དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་སྒོས་རོང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་གོང་འཕར་བཏང་།

2023-09-12 10:10:44   |   2521

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་མཚོ་སྔོན་གསར་འགྱུར་དྲ་བའི་ཟླ9ཚེས11ཉིན་གྱི་གློག་འཕྲིན་ལས་ཤེས་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་ཕྱོགས་གཏོད་པ་དང་། ཕུགས་རིང་དོན་གཉེར་བྱེད་པ། བྱ་ཐབས་གཏན་འཁེལ་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་རོང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ཡོད།

1.jpg

 ད་ལོར། མཚོ་བྱང་ཁུལ་གྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི85.742འདེབས་འཛུགས་བྱས་ཤིང་། དེའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི33.789དང་། སྣུམ་རྒྱུའི་སྐྱེ་དངོས་མུའུ་ཁྲི43.15དང་། སྔོ་ཚལ་མུའུ་ཁྲི0.967དང་། གཟན་རྩྭ་སོགས་ཞིང་ལས་སྐྱེ་དངོས་གཞན་དག་མུའུ་ཁྲི7.836བཅས་ཡོད་པ་རེད། མཚོ་བྱང་ཁུལ་གྱིས《2023ལོའི་མཚོ་བྱང་ཁུལ་གྱི་ནོར་ལུག་བཤས་རར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་དགའི་བྱེད་ཐབས》བཟོས་ནས་ལག་བསྟར་བྱས་པ་དང་། ཞིང་ཕྱུགས་ལས་རིགས་ཀྱི་གྲངས་གཞིའི་སྡོམ་རྩིས་ལ་གཞིགས་ན། ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་སུ་ནོར་ལུག་མགོ་གྲངས་ཁྲི92བཤས་རར་བཏང་བ་དང་། དེའི་ནང་། ནོར་མགོ་གྲངས་ཁྲི12.46དང་ལུག་མགོ་གྲངས་ཁྲི79.54ཡོད་པ་རེད། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས102ལ་ཁས་ལེན་བྱས་ནས་གཙོ་ཁྲིད་ཐོན་རྫས་སྤུས་རྟགས་ཐོ་འགོད་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

ཁུལ་འདིས་ཁྱིམ་ཚང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་མཐའ་འཁྱོངས་བྱས་ནས་ཁྱིམ་ཚང་གཉེར་སྐྱོང་དང་། མཉམ་སྡེབ་གཉེར་སྐྱོང་། མཉམ་ལས་གཉེར་སྐྱོང་། ཁེ་ལས་གཉེར་སྐྱོང་སོགས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཞིང་ཕྱུགས་ལས་གཉེར་སྐྱོང་མ་ལག་གསར་པ་ཞིག་བཏོད་ཅིང་། ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང332དང་ཁྱིམ་ཚང་གི་ཞིང་འབྲོག་ར407སྐྱེད་སྲིང་བྱས་ཏེ། རོང་འབྲོག་པའི་དུད་ཚང2895ཡི་མི9000ལྷག་ཙམ་ལ་སྣེ་ཁྲིད་བྱས་པ་རེད།

2.jpg

རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བསྐྲུན་རྒྱུར་བརྟེན་ནས་མཚོ་བྱང་ཁུལ་གྱིས་རིག་གནས་དང་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཁེ་ལས77གྱིས་ཁྱོན་སྡོམ་དབུལ་སྒྲོལ་དུད་ཚང་གི་མི་ཐེངས1811ལ་སྐུལ་ཁྲིད་བྱས་པས་འབབ་འཕར་སྒོར་ཁྲི2443བྱུང་ཡོད།

སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་བརྒྱུད་མཚོ་བྱང་ཁུལ་གྱིས་གཙོ་གནད་ཁེ་ལས་དང་བཟའ་བཏུང་ཁེ་ལས་ཆེ་གྲས་དང་། མགྲོན་ཁང་། ཚོང་ཁྲོམ། རླངས་འཁོར་བབས་ཚུགས། གནམ་ཐང་གི་ཡུལ་ཟོག་ཆེད་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོར་སྒོར་ཁྲི2600ཟིན་པའི་ཐོན་རྫས་མཁོ་སྤྲོད་ཀྱི་མངགས་ཐོ་འཇོག་རྒྱུར་གྲོས་མཐུན་ཡི་གེ་བྲིས་ཤིང་།  ཁ་གཏད་མཚོ་སྐྱོར་གྱི་གོ་སྐབས་གང་ལེགས་སྤྱད་དེ་སྔ་རྗེས་སུ་ཁེ་ལས13སྒྲིག་འཛུགས་བྱས་ནས་ཧྲན་ཏུང་དུ་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་ལེགས་ཆའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་མཉམ་ལས་རྣམ་གྲངས13ལ་མིང་རྟགས་བཀོད་པ་དང་མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར1.18ཟིན་ཡོད། དེ་དང་ཆབས་ཅིག  དྲ་ཐོག་གི་ལོའི་ཚོང་ཟོག་དུས་ཆེན་དང་། དྲ་རྒྱའི་ཐད་གཏོང་ཕྱིར་འཚོང་། 5Gམཚོ་ཐོག་ཉོ་སྒྲུབ་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར1.27ཟིན་པ་དང་། དེ་དུས་མཚུངས་ལས90%འཕར་ནས་མཚོ་བྱང་གི་ཐོན་རྫས་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད་པ་རེད།

3.jpg

ཁུལ་འདིས་ཁོངས་གཏོགས་ནང་གི་དངུལ་རྩའི་སྒྲིག་གཞིར་ཁྲིད་སྟོན་བྱས་ནས་ཁེ་ལས་ཆུང་ཕྲན་སོགས་དངོས་ཚན་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། ཁེ་ལས་ཆུང་ཕྲན་དང་ཞིང་དུད་སོགས་ལྷུ་ཚིགས་ཞན་པའི་དངུལ་བུན་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་བ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་ཀྱི་དངུལ་བུན་འཕར་ཚད10.54%ཟིན་པའི་དང་། དེའི་ནང་། ཞིང་འབྲེལ་དངུལ་བུན་འཕར་ཚད8.14%ཟིན་ཡོད།  ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཁེ་ལས་ཆུང་ཕྲན་དང་ཞིང་དུད་སོགས་ལྷུ་ཚིགས་ཞན་པའི་དངུལ་བུན་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་བ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། ད་ལོ་ཁུལ་ཁོངས་གཏོགས་ནང་གི་ཁྲིམས་མིར་དངུལ་རྩའི་སྒྲིག་གཞིས་དངུལ་བུན་སྒོར་དུང་ཕྱུར13.56བཏང་བ་དང་། དངུལ་བུན་བསྐྱར་གཏོང་གི་ལྷག་གྲངས་སྒོར་དུང་ཕྱུར16.8ཟིན་ཡོད།


མཉམ་སྤྱོད།