དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་སློབ་གསོ་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས།

2023-09-16 17:09:16   |   1386

རྩོམ་སྒྲིག སངས་དོན།      ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


 ཟླ9པའི་ཚེས15ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཁག་དང་པོའི་སྤྱི་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་བཀོད་སྒྲིག་བྱས།

1.jpg

ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་དང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞའེ་ཅན་ཧྭ་གཉིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་གཞོན་པ་ཝུའུ་ཡུག་ཀྲིན་ཚོགས་འདུར་ཞུགས།  ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སི་ཅི་ཧྲིང་གིས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཁག་དང་པོའི་སྤྱི་སྡོམ་དང་ཁག་གཉིས་པའི་བརྗོད་དོན་སློབ་གསོ་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས།

2.jpg

ཤ་བོ་སྐྱབས་ཀྱིས་བརྗོད་དོན་སློབ་གསོ་ལེགས་པོ་སྤེལ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩི་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩི་བ།  ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་ཁུར་གལ་ཆེན་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་གསོན་ཉམས་དོད་པའི་ལག་ལེན་དུ་བརྩིས་ནས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་འཛིན་པ་དང་དྲིན་དྲན་ཡར་བརྩོན་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་དང་རྩ་བའི་བླང་བྱར་དཔེ་བསྡུར། ཞིབ་ཕྲའི་བླང་བྱར་དམིགས་པ། གཙོ་གནད་བྱེད་ཐབས་དོན་འཁྱོལ། གནད་དོན་མངོན་གསལ་ཐག་གཅོད་བཅས་བྱས་ཏེ“གཞི་རྟེན་བཞིར”བརྟེན་ནས་ཐོག་མཐའ་བར་གསུམ་དུ“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གཙང་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་དངོས་སྒྲུབ་ཁྲིད་ཕྱོགས་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ཆེར་གཏོང་བ་དང་བསམ་ཕྱོགས་ཡང་དག་པར་གཏོང་བ། བྱ་བ་ཏན་ཏིག་སྒྲུབ་པ། སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་མོ་ཡིན་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ།  “སློབ་སྦྱོང་གི་བསམ་བློ”དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་བློ་སྟོབས་གཅིག་སྒྲིལ་གྱིས་རྩ་བ་བརྟན་དུ་གཏོང་དགོས། མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་མགྱོགས་སུ་བཏང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་ཁུར་ལ་བརྩིས་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་སྤྱོད་ལམ་སྦྱོང་བརྡར་བྱས་ཏེ་ལྷག་བསམ་ཆེ་རུ་གཏོང་དགོས། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཞིང་ཆེན་ཏང་ཨུའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་འགན་ཁུར་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དངོས་སྒྲུབ་འགན་ཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད“འབད་བརྩོན་བྱེད་དགོས་པ” སྟེ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིག་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློ་སློབ་སྦྱོང་དང་ལག་ལེན་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ།  བྱ་བའི་འཇོན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་རྙེད་པ། བྱེད་ཐབས་སློབ་པ། བློ་གྲོས་འཕེལ་བ་བཅས་བྱེད་དགོས། བརྟག་ཞིབ་འཇུག་ཐད“གནས་ཚུལ་དངོས་བརྟོག་ཞིབ”བྱས་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་དཀའ་ངལ་མང་བ་དང་བྱ་བའི་རྣམ་པ་གསར་འབྱེད་མི་ཐུབ་པའི་ས་གནས་དང་ལས་ཁུངས་སུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད“དཔའ་ངར་ཆེན་པོས་འགན་འཁུར་བའི”ཐོག་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བཅས་ལ་དམིགས་ཏེ་འགན་ཁུར་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ། ཕྱོགས་མང་བོའི་ཐོག་ནས་ཤུགས་སྣོན་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ནས“མཚོ་བྱང་ལྔ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར”དངོས་སྒྲུབ་ངང་ཞུགས་དགོས། ཞིབ་བཤེར་དང་དག་ཐེར་ཡོ་བསྲང་ཐད“དངོས་གནས་ནན་མོ”བྱེད་དགོས་པ་དང་།  “གནད་འཁེལ་ཞིབ་བཤེར་གསལ་སྟོན་དང་དག་ཐེར་ཡོ་བསྲང་ཐོ་བསུབ། འབྱུང་རྩ་བཅོས་སྐྱོང”བཅས་ཀྱི་གནད་འགག་གསུམ་དམ་འཛིན་བྱས་ཏེ། “དུས་ཚོད་རེའུ་མིག”དང“ལམ་ཐིག་དཔེ་རིས”“ཨར་ལས་རེའུ་མིག”བཅས་གསལ་པོར་བཟོ་བ་དང་། ལྷག་པར་དུ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་ཡུན་རིང་ཐག་གཅོད་བྱས་མེད་པའི་གནད་དོན་འབུར་ཐོན་ལ་དམིགས་ཏེ་དམ་འཛིན་ལྷོད་མེད་དང་འཛེམ་མེད་དམར་འདོན། དམ་འཛིན་མཐར་ཕྱིན་བཅས་བྱེད་དགོས་ལ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད“ཕུགས་ཕན་དམ་འཛིན་བྱེད་པ”དང་ལམ་ལུགས་དམ་ཚགས་སུ་བཏང་སྟེ་ལམ་ལུགས་ཀྱི་ཞན་ཆ་དང་ལམ་སྲོལ་གྱི་སྟོང་ཆ་གསབ་རྒྱུར་ཤུགས་སྣོན་དགོས་པ་ནན་གྱིས་བསྟན། 

