་ནང་བཅུག་པ་རེད།

  • སི་ཁྲོན་གྱིས་ཟླ9ཚེས22ཉིན་ནས་བཟུང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་སྒོར་ཁྲི100སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

  • ཧུའུ་ནན་གྱིས་བསམ་འཆར་བཏོན་ཏེ2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་འཚོ་བའི་གད་སྙིགས་ཚུར་བསྡུ་བེད་སྤྱོད་བྱེད་ཚད40%ཡན་ཟིན་རྒྱུ་བསྟན།

    དེ་རིང་གི་གནམ་གཤིས།

    微信图片_20230912084352.jpg

  • སི་ཁྲོན་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་སི་ཁྲོན་བྱང་ཤར་རྒྱུད་དང་། ཁྲུང་ཆིང་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧོ་ནན་གྱི་ཤར་ལྷོའི་རྒྱུད། ཧུའུ་པེའི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཨན་ཧུའེ་ཡི་དབུས་རྒྱུད་དང་དེ་བཞིན་ཀོང་ཞིའི་མཚོ་རྒྱུད་དང་ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།