དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་གསར་བརྗེའི་སློབ་གསོའི“ཐོག་མའི་བསམ་འདུན་གྱི་དཔེ་རིས”བྲིས།

2023-09-12 09:27:42   |   4168

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


“སྐྱོན་མེད། ལག་པ་བཅད་ཟིན་ནའང་། ང་ལ་ད་དུང་ཁ་དང་རྐང་བ་ཡོད། དམག་འཐབ་ལ་སྔར་བཞིན་བཀོད་འདོམས་བྱེད་ཐུབ”། ཉེ་ཆར་མདོ་ལ་རྫོང་ནུབ་ལམ་དམག་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་དྲན་གསོ་ཁང་དང་། རྫོང་ཨུའི་ཏང་གི་སློབ་གྲྭའི་ན་གཞོན་དགེ་རྒན་གྱིས་ལྗོངས་རྣམ་ཟློས་གར་གྱི་རྣམ་པའི་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞུང་ཧོའུ་ཧྥ་ཡི་དཔའ་ངར་ལྡན་པའི་བྱས་རྗེས་བརྗོད། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་པས་ཉན་མཁན་རྣམས་ལ་དམག་འཁྲུག་གི་མེ་ལྕེ་ལམ་ལམ་འབར་བའི་ལོ་རབས་སུ་སླེབས་པ་ལྟ་བུའི་ཚོར་སྣང་བྱིན།དམར་དམག་ནུབ་ལམ་དམག་གི་གཡུལ་ས་གལ་ཆེན་དང་དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པར་འཆད་སའི་ལྟེ་བའི་ཐེག་གནས་ཡིན་པའི་མདོ་ལ་རྫོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། “གསར་བརྗེའི་རྨང་གཞིའི”གནས་ཚུལ་གསལ་རྟོགས་ངང་དམར་དམག་ནུབ་ལམ་དམག་གི་དཔོན་དམག་ཚོའི་དཔའ་ངར་ཆེ་ཞིང་གནམ་ས་གཡོ་བའི་དཔའ་བོའི་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱེད་པ། དམར་དམག་གི་གཏམ་རྒྱུད་ལེགས་པར་འཆད་པར་གཞོལ་བ། གསར་བརྗེའི་རིག་གནས་བརྒྱུད་སྤེལ་ཡག་པོ་བྱེད་པ་བཅས། ཏང་ཡོན་དང་ལས་བྱེད་པས་སྔར་བས་ལྷག་པར་གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན་བྱེད་པར་ཁྲིད་སྟོན་བྱས་ཐོག ཕུགས་བསམ་དང་དད་མོས་སྲ་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སྤེལ་ཕྱིར“བསམ་བློའི་བླ་སྲོག་གཏོད་པའི”རྨང་གཞི་བསྐྲུན། 

