དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞིས་ཁུལ་རྙིང་པར་བསྒྱུར་བཀོད་སྒོས་དམངས་ཀྱི་སྡོད་ཁང་ལེགས་སུ་བཏང་།

2023-09-15 14:56:01   |   621

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230915150638.jpg

གཞིས་ཁུལ་རྙིང་པར་བསྒྱུར་བཀོད་བྱ་རྒྱུ་ནི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། མཁར་གྲོང་གི་སྤུས་ཚད་དང་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་དགོས་པ་གལ་ཆེན་འདུག ཉེ་ཆར། རྐང་ཚ་རྫོང་གིས“ཚོང་འགུགས་ཚོགས་འདུ”དང“ཁང་བདག་འཐུས་ཚབ་ཚོགས་འདུ”། “ཁྱིམ་ཚང་དུ་བསྐྱོད་པ”སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། གཞིས་ཁུལ་རྙིང་པར་བསྒྱུར་བཀོད་ཀྱི་བསམ་ཚུལ་དང་ཡིད་འཐད་ཚད་བསྡུ་ལེན་བྱས་པ་དང་འབྲེལ་ཁང་བདག་ལ་དུས་ལྟར་གསལ་ལན་བསློགས་ནས། ཁང་པའི་བསྒྱུར་བཀོད་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་ཚད་མཐོའི་བླང་བྱ་ཡོད་པ་གཞིར་བཟུང་། གཞིས་ཁུལ་རྙིང་པར་བསྒྱུར་བཀོད་ཀྱི་རྣམ་པ་གསར་བ་དང་ཁོར་ཡུག་གསར་བ། བྱེད་ནུས་གསར་བའི་འགན་ཁག་ཐེག་བྱས།

微信图片_20230915150643.jpg

གསར་བརྗེའི་སྡེ་ལས་ཀྱིས་གཞིས་ཁུལ་རྙིང་པར་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ནང་། སྡེ་ལས་ཏང་ཀྲི་པུའུ་ཡིས་གཞིས་ཁུལ་བསྒྱུར་བཀོད་ཀྱི་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། སྡེ་ལས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ཏེ། ཁང་བདག་ཡོངས་ལ་གྲོས་མོལ་བྱས་ནས་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་ལེགས་འགྲུབ་བྱུང་རྗེས། བདག་སྐྱོང་འདུ་ཤེས་ཀྱི་ཐད་ཡུན་རིང་བདེ་འགོད་ཀྱི་དོ་དམ་སྒྲིག་གཞི་གསར་དུ་འཛུགས་རྒྱུ་རེད།

微信图片_20230915150650.jpg

ལས་གཞི་མགོ་མ་ཚུགས་སྔོན་ལ་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པས་ཡང་དང་བསྐྱར་དུ་འཆར་འགོད་སྡེ་ཁག་དང་བཟོ་སྐྲུན་སྡེ་ཁག ལྟ་སྐུལ་སྡེ་ཁག་བཅས་ལ་ལས་ཀའི་གོ་རིམ་དང་བཟོ་སྐྲུན་བདེ་འཇགས། བཟོ་སྐྲུན་སྤུས་ཚད། དམངས་ཀྱི་བསམ་ཚུལ་བཅས་དམིགས་སུ་བཟུང་སྟེ་བཀོད་འདོམས་ལེགས་སྒྲིག་བྱས་ཤིང་། གཞིས་ཁུལ་རྙིང་པ་བསྒྱུར་བཀོད་ཀྱི་གཟབ་འཇོག་བྱ་ཡུལ་དང་ཁོར་སྲུང་བདེ་འཇགས། ལས་ཀའི་མྱུར་ཚད། དོ་དམ་ཚོད་འཛིན་བཅས་ལ་བླང་བྱ་ནན་གྱིས་བཏོན་པར་མ་ཟད། གསར་བརྗེའི་སྡེ་ལས་ཀྱིས་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱ་བའི་གོ་རིམ་ཁྲོད་བླངས་ཟིན་པའི་ཉམས་མྱོང་གིས་གཞིས་ཁུལ་གཞན་དག་བསྒྱུར་བཀོད་བྱེད་པར་དགེ་མཚན་སྤྲད་ཅིང་། ལྷག་པར་དུ་སྡོད་དམངས་ཀྱི་རེ་འདུན་དང་ལེན་བྱས་ཏེ། དབྱེ་ཞིབ་དང་དོ་དམ་དམ་འཛིན་བྱས།

微信图片_20230915150654.jpg

རྒྱུས་ལོན་བྱུང་བ་ལྟར་ན། ༢༠༢༣ལོའི་ལོ་མཇུག་བར་དུ། རྐང་ཚ་རྫོང་གིས་གཞིས་ཁུལ་རྙིང་པར་བསྒྱུར་བཀོད་ཀྱི་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་ཚུགས་ཡོད་ཅིང་། བསྡོམས་པས་གཞིས་ཁུལ6བསྒྱུར་བཀོད་ལེགས་འགྲུབ་བྱུང་ལ། ཐོག་ཁང56གི་ཁྱིམ་ཚང1047ལ་མ་དངུལ4524641.02བཏང་འདུག འདི་ལས་དམངས་ཀྱི་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། གཞིས་ཁུལ་ཡོངས་ལ་མཛེས་སྡུག་གི་ཁོར་ཡུག་གསར་བ་ཞིག་བསྐྲུན་ཡོད་དོ། །


མཉམ་སྤྱོད།