མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-15 08:26:43   |   3167

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཏང་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས་པ་བསྟན།

  • ཟླ9ཚེས14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཟླ9ཚེས14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཏ་མན་ལ་གློག་འཕྲིན་བཏང་ནས་ཁོང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

    微信图片_20230915083118.jpg

  • མིག་སྔར་རྒྱལ་ཡོངས་ཀྱི་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི6300ལས་བརྒལ་བ་དང་སྟོན་འབྲུ་ཁྲོམ་རར་འདོན་མགོ་ཚུགས།

  • ཀྲུང་དབྱང་དངུལ་ཁང་གིས་ཟླ9ཚེས15ཉིན་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས0.25དམའ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོ་ནས2023ལོའི་ཟླ6པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་ཁྲི1227འཕེལ་རྒྱས་བཏང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དོ་དམ་ཅུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། 2024ལོའི་ཟླ1ཚེས1ཉིན་ནས་བཟུང་ལས་ཁུངས་ཟ་ཁང་གི་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་དཔྱད་དཔོག་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྤྱིའི་གཏོང་སྒོ་དུས་མཚུངས་ལས19.3%འཕར་ཡོད།

    微信图片_20230915083123.jpg

  • གནས་ཚུལ་སྤེལ་བར་གཞིགས་ན། དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་མེ་པུའུ་ལེ་མ་ལག་ཉོ་སྒྲུབ་བྱ་རྒྱུ་རེད། རྒྱལ་སྲུང་པུས་ཐའེ་ཝན་དང་ཨ་རིའི་ངན་སྤྱོད་དེ་རྦད་དེ“ཐའེ་ཝན་ལ་གནོད་འཚེ་གཏོང་རྒྱུ”དང“ཐའེ་ཝན་གཏོར་རྒྱུ”ཡིན། དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་མཁྲེགས་བཟུང་བྱས་ནས“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱེད་འདོད་པ”དེས་ཐའེ་ཝན་ཉེན་ཁའི་གནས་སུ་སྐྱེལ་རྒྱུ་ལས་མ་འདས་པ་ཞེས་བཤད་པ་ཡིན།

    སྤྱི་ཚོགས།

  • ཚེས14ནས16ཉིན་བར་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་མེ་ཏོག་གི་རྡུལ་མི་འཕྲོད་པའི་ས་ཁོངས་སུ་གནས་ཡོད་པ་དང་། དེའི་ཁྲོད་ནང་སོག་དང་། ཧྲན་ཞི། ཧྲན་ཏུང་སོགས་ས་ཁུལ་ཁ་ཤས་སུ་ཚོར་ལྷག་མི་འཕྲོད་པ་འབྱུང་སླ་བ་རེད། 

  • ཚེས14ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་དཔལ་འབར་ཀྲེ་ཅང་ཐའེ་ཀྲོའུ་རུ་བརྒྱུད་སྤྲོད་བྱས།

  • ཚེས13ཉིན་རྒྱལ་སྤྱིའི་ལག་རྩལ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་འཛམ་གླིང་བུད་མེད་ལག་རྩལ་སྤོ་ལོའི་མིང་རིམ་ཁྱབ་བསྒྲགས་བྱས་པ་དང་ཀྲུང་གོའི་བུད་མེད་ལག་རྩལ་སྤོ་ལོའི་རུ་ཁག་ནི་ཨང་གཉིས་པར་གནས་ཡོད།

  • ཚེས14ཉིན། 2023ལོའི་འཛམ་གླིང་ལྗིད་འདེགས་གཟེངས་རྟགས་འགྲན་བསྡུར་བུད་མེད་སྤྱི་རྒྱ71རིམ་པའི་མཐའ་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པ་ལེའོ་ཀུའེ་ཧྥང་གིས་སྤྱི་རྒྱ120དང་། སྤྱི་རྒྱ153། སྤྱིའི་གྲུབ་འབྲས་སྤྱི་རྒྱ273བཅས་འདེགས་ནས་གསེར་གྱི་རྟགས་མ་གསུམ་བླངས་པ་རེད།