མདོ་ལ་རྫོང་གིས་ས་ཁོངས་ཁྱབ་ཚུལ་རྨང་གཞིར་བྱས་ཏེ། མདོ་ལར་བྱུང་བའི་ཏང་གི་ལོ་རྒྱུས་དོན་རྐྱེན་གལ་ཆེན་དང་བྱེད་སྒོ་གལ་ཆེན་སོགས་ལ་དམིགས་ཤིང་། “ཁྱོན་ཡོངས་ས་ཁྲ+ལྗོངས་ཡོངས་རྣམ་པ+ཕྱོགས་ཡོངས་ནུས་སྩོལ”བཅས་ལ་བརྟེན་ནས། གསར་བརྗེའི་གནས་རྙིང་གི་ཐོན་ཁུངས་ཁག6སྔོག་འདོན་གཏིང་ཟབ་དང་། གསར་བརྗེའི་སློབ་གསོའི་གཡུལ་ས5གཏོད་པ། གསར་བརྗེའི་མྱོང་རོལ་ལམ་ཐིག3འཆར་འགོད་བཅས་བྱས་ཡོད། དམར་དམག་ནུབ་ལམ་དམག་དཔུང་གི་མདོ་ལའི་གཏམ་རྒྱུད་ཁག30ལྷག་ཙམ་ལེགས་སྒྲིག་བྱས་པ་དང་། 《དར་ཆ་དམར་བོས་མདོ་ལའི་གངས་ཁྲོད་ཁེབས། དད་སེམས་བྲག་ལས་བརྟན་པའི་ནུབ་ལམ་དམག》དང་། 《གསར་བརྗེའི་རིག་གནས་དར་སྤེལ། གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན》བཅས་ཀྱི་གསར་བརྗེའི་ཏང་གི་སློབ་ཚན། 《སྔོན་གཤེགས་དཔའ་བོའི་བླ་སྲོག་མཁར་དམར་དུ་ལོག་པ》། 《མཁར་དམར་མང་ཚོགས་ཀྱིས་རང་སྲོག་ལ་མ་འཛེམས་པར་དམར་དམག་ནུབ་ལམ་དམག་ལ་རྒྱབ་རོགས་བྱས་པ》བཅས་ལྗོངས་རྣམ་ཏང་སྲིད་སློབ་ཐུན་ཆུང་བ་དང་།  《ནུབ་རླུང་རྒོད》།  《དམར་རྒྱུན》།  《བྱེ་རླུང》བཅས་གསར་བརྗེའི་གླུ་བྲོའི་གཏམ་བརྗོད་ཟློས་གར༢༢གསར་སྤེལ་བྱས་ལ། “བརྗོད་དོན་སྤྱི་གླིང”དང“སྲིད་གཙང་ཁྱམས་རིང”སོགས་གསར་བརྗེའི་དངོས་ལྗོངས་སློབ་ཐུན་བཞེངས་སྐྲུན་བྱས་ཤིང་། 《ནུབ་ལམ་བློ་དཀར་བླ་སྲོག》སོགས་གསར་བརྗེའི་གླུ་བྲོའི་གཏམ་བརྗོད་ཟློས་གར་སྒྲིག་རྩོམ་བྱས། དེ་དང་ཆབས་ཅིག རྫོང་ཡོངས་ཀྱི་ཏང་དམངས་ཞབས་ཞུའི་ལྟེ་གནས50དང་། རྒྱང་བསྟེན་སློབ་གསོའི་གཞི་རིམ་ས་ཚིགས71། ཡུལ་གྲོང་ལོ་རྒྱུས་ཁང7བཅས་ཐམས་ཅད་ལྷན་དུ་སྦྲེལ་ཏེ་ས་ཁོངས་ཧྲིལ་བོར་ཁྱབ་པའི“ཐོག་མའི་བསམ་འདུན་གྱི་དཔེ་རིས”ཤིག་བྲིས་པས། ཏང་ཡོན་གྱིས་ཐོག་མའི་བསམ་འདུན་འཚོལ་བ་དང་། ཐོག་མའི་བསམ་འདུན་རྟོགས་པ། ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་བཅས་ཀྱི་དངོས་ཚན་སློབ་ཁང་བསྐྲུན།“

ཐོག་མའི་བསམ་འདུན་གྱི་དཔེ་རིས”དྲ་ལམ་དུ་བཏོན་ཚུན། གསར་བརྗེའི་རྟེན་གཞིར་བསྐྱོད་ནས་ཐོ་རྒྱག་རྒྱུ་དེ་ཏང་ཡོན་ལས་བྱེད་པས་རྩ་འཛུགས་འཚོ་བ་སྤེལ་བའི་རྒྱུན་རྣམ་དུ་གྱུར་པ་དང་། རིམ་རྩིས་ལྟར་ན་རིམ་ཁག་ཏང་རྩ་འཛུགས་ཀྱི་ལྟ་སྐོར་སློབ་སྦྱོང་ཐེངས600ཙམ་ལ་སྣེ་ལེན་ཞུས་པར་མི་ཐེངས་ཁྲི2.8ལྷག་ཙམ་ཟིན། གོམ་སྟབས་རྗེས་མར་མདོ་ལ་རྫོང་གིས“གསར་བརྗེའི་གནས་སྐོར་དང་གསར་བརྗེའི་གསོ་སྦྱོང་། གསར་བརྗེའི་ཞིབ་འཇུག གསར་བརྗེའི་འགྲེམ་སྟོན། གསར་བརྗེའི་གསར་སྐྲུན”སོགས“གསར་བརྗེ+”ཞེས་པའི་རབ་བྱེད་རྩོམ་པར་གཞོལ་ཏེ། དུས་རབས་གསར་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་གསར་བརྗེའི་ཐོན་ཁུངས་ལ་སྐྱེ་སྟོབས་གསར་བ་རྒྱས་སླད་བརྩོན་ལེན་འབད་འབུངས་བྱེད་ངེས།



མཉམ་སྤྱོད།