དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-14 09:00:12   |   2277

སྒྲིག་སྒྱུར།  མཁའ་འགྲོ་མཚོ།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ9ཚེས13ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ནེ་ཟུ་ཝེ་ལ(委内瑞拉)ཡི་ཙུང་ཐུང་མ་ཏུའུ་ལུའོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཝེའི་འབྲེལ་བ་དེ་གནས་ཚུལ་གང་ལའང་མི་བལྟོས་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།

  • ཚེས13ཉིན། ཧང་ཀྲོའུ་ཡི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཀྲེ་ཅང་ཀྲོའུ་ཧྲན་དུ་སྤེལ།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཞིས་ཉེ་ཆར་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་ས་གནས་ཁག་གིས་འཚོལ་བསྡུ་བྱས་པའི་ཁ་སྦུག་སྨན་སྤྱོད་ཡོ་བྱད་སྔོན་ལ་ཉོ་སྒྲུབ་དང་བེད་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར7361བཏང་ཡོད་པ་རེད།

  • རིག་གནས་གནས་སྐོར་པུ་དང་སྤྱི་བདེ་པུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ལ་མིང་ངོ་མ་བཀོད་ནས་སྤ་སེ་ཉོ་བ་དང་མིང་ངོ་མ་བཀོད་ནས་ཚོགས་རར་ཞུགས་པའི་ལམ་ལུགས་ལག་བསྟར་བྱས་ཤིང་། སྤྱི་དམངས་ལ་ཕྱོགས་པའི་སྒོ་འཛིན་གྱི་བསྡུར་གྲངས85%ལས་དམའ་མི་རུང་བ་ཁ་གསལ་བཏོན།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི་སྤྱི་ལེ3500ལྷག་ཙམ་གྱི་གཞུང་ལམ་རིག་ནུས་ཅན་གྱི་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་།

2.jpg

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཐའེ་ཝན་གྱི་སྤུན་ཟླ་སྐམ་ས་ཆེ་མོར་ཡོང་ཐེངས་ཚད་དུས་མཚུངས་ལས་ལྡབ་བདུན་འཕར་བ་དང་ངོགས་གཉིས་སྤེལ་རེས་ཀྱི་རྣམ་པ་ཡག་པོ་ཡིན།

  • ཟླ10ཚེས9ཉིན་ནས་བཟུང་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་མི་སྣའི་ཐོངས་མཆན་ལག་ཁྱེར་དྲ་ཐོག་ནས་སྔོན་མངགས་འདྲི་རྩད་བྱེད་ཆོག་པའི་ནུས་པ་བཏོད།

  • ཚེས13ཉིན་ཐེ་ལན་དིའི་ནང་བློན་ཁང་གི་ཚོགས་འདུའི་ཐོག་ཀྲུང་གོའི་གནས་སྐོར་བར་ཟླ་བ་ལྔ་རིང་གི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ནས་ཚེས14ནས18ཉིན་བར་ནང་སོག་དང་། ཧྭ་བྱང་། བྱང་ཤར་སོགས་སུ་སྔ་རྗེས་སུ་དྲོད་ཚད4℃ནས6℃བར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་རིམ་རྩིས་བྱས་ན་དྲོད་ཚད8℃ནས10℃བར་མར་ཆག་པ་ཡིན།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དུས་ཆེན་གཉིས་སླེབས་ཉེར་ཡོད་པའི་སྐབས་ལ་ཞག་སྡོད་བཟའ་བཏུང་གཉེར་སྐྱོང་མཁན་གྱིས་ལྐོག་འབྲེལ་གྱིས་རིན་གོང་ཁ་ལོ་སྒྱུར་མི་ཆོག་པ་དྲན་སྐུལ་བྱས།

3.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས15ཉིན་ཀྲུང་ཧྭའི་སྲོལ་རྒྱུན་གྱི་གཅན་གཟན་གསེར་དངུལ་གྱི་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

  • ཉེ་ཆར་ཀྲུང་གོའི་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་རྟེན་མཛོད་ཁང་སླར་ཡང་སྤྱི་དམངས་ལ་སྒོ་མོ་ཕྱེ་ནས་ཉར་ཚགས་དངོས་རྫས600ལྷག་ཙམ་འགྲེམས་སྟོན་བྱས།