ཤ་བོ་སྐྱབས་ཀྱིས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་སྤྱོད་ཚུལ་ནན་མོ་དང་དངོས་ཡོད་ཀྱི་ཁྲིད་ཕྱོགས་ལ་བརྟེན་ནས་བྱེད་པོའི་འགན་ཁུར་ཏན་ཏིག་འཁུར་བ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ཤིང་། ཁུལ་གྱི་ཚན་ཁག་ཆེན་མོ་སོ་སོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྣེ་ཁྲིད་ཀྱི་ནུས་པ”ཐོན་རྒྱུར་འབད་བརྩོན་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱས་ཏེ“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གཙང་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་དང་བྱ་བའི་ཕན་འབྲས་དངོས་ཡོང་བར་བརྩོན་ལེན་བྱས་ཏེ་བརྗོད་དོན་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་གཏོང་དགོས། བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུ་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། ལོ་འཁོར་མོའི་བྱ་བའི་ལས་འགན་སོ་སོ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་ལྡན་པ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱ་དགོས། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་ཏང་དམངས་ཞབས་ཞུའི་གཡུལ་ས་བེད་སྤྱོད་གང་ལེགས། སྟབས་བསྟུན་སྣ་མང་བཅས་ཀྱི་རྣམ་པ་སྤྱད་དེ་བརྗོད་དོན་སློབ་གསོ་དེ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཀྱུས་མ་ཚང་མར་ཁྱབ་ཏུ་འཇུག་དགོས་པའི་བླང་བྱ་བཏོན།

3.jpg

ཞའེ་ཅན་ཧྭ་ཡིས་བརྗོད་དོན་སློབ་གསོའི་དམིགས་ཚད་བླང་བྱ་དང་བྱེད་ཐབས་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས།  ཕན་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་བརྗོད་དོན་སློབ་གསོའི་ལས་འགན་སོ་སོ་དོན་འཁྱོལ་བྱེད་དགོས་ལ། རིམ་པ་རེ་རེ་བཞིན་འགན་འཁུར་ཁུར་དགོས་ཤིང་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་རང་ངོས་དམ་འཛིན་དང་དཔེ་སྟོན་སྐུལ་ཁྲིད་བྱ་དགོས་ལ། གཞི་རིམ་དམ་འཛིན་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཚན་པའི་ཁོངས་མི་ལས་བགོས་འགན་འཁུར་ས་ཁུལ་གྱི་ལས་ཁུངས་སུ་ཟབ་ཞུགས་བྱས་ཏེ་ཆེད་དོན་ལྟ་སྐུལ་སློབ་སྟོན་བྱས་ནས་རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲོད་པ་དང་། གཙོ་གནད་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་སྐོར་ཞིབ་བྱ་བ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བརྗོད་དོན་སློབ་གསོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་བརྗོད་དོན་སློབ་གསོ་གཞུང་ལས་ཁང་གིས་གོང་རིམ་གྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས་བརྗོད་དོན་སློབ་གསོ་སྤེལ་བའི“བསམ་ཤེས་ཅན”ཡག་པོ་ཞིག་བྱེད་དགོས། སྤྱི་འདོམས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་གོང་འོག་མཉམ་འགུལ་དང་སྔ་ཕྱི་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དཀའ་གནད་དང་གནད་དོན་དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་། སྦྲེལ་མཐུད་དམ་ཟབ་བྱེད་པ། གྲོས་གཞི་འདོན་པ་བཅས་བྱས་ཏེ་གནད་དོན་གྱི་གསལ་ཐོ་དང་འགན་ཁུར་གྱི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་བཟོས་ནས་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱེད་དགོས། དྲང་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པར་བསྟན།

4.jpg

ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་འགན་འཁུར་ཏན་ཏིག་ཁུར་ནས་བརྗོད་དོན་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་ལ། བརྗོད་དོན་སློབ་གསོ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག གཅིག་གྱུར་གྱིས་སྐུལ་སྤེལ་བཅས་བྱ་དགོས། སློབ་སྦྱོང་དང་ལག་བསྟར་ཞིབ་ཚགས་བྱེད་པའི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས། ཡུལ་དངོས་ནས་གནད་དོན་ཤེས་རྟོགས་དང་གནད་དོན་གོང་ཞུ། གནད་དོན་ཐག་གཅོད་བཅས་བྱེད་ཐུབ་པའི་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་གྲུབ་འབྲས་ཁག་ཅིག་ཆགས་པར་བྱེད་དགོས། དགོས་གལ་ཆེ་སར་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ། གནད་དོན་ལ་ཞིབ་ལྟ་ནན་ཏན་བྱེད་པ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ།  རེ་རེ་བཞིན་དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཏན་ཏིག་སྒོས་བརྗོད་དོན་སློབ་གསོའི“གོ་ཆོད་ཚད”ཆེ་རུ་གཏོང་དགོས། བརྗོད་དོན་སློབ་གསོའི་ཁྲོད་ཆགས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་བསྡོམས་དང་སྦྱོང་བརྡར་བྱས་ཏེ། དུས་ཐོག་ཏུ་ལམ་ལུགས་རྣམ་པར་བརྟེན་ནས་གཏན་འཇགས་ངང་བེད་སྤྱོད་ཡག་པོ་དང་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་ཡུན་རིང་གོ་ཆོད་དང་རྒྱུན་གཏན་ཡུན་ཕན་གྱི་ནུས་པ་ཐོན་པའི་ཁག་ཐེག་བྱ་དགོས་པར་བསྟན།

5.jpg

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་བཅོས་སྒྲིག་ཡོ་བསྲང་ཚན་ཆུང་གི་ཁོངས་མི། ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་རྫོང་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཚོགས་འདུར་ཞུགས།   


མཉམ་སྤྱོད།