  • གྲངས་གཞི་ལས་མངོན་པར། ཟླ་བརྒྱད་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར8861ཟིན་པ་དེ་དུས་མཚུངས་ལས3.9%འཕར་ཡོད།

  • དྲ་ཐོག་ནས་ནུབ་ཕྱོགས་བཟོ་ལས་སློབ་ཆེན་ལ་རྒོལ་བའི་ལྐོག་གྱུར་ཧེ་ཁིར(黑客)ཡི་ཐོབ་ཐང་གཏན་འཁེལ་བྱས་པ་དང་། དེ་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུ་ཡིNSAལས་དོན་མི་སྣ་ཞིག་ཡིན་པ་རེད།

  • 2023ལོའི་དབང་གནོད་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་རྒྱལ་ཡོངས་སུ་གཅིག་གྱུར་ཐོག་མེད་པ་བཟོ་བའི་བྱེད་སྒོ་ཚེས14ཉིན་སྤེལ་ནས་དབང་གནོད་དང་རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་དང་སྨན་རྫས། གྱོན་ཆས་ལྷམ་སོགས་ཏུན4730ལྷག་ཙམ་མེད་པར་བཟོས་པ་རེད།

  • ཚེས15ཉིན་ནས་བཟུང་པེ་ཅིང་གིས་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་མགོ་བརྩམས་པ་དང་། མི་ཚོགས་མི་འདྲ་བར་དམིགས་ནས་རིམ་པ་བཞིན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    微信图片_20230915083128.jpg

  • ཀོང་ཏུང་ཀྲུང་ཧྲན་གྲུ་ཁའི་འགག་སྒོར་རྒྱལ་ཡོངས་ཀྱི་ནད་རིགས་སྨྱན་སྦྱོར་སྐྱེ་དངོས་ཀྱི་གསུས་པ་དམར་པོའི་སྦྲང་ནག་ཐོག་མ་དེ་མནངས་བཅད་བྱས།

    སྲིད་ཇུས།

  • ཐེན་ཅིན་གྱིས་ཁེ་ལས་ཀྱིས་སྐབས2023པའི་སློབ་གྲྭ་མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱས་ཏེ་ཆ་རྐྱེན་མཐུན་པ་རྣམས་ལ་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་སྤྲོད་ཆོག་པ་དང་ཚད་གཞི་ནི་མི་རེར་སྒོར1000ཡིན་པ་ཁ་གསལ་བཏོན་ཡོད།

  • ཧེ་ལུང་ཅང་གིས་བྱ་ཐབས་བཏོན་ནས་ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་ཀྱིས་ཁེ་ལས་ཀྱི་གཞི་ཁྱོན་ལ་གཞིགས་ནས་ཁག་ཐེག་དངུལ་བུན་གྱི་གྲངས་འབོར་མི་འདྲ་བ་ཐོབ་ཆོག་པ་ཡིན། དེའི་ཁྲོད་ཁེ་ལས་འབྲིང་གྲས་ཀྱི་ཁག་ཐེག་དངུལ་བུན་སྒོར་ཁྲི1000ལས་བརྒལ་མི་ཆོག

  • ཀུའེ་ཀྲོའུ་ཡིས་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་རིགས་ལ་ཐོག་མའི་སྤྲོད་ཚད་དེ་རིམ་པ་དང་པོ་དང་དེ་མན་གྱི་སྨན་བཅོས་སྒྲིག་གཞིར་སྒོར100གཏན་འཁེལ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

    微信图片_20230915083457.jpg

  • ནང་སོག་གི་དབུས་རྒྱུད་དང་བྱང་ཤར་རྒྱུད་དང་།  ཧེ་ལུང་ཅང་གི་ནུབ་རྒྱུད། ཞིན་ཅང་གི་ཐེན་ཧྲན་ས་ཁུལ། ཧྲན་ཞིའི་བྱང་རྒྱུད། ཅང་སུའུ་ཡི་ཤར་ལྷོའི་རྒྱུད། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད་དང་ཧྥུ་ཅན་གྱི་ནུབ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད་དང་ཞང་ཀང་། ཨའོ་མོན། ཀོང་ཞིའི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།