དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་གླ་ཆད་རྩ་བཅོས་སྒོས་ཞིང་བ་ལས་མིའི“གླ་ཕོགས”ཀྱི་སེམས་ངལ་སེལ།

2023-09-14 15:08:36   |   2367

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས“དུས་དང་རྣམ་པ་ཀུན་ཏུ་བློ་བདེ་བཟོད་མེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་གླ་ཕོགས་འགྱངས་ཆད་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་ཏུ་བཏང་བ་དང་། ཞིང་བ་ལས་མིའི་གླ་ཆ་སྤྲོད་པའི་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱས་ཤིང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས་ནས་ངལ་རྩོལ་དང་མ་རྩའི་བར་གྱི་རྩོད་གཞིའི་བྱུར་རྐྱེན་འབྱུང་རྩ་ནས་གཏན་འགོག་དང་སྔོན་འགོག་བྱས་པས། ལས་སྤྱོད་ཁོར་ཡུག་ལེགས་པོ་རྒྱུན་ཆད་མེད་པར་བཏོད།

འབྱུང་རྩ་ནས་སྔོན་འགོག་གཏིང་ཟབ་དང་། གླ་ཆ་འགྱངས་ཆད་ཀྱི་འགག་སྒོ་སྔ་སྣུར་སྒོས་རྩ་བཅོས་བྱས་པ། གླ་ཆ་འགྱངས་ཆད་རྩ་བཅོས་བྱ་རྒྱུ་ལྟེ་བར་བཟུང་སྟེ་ཕྱོགས་ཁག་གི་འགན་འཁྲི་ནན་ཏན་དུ་བཏང་ཞིང་། སྲིད་གཞུང་གི་གཙོ་འགན་སྡེ་ཚན་དང་ཨར་ལས་སྡེ་ཚན་ལས་གྲུབ་པའི“ལྟེ་བ་གཅིག་དང་མཉམ་འབྲེལ་དུ་མའི”མཉམ་འགུལ་ལམ་སྲོལ་བཙུགས་ནས། 2023ལོའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་དབྱར་དུས་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ལ། ཡིག་སྐུར་ངོ་བཅར་གྱི་སྔོན་བརྡ་གཏོང་བ་དང་། མཉམ་འབྲེལ་ཁྲིམས་འཛིན། ས་གནས་ས་ཐོག་ཏུ་འཐེན་བཤེར་བྱེད་པ། གཞི་གྲངས་གསལ་རྟོགས་བྱེད་པ། འགུལ་རྣམ་ཁོང་དུ་ཆུད་པ་དང་། རྩ་བ་ཁུངས་འདེད་བྱེད་པ། སྐོར་སྐྱོད་སྐབས་བསྟུན་སོགས་ཀྱི་བྱེད་ཐབས་སྤྱད་དེ་གླ་ཆ་འགྱངས་ཆད་ཀྱི་བྱུར་རྐྱེན་གྲལ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། འགན་དབང་གཅིག་གྱུར་དང་རྩ་ལག་མཉམ་བཅོས། མཉམ་འཛིན་མཉམ་སྡོམ། སྤྱི་ཡོངས་དང་འབྲེལ་བའི་གླ་ཆ་འགྱངས་ཆད་བཅོས་སྒྲིག་བཅས་ཀྱི་ལས་དོན་རྣམ་པ་ཆགས་པར་བྱས།

ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་དང་། གླ་ཆ་འགྱངས་ཆད་ཀྱི་བྱུར་རྐྱེན་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱས་པ། དམ་འཛིན་ཡང་ཡང་དང་དམ་འཛིན་མཐིལ་ཕྱིན་བྱས་པ་བརྒྱུད། ཞིང་བ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་འགལ་བ་གྲལ་བཤེར་འདུམ་འགྲིག་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་བ་ལས་མིའི་གླ་ཆ་སྤྲོད་པར་ལྟ་སྐུལ་ཚོད་འཛིན་དང་ཉེན་ཟོན་ཉེན་བརྡའི་ལས་སྟེགས་སྤྱད་དེ། རྫོང་ཡོངས་ཀྱི་ལས་གྲྭའི་ཁྱབ་ཁོངས་སུ་ངལ་རྩོལ་འགན་ལེན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱེད་པ་ནས་འགྱངས་ཆད་སྔོན་འགོག་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར་ཞིང་བ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི3གྱོད་དོན་ཐོ་འགོད་ཐག་གཅོད་བྱས་པ་དང་། ཞིང་བ་ལས་མིའི་གླ་ཆ་སྒོར་ཁྲི480.86གཙང་སྤྲོད་བྱས་པ་དེ་ཞིང་བ་ལས་མི340དང་འབྲེལ། ཞིང་བ་ལས་མིའི་གླ་ཆ་འགྱངས་ཆད་ཞུ་གཏུག་གྱོད་གཞི11མཐུན་སྦྱོར་ཐག་གཅོད་བྱས་པ་དང་ཞིང་བ་ལས་མིའི་གླ་ཆ་སྒོར་ཁྲི134.91གཙང་སྤྲོད་བྱས་པ་དེ་ཞིང་བ་ལས་མི87དང་འབྲེལ།

ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་རྒྱ་བསྐྱེད་པ་དང་། གླ་ཕོགས་འགྱངས་ཆད་ཀྱི་ཁུངས་སྣེ་ཕན་ནུས་ཆེ་བར་བསྒྲུབས་པ། སྨྱན་སྦྱོར་སྤྱི་སྟེགས་དང་། བརྙན་སྟེགས། གླ་ཆ་འགྱངས་ཆད་ལས་སྟེགས་སོགས་ཕྱོགས་མང་བོའི་ཐབས་ལམ་བརྒྱུད་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་བ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཁྲིམས་འགལ་ཁུངས་སྣེ་རྒྱུན་མཐུད་ངང་བསྡུ་རུབ་བྱས་ཏེ། ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་རྒྱ་ཆེར་བསྐྱེད། མིག་སྔའི་བར་རིམ་རྩིས་ལྟར་ན་ཡིག་བསྐུར་ངོ་བཅར་དང་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐོག་ནས་ངལ་རྩོལ་དང་མ་རྩའི་བར་གྱི་རྩོད་གཞིའི་གནད་དོན121ཐག་གཅོད་བྱས་པ་དང་། ལྡོག་ལན་ཐག་གཅོད་བྱས་པའི་གྱོད་གཞི120ཡོད། རྒྱུན་གཏན་གྱི་སྐོར་ཞིབ་དང་ཆེད་དོན་ཞིབ་བཤེར་ཐེངས40སྒྲིག་འཛུགས་བྱས་ནས་ཨར་སྐྲུན་གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། ཞིང་བ་ལས་མིའི་མིང་དངོས་འགོད་པའི་དོ་དམ། ཞིང་བ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲ། ཟླ་རེར་གླ་ཕོགས་ཆ་ཚང་སྤྲོད་པ། གླ་ཆའི་འགན་ལེན་དངུལ་འཇལ་བ་བཅས་ཀྱི་ལམ་ལུགས་བཞི་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ། གནད་དོན་ཡོད་པའི་ཨར་ལས་ཚན་པར་དུས་བཀག་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།



མཉམ་སྤྱོད།