དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས“བརྒྱད་ལྔ”ཁྲིམས་སྤེལ་ཀྱི་དུས་དཀྱིལ་ཞིབ་དཔྱད་གྲོས་ཚོཊ་བསྡུས།

2023-09-15 14:39:22   |   2150

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


མདོ་ལ་རྫོང་གིས་རྫོང་ཡོངས“བརྒྱད་ལྔ”ཁྲིམས་སྤེལ་ཀྱི་ཞིང་ཆེན་རིམ་པའི་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་སྙན་ཞུའི་གྲོས་ཚོགས་བསྡུས་པ།

ཟླ9བའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི“བརྒྱད་ལྔ”ཁྲིམས་སྤེལ་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་ཚོ་ཆུང་གཉིས་པ་འཁོར་དང་བཅས་པ་ཞིང་ཆེན་ཁྲིམས་འཛིན་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྥེང་ཡན་ཧྭ་ཡི་སྣེ་ཁྲིད་འོག་མདོ་ལ་རྫོང་དུ་བསྐྱོད་དེ་ཞིབ་བཤེར་དཔྱད་དཔོག་ལས་དོན་སྤེལ་བར་མ་ཟད། རྫོང་ཡོངས“བརྒྱད་ལྔ”ཁྲིམས་སྤེལ་གྱི་ཞིང་ཆེན་རིམ་པའི་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་སྙན་ཞུའི་གྲོས་ཚོགས་བསྡུས།

微信图片_20230915144417.jpg

གྲོས་ཚོགས་ཐོག ཧྥེང་ཡན་ཧྭ་ཡིས་ཐེངས་འདིའི་ཞིབ་བཤེར་དཔྱད་དཔོག་ལས་དོན་གྱི་ནང་དོན་གཙོ་བོ་དང་བླང་བྱ་ངོ་སྤྲོད་གནང་། རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་ལྕགས་ཐར་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་འབྲེལ་རང་རེའི་རྫོང་གི“བརྒྱད་ལྔ”ཁྲིམས་སྤེལ་གྱི་དུས་དཀྱིལ་སྐུལ་འདེད་དོན་འཁྱོལ་གནས་ཚུལ་སྙན་སེང་ཞུས།ཧྥེང་ཡན་ཧྭ་ཡིས་མདོལ་་རྫོང་གི“བརྒྱད་ལྔ”ཁྲིམས་སྤེལ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། མདོ་ལ་རྫོང་གིས“བརྒྱད་ལྔ”ཁྲིམས་སྤེལ་ལས་དོན་ལ་གཙིགས་མཐོང་ཆེན་པོའི་སྒོ་ནས་འགན་འཁྲི་གཙོ་བོ་ཁ་གསལ་དང་ལས་དོན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་གྲུབ་འབྲས་ངེས་ཅན་ཐོབ། གོམ་སྟབས་རྗེས་མར། ཁྲིམས་སྤེལ་ལས་དོན་གྱི་ལམ་ལུགས་འཛུགས་སྐྱོང་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གཡུལ་ས་འཛུགས་སྐྱོང་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཇེ་ཆེར་བཏང་ནས། རྫོང་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་སྤེལ་འགན་འཁྲིའི་སྡེ་ཚན་ཁག་གིས་མཉམ་འཛིན་མཉམ་སྡོམ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཁྲིམས་སྤེལ་ལས་དོན་སྔར་བས་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

微信图片_20230915144440.jpg

微信图片_20230915145515.jpg

གྲོས་ཚོགས་ཐོག སྡེ་ཚན་ཁག་དང་ཚན་པ་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་དུ་འབྲེལ་བ་དང་། བླང་བྱ་གཞིར་བཟུང་སྟེ་གཙོ་གནད་ཁོང་དུ་ཆུད་པ་དང་ཚུར་སྣང་སྐྱེན་པོའི་སྒོ་ནས་རང་རེའི་རྫོང་གི“བརྒྱད་ལྔ”ཁྲིམས་སྤེལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ཏན་ཏིག་ཞིབ་ཚགས་སུ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཞིབ་བཤེར་དཔྱད་དཔོག་ཚོ་ཆུང་གིས་བཏོན་པའི་གནད་དོན་དང་མི་འདང་ས་ལ་ཞིབ་འཇུག་ནན་ཏན་དང་དག་ཐེར་མགྱོགས་མྱུར་བྱས་ཏེ། སྔར་བས་དངོས་སྒྲུབ་དང་། ནུས་ལྡན། ཕན་འབྲས་ལྡན་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རང་རྫོང་གི“ལོ་ལྔ་ཚན་བརྒྱད་པའི་”ཁྲིམས་ལུགས་ཁྱབ་སྤེལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག ཁྲིམས་སྐྱོང་མདོ་ལ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པོ་བསྐྲུན་པ་དང་། ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།དཔྱད་དཔོག་ཚོ་ཆུང་གི་ལས་དོན་མི་སྣས་རྫོང་ཡོངས་ཀྱི“བརྒྱད་ལྔ”ཁྲིམས་སྤེལ་ལས་དོན་གྱི་རྒྱུ་ཆར་ལྟ་ཞིབ་ཤིང་། ཧྥེང་ཡན་ཧྭ་ཡིས་ད་དུང་དཔྱད་དཔོག་ཁོངས་མིའི་སྣེ་ཁྲིད་དེ་སྔ་རྗེས་སུ་ཡུལ་གྲོང་དང་ཁེ་ལས། བྱ་ལས་སྡེ་ཚན་ཁག་ཅིག་ཏུ་བསྐྱོད་དེ་ཡུལ་དངོས་ནས་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱས།ཁུལ་ཁྲིམས་འཛིན་ཅུའི་ཅུ་ཀྲང་ཁྲེན་ཝུན་ཅེ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཕེབས་རོགས་བྱས།


མཉམ་སྤྱོད།