མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས།

2023-09-15 10:25:55   |   1212

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས14ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དབར་འཐབ་ཇུས་མཉམ་ལས་གྲོས་མོལ་གྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཞའོ་དབྱིན་གཉིས་མིང་རྟགས་འགོད་པའི་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཅུན་ཡུས་བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ལ། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་མཛད་སྒོ་གཙོ་སྐྱོང་གནང་།  

3.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་སློབ་གསོ་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ཕན་སྒྲུབ་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་སྐྲུན་པ་དང་། བོད་ལུག“ལོ་གཉིས་ནང་ཐེངས་གསུམ་ལ་རྩེབ་པའི”ནུས་ཆེའི་གསོ་སྤེལ་སོགས་ཚན་ཞིབ་གྲུབ་འབྲས་གང་མང་ཞིག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ལ། ཞིང་ཆེན་དང་པུ་རིམ་པའི་ཚན་རྩལ་གྲུབ་འབྲས50དང་རྒྱལ་ཁབ་ཀྱི་དངོས་སྤྱོད་རྣམ་པ་གསར་པའི་ཁེ་བེད་བདག་ཐོབ13ཐོབ་པ་དང་། ས་གནས་ཀྱི་ཚད་གཞི14བཟོས་ནས་ཚན་རྩལ་གྱིས་ཞིང་ཕྱུགས་ལས་ལ་བྱས་རྗེས་བཞག་ཚད57%ཟིན་ཏེ་ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ནུས་པ་སྔར་བས་མངོན་གསལ་ཡིན། ད་ལོར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་མོང་ཆིན་ཧའེ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲིག་ཆི་དང་དེ་བཞིན་ཡོན་ཧྲི་ཞའེ་སུའུ་ཡོན། ཝུའུ་ཞང་ཕིང་། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་གྱི་རྒྱུན་ལས་སློབ་གཙོ་གཞོན་པ་ཝང་ཡན་ཧྥིན་སོགས་སྔ་རྗེས་སུ་མཚོ་བྱང་དུ་ཡོང་ནས་བརྟག་ཞིབ་དང་བྱ་བར་མཛུབ་ཁྲིད་གནང་ལ། དེ་རིང་འཐབ་ཇུས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ནི་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མཉམ་ལས་བྱེད་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ཞིང་། མཚོ་བྱང་གིས་ཤེས་ལྡན་པ་གཅིག་སྡུད་དང་བློ་གྲོས་ནང་འདྲེན་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་པའི་འགག་རྩའི་གོམ་སྟབས་ཤིག་ཀྱང་ཡིན། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མཚོ་བྱང་གི་དགོས་མཁོར་དམིགས་ནས་གྲུབ་འབྲས་དང་མ་དངུལ། ཤེས་ལྡན་མི་སྣ་སོགས་ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ཏེ་མིག་རྒྱང་མཚོ་བྱང་ལ་གཏོད་པ་དང་ཚན་ཞིབ་མཚོ་བྱང་དུ་གཅིག་སྡུད་བྱས་ནས། ཚན་རྩལ་གྲུབ་འབྲས་དེ་བས་མང་བ་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ། གྲུབ་འབྲས་སྨིན་པར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ལ། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་སླེབས་ནས་ཏང་གཤིས་སློབ་གསོ་དང་ལས་བྱེད་པར་གསོ་སྦྱོང་བྱ་རྒྱུའི་རེ་འདུན་ཡོད་པར་བསྟན།

1.jpg

ཝང་ཞའོ་དབྱིན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ། ཡར་རྒྱས་བརྩོན་ལེན། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་དང་རིག་གཞུང་བརྗེ་རེས་དར་སྤེལ། ཚན་རིག་ཤེས་བྱ་ཁྱབ་གདལ། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་མང་པོ་ཞིག་བསྒྲུབས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ། མ་འོངས་པར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ཞབས་ཞུ་བཞིའི”འགན་ཁུར་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་སྒོ་དབྱེ་རྣམ་པ་དང་ལྟེ་བའི་རང་བཞིན། ལས་སྟེགས་རྣམ་པ་བཅས་ཀྱི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་བཙུགས་ནས་ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པར་བཤད།

2.jpg

4.jpg

མིང་རྟགས་འགོད་པའི་མཛད་སྒོའི་ཐོག ཀརྨ་ཚེ་རིང་དང་ཧོང་ཅུན་ཡུས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ《འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མདའ་བཞི་རྫོང་སྲིད་གཞུང་ལ་རིན་ཐང་སྒོར་ཁྲི380ཟིན་པའི་སྐོར་སྐྱོད་ཚན་རྩལ་ཁང་གི་ཚན་རྩལ་ཁྱབ་གདལ་འགྲེམས་རྫས་ཞལ་འདེབས་ཕུལ་བ་དང་། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་བྱང་ཁུལ་གྱི་སྐབས་དང་པོའི་ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པར་བྱ་དགའ་གནང་།   

6.jpg

ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་མཚོ་བྱང་ཁུལ་གྱི“2023ལོའི་ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པ”བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།   


མཉམ་སྤྱོད།