དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་འཚོགས།

2023-09-14 14:29:13   |   2614

 རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་། མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཁྲེན་ཡུང་ལིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་རིང་འབུམ་བཅས་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས། མཛད་སྒོའི་སྟེང་མི་རིགས་དགེ་འོས་སློབ་གླིང་བོད་སྐད་ཡིག་རྩོམ་རིག་ཚན་ཁག་གི་ཀྲུའུ་རེན་སྒྲོལ་རྩེ་རྒྱལ་གྱིས་གཙོ་སྐྱོང་གནང་།

1.jpg     

 ཐེངས་འདིའི་གསོ་སྦྱོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་བོར་བཟུང་སྟེ། མཐོ་རིམ་སློབ་གྲྭའི་བཟང་ཆ་འདོན་སྤེལ་དང་། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱའི་བྱ་བར་ཞབས་འདེགས་ཞུ་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱ་བའི་ལས་སྒོའི་ནུས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་བ། “གནས་བཞིའི”འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་རོགས་སྐྱོར་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་བརྗོད་གཞི་གཙོར་བཟུང་གིས་སྒྲུབ་པ་ཞིག་རེད།

2.jpg       

གསོ་སྦྱོང་དུས་ཡུན་ཉིན་བཞིའི་རིང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་གྲགས་ཅན་གདན་འདྲེན་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ཐབས་རྩལ། རྒྱ་བོད་ཡིག་སྒྱུར་མཉེན་ཆས་བེད་སྤྱོད་སོགས་ཀྱི་ཐད་ནས་སློབ་ཁྲིད་གནང་བ་རེད།


མཉམ་སྤྱོད།