དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་ཡིག་ཚགས་ལས་དོན་དང་ལྟ་སྦྱོང་སྤེལ་རེས་གྲོས་ཚོགས།

2023-09-12 08:46:45   |   1446

    རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230912091746.jpg

ཟླ༩པའི་ཚེས༨ཉིན།   ཁུལ་ཡོངས་ཀྱི་ཡིག་ཚགས་ལས་དོན་དང་ལྟ་སྦྱོང་སྤེལ་རེས་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཚགས་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཡིག་ཚགས་ཅུའུ་ཀྲང་དང་ཡིག་ཚགས་ཁང་གི་མགོ་གཙོའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། ན་ནིང་ནས་བཟུང་གི་ཁུལ་ཡོངས་ཀྱི་ཡིག་ཚགས་ལས་དོན་ལ་ཕྱོགས་སྡོམ་དང་དུས་རིམ་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

གྲོས་ཚོགས་ཐོག་ན་ནིང་ནས་བཟུང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཡིག་ཚགས་སྡེ་ཚན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པས་ཁུལ་ཡོངས་ཀྱི་ཡིག་ཚགས་དོ་དམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་མཛོད་ཉར་ཡིག་ཚགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ལ།  ཡིག་ཚགས་བེད་སྤྱོད་ལ་སྔར་བས་ཕན་འབྲས་ཐོན་པ་དང་། ཡིག་ཚགས་ཁྲིམས་སྐྱོང་འཛུགས་སྐྱོང་དང་རྨང་གཞིའི་ལས་སྒོ་འཛུགས་སྐྲུན། ཆ་འཕྲིན་ཅན་འཛུགས་སྐྱོང་བཅས་ཀྱི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་ཕྱིན་ཏེ།  ཡིག་ཚགས་ལས་དོན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་མཐོར་འདེགས་སུ་ཕྱིན་ཡོད་པར་བསྟན།

微信图片_20230912091752.jpg

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག  རྒྱ་ཆེའི་ཡིག་ཚགས་ལས་དོན་པས་ཆབ་སྲིད་ཀྱི་ངོ་བོ་ཆེ་རུ་བཏང་ནས་ཏང་གིས་ཡིག་ཚགས་ལ་དོ་དམ་བྱེད་པའི་ལས་དོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཞིབ་འཇུག་འཆར་འགོད་དང་བཀོད་སྒྲིག་ལ་སྐུལ་འདེད། ཡིག་ཚགས་ལ་དཔྱད་བསྡུར་བྱེད་པ་བཅས་ཀྱི་ལས་དོན་དམ་འཛིན་བྱས་ཏེ། ཏང་གི་མགོ་ཁྲིད་དང་ཆབ་སྲིད་ཀྱི་ཚད་གཞི་ཡིག་ཚགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་གིས་ཆེད་དུ་ཡིག་ཚགས་དོ་དམ་དང་རྒྱལ་ཁབ་ཀྱིས་ཆེད་དུ་ལོ་རྒྱུས་སྲུང་སྐྱོབ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ནས། ཡིག་ཚགས་ལས་དོན་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས༢༤༣གྱི་འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གལ་ཆེན་ལ་དུས་ཐོག་ཏུ་རྗེས་བསྙེགས་བྱེད་པ། གསར་བརྗེའི་ཡིག་ཚགས་ཐོན་ཁུངས་སྔོག་འདོན་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་ཚགས་ཐོན་ཁུངས་ལེགས་སྒྲིག་སོགས་ཀྱི་གཙོ་གནད་ལས་དོན་ནན་ཏན་དང་ཞིབ་ཚགས་ངང་ཡག་པོར་བསྒྲུབས་ཏེ་ཡིག་ཚགས་ལས་དོན་ཕྱིར་སྐྱོད་པར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཡིག་ཚགས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡིག་ཚགས་ཁྲིམས་བསྟར་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡིག་ཚགས་བཅའ་ཁྲིམས་ལམ་ལུགས་དེ་ཡིག་ཚགས་བཅོས་སྐྱོང་ཕན་ནུས་སུ་ཏན་ཏིག་གིས་བསྒྱུར་ནས་ཡིག་ཚགས་ལས་དོན་དེ་ནན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཀའི་སྤུས་ཚད་མཐོ་རུ་བཏང་ནས་ཡིག་ཚགས་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་མཐོར་འདེགས་སུ་བཏང་སྟེ། ཡིག་ཚགས་ལས་དོན་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

微信图片_20230912091756.jpg

གྲོས་ཚོགས་གྲོལ་རྗེས། ཁུལ་ཡོངས་ཀྱི་ཡིག་ཚགས་ཁོངས་གཏོགས་ཀྱི་ལས་བྱེད་པ་མཐོན་པོ་སྒང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། ༢༢༡རྟེན་གཞི་རྙིང་པའི་ཡན་ལག་བཟོ་གྲྭ་དང་པོ། ཁུལ་མི་རིགས་རྟེན་རྫས་བཤམས་སྟོན་ཁང་།  ཁུལ་ཡིག་ཚགས་ཁང་བཅས་སུ་བསྐྱོད་དེ་ལྟ་སྦྱོང་དང་སློབ་སྦྱོང་བྱས།


མཉམ་སྤྱོད།