  • ཀོང་ཞི་ཡིས་ཧོ་ཀྲོའུ་མཐོ་རིམ་སློབ་འབྲིང་ལྔ་པའི་ཚོང་ཁང་ཆུང་ངུའི་རིན་གོང་ཤིན་དུ་མཐོ་ཤོས་ཀྱི་བོགས་དངུལ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་སྟེ། ད་ལྟ་གན་རྒྱ་མཚམས་བཞག་ཟིན་པས་སློབ་གྲྭ་དེའི་ཚོང་ཁང་གིས་ཕྱི་ཕྱོགས་སུ་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་ཀྱིན་མེད་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་མིའི་ལུས་ཕུང་གི་རིམས་འགོག་མ་ལག་གི་སྐྱེ་འཕེལ་དཔེ་རིས་བདེ་བླག་ངང་བྲིས་པ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་རིག་གཞུང་དུས་དེབ《ཕྲ་ཕུང》ཐོག་ཏུ་སྤེལ།

  • ཁྲང་ཧྲ་སྤྱི་བདེ་ཡིས་ཉེ་ཆར་རྒྱལ་མཚམས་སྒྲོལ་བའི་དུག་ཚོང་ཉེས་གསོག་ཚོགས་པ་ཞིག་རྩ་གཏོར་བཏང་ནས་མི91ཉེས་དོན་བཀག་ཉར་བྱས་པ་དང་དུག་རྫས་སྣ་ཚོགས་སྤྱི་རྒྱ42.5རྩད་ཆོད་པ་རེད།

4.png

  • ཧོ་ནན་ཀྲེང་ཀྲོའུ་ཡིས་ཧྲང་རྒྱལ་རབས་ཀྱི་ཐོག་མའི་ཆུ་བོའི་མ་ལག་ཆེ་ཤོས་ཤེས་རྟོགས་བྱུང་བ་དེས་ཀྲེང་ཀྲོའུ་ཧྲང་གྲོང་ལྷོ་རྒྱུད་ཀྱི་བར་སྟོང་བཀོད་པའི་ངོས་འཛིན་སྟོང་ཆ་བསྐངས་ཡོད།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་དམིགས་བསལ་གྱི་འཚོ་བཅུད་སྡེབ་སྦྱོར་བཟའ་བཅའ་སྨན་བཅོས་ནི་སྨན་བཅོས་ལས་ཁུངས་སམ་ཡང་ན་སྨན་རྫས་ཚོང་ཁང་གི་སིལ་ཚོང་ཁེ་ལས་བརྒྱུད་ནས་འཛད་སྤྱོད་པར་འཚོང་དགོས་པ་ལས་དྲ་ཐོག་ནས་འཚོང་མི་ཆོག་པའི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས།

  • ཐེན་ཅིན་གྱིས་བྱ་ཐབས་བཏོན་ནས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ། ཕུལ་བྱུང་བྱ་དགའ་བཅས་ཐོབ་པའི་བདམས་ཐོན་པར་སོ་སོར་སྒོར་ཁྲི50དང་། སྒོར་ཁྲི30། སྒོར་ཁྲི20། སྒོར་ཁྲི10བཅས་ཀྱི་བྱ་དགའི་རོགས་དངུལ་སྤྲོད་རྒྱུ་གཏན་འབེབས་བྱས།

  • ཧོ་ནན་ཀྲེང་ཀྲོའུ་ཡིས་ཡིག་ཆ་བཀྲམ་ནས་སྐོར་གཉིས་ནང་སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་སྲིད་ཇུས་སོགས་ཁང་པ་ཉོ་སྒྲུབ་འཛད་སྤྱོད་ཀྱི་ཚོད་འཛིན་རང་བཞིན་དང་སྡོད་ཁང་ཕྱིར་ཚོང་ཚོད་འཛིན་ལོ་ཚད་ཀྱི་གཏན་འབེབས་མེད་པར་བཟོས།

དེ་རིང་གི་གནམ་གཤིས།

5.jpg

  • ཅང་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ་དང་། ཀྲེ་ཅང་། ཧྥུ་ཅན་གྱི་དབུས་ནུབ་རྒྱུད། ཅང་ཞིའི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན། དེའི་ཁྲོད་ཅང་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཀྲེ་ཅང་གི་ལྷོ་ནུབ་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།