དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-18 07:53:42   |   2562

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས17ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་དགུ་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • ཚེས17ཉིན། ཀྲེ་ཅང་ཅིན་ཧྭ་རུ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་དཔལ་འབར་བརྒྱུད་སྤྲོད་བྱས།

  • ཟླ8པར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་གཞི་ཁྱོན་མཐོ་ཤོས་བརྒལ་ཏེ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི6396.4ཟིན་ཡོད།

  • རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་སྟེ། རླངས་འཁོར་གི་དྲ་རྒྱའི་སྒྲ་དབྱངས་དང་བརྙན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དེ་མཚུངས་ཀྱི་ཐོབ་ཐང་ཡོད་པའི་རླངས་འཁོར་གིས་ད་གཟོད་དྲ་རྒྱའི་སྒྲ་དབྱངས་དང་བརྙན་བཀོལ་སྤྱོད་མཉེན་ཆས་རླངས་འཁོར་གྱི་མ་ལག་ནང་འཇུག་ཆོག་གི་ཡོད།

  • ཚེས16ཉིན། འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་བསླུ་བྲིད་ཀྱི་ཉེས་གསོག་དོགས་ཅན109ཡང་བསྐྱར་གཅིག་བསྡུས་ཀྱིས་རང་རྒྱལ་ལ་རྩིས་སྤྲོད་བྱས།

    2.jpg

  • ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་ཞེ་ལྔ་པའི་ཐོག་ཀྲུང་གོའི“ཕུའུ་ཨེར་ཅིང་མའེ་རི་བོའི་གནའ་བོའི་ཇ་ཚལ་རིག་གནས་མཛེས་ལྗོངས་”དེ《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་འཇུག་རྒྱུའི་གྲོས་འཆམ་བྱུང་། ད་ལྟ་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གྲངས་འབོར57བར་མང་དུ་ཕྱིན་ཡོད།

  • ཚེས16ཉིན། “རྒྱལ་ཁབ་ཀྱི་ཚོགས་པ77དང་ཀྲུང་གོའི”དབུ་ཚོགས་དེ་ཁུ་པ་རྒྱལ་ཁབ་ནས་གྲོལ། དབུ་ཚོགས་ཐོག《ཧ་ཝ་ན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་སྟེ། སྔར་བས་བསྟུན་མཁས་དང་མཐུན་སྦྱོར་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་རྣམ་པ་ཞིག་བསྐྲུན་རྒྱུའི་རེ་འབོད་བྱས།

    སྤྱི་ཚོགས།

    3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་བཏང་བ་སྟེ། དེ་རིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར12ཀྱི་ས་ཁུལ་ཁག་ཅིག་ཏུ་གློག་འཁྱུག་འབྲུག་གྲགས་དང་རླུང་འཚུབ་དྲག་པོའི་གནམ་གཤིས་སམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས13ནས་ཚེས16ཉིན་བར་མེ་འཁོར་སྤ་སེ་ཁྲི7405བཙོངས་པ་རེད།

    4.jpg

  • དགུ་གཅིག་བརྒྱད་དུས་འགྱུར་བྱུང་ནས་ལོ92འཁོར་བར་དྲན་གསོ་ཞུ་ཆེད། བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་སྟེ། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གིས་བཞེངས་པའི་དམག་འཁྲུག་ཁྲོད་འདས་པའི་འདས་པོའི་མིང་ཐོའི་རྡོ་རིང་ཟངས་བརྐོས་མའི་མ་ཡིག་ཐེངས་དང་པོར་འགྲེམས་སྟོན་བྱས།

  • 2023ལོའི་ལྗིད་འདེགས་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ཚེས16ཉིན་མཇུག་གྲིལ། ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་འཛམ་གླིང་གཟེགས་རྟགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ20དང་། དངུལ་གྱི་རྟགས་མ10དང་། ཟངས་ཀྱི་རྟགས་མ3བཅས་ཐོབ་ཡོད།

2.jpg

  • རང་རྒྱལ་གྱིས་རང་བདག་ཞིབ་བཟོ་བྱས་པའི་ཁ་ཞེང་ལ་སྨི2.5ཡོད་པའི་མོ་ཙིའི་གནམ་སྐོར་རྒྱང་ཤེལ་ཚེས17ཉིན་དངོས་སུ་སྤྱོད་མགོ་ཚུགས་པ་དང་། དེའི་འོད་ཐོག་མས་བླངས་པའི་ལྷ་མོའི་སྐར་ཚོམ་གྱི་པར་རིས་ཀྱང་ཉིན་དེར་ཁྱབ་བསྒྲགས་བྱས། 

  • རང་རྒྱལ་གྱི་ཚན་རིག་པས་ཞི་ཐུའུ(稀土)སྔོག་འདོན་གྱི་ལག་རྩལ་གསར་པ་གསར་གཏོད་བྱས་ཤིང་། སྔོག་འདོན་དུས་ཚོད་ཧ་ལམ70%ཇེ་ཐུང་དུ་བཏང་ཡོད།

  • ཧྲའན་ཞི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས“ལས་ཀ་བཀོད་སྒྲིག་བྱེད་པ”རྒྱུ་མཚན་དུ་བྱས་ཏེ་མགོ་བསྐོར་གཏོང་བའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ཅིང་། ཁྲིམས་འགལ་ཉེས་གསོག་དོགས་ཅན36བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི8000ལྷག་ཙམ་ཟིན་ཡོད།

    6.png

  • ཀྲེ་ཅང་ཧེ་ཚྭའི་རླངས་འཁོར་ཅིག་གཞུང་ལམ་གྱི་དཀྱིལ་དུ་གཞོགས་སུ་ལོག་པ་ན། མི་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རླངས་འཁོར་ཡར་བཀྱགས་ནས་ཁ་ལོ་བ་སྐྱོབ་ཐབས་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར་སྐར་མ་གཉིས་ཙམ་ཡང་མ་འགོར།

    སྲིད་ཇུས།

  • ཅང་ཞི་ཡིས་ཁེ་ལས་ཀྱིས2023ལོའི་མཐར་ཕྱིན་སློབ་མ་དང་ལོ་གཉིས་ནང་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱས་སུ་བཅུག་པ་ལ། ཆ་རྐྱེན་དང་མཐུན་ཚེ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་ཆོག་པ་དང་། ཚད་གཞི་ནི་མི་རེར་སྒོར1500ཡིན་པ་ཁ་གསལ་བཏོན་ཡོད།

  • ཧའེ་ནན་གྱིས་ཡོང་འབབ་དམའ་བའི་རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར3095.7ཡིན་པ་ཁ་གསལ་བཏོན་ཡོད།

  • ཉིང་ཞ་ཡིས་བྱ་ཐབས་བཏོན་སྟེ་དམངས་གཉེར་ཁེ་ལས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་ལས་ཞུགས་ལོ་ཚད་ལོ7དང15ཟིན་རིགས་ཀྱིས་འབྲིང་རིམ་དང་མཐོ་རིམ་གཞོན་པའི་གོ་མིང་ཐད་ཀར་རེ་ཞུ་བྱེད་ཆོག་ཚུལ་བསྟན།

    དེ་རིང་གི་གནམ་གཤིས།

    7.jpg

  • ཧེ་ལུང་ཅང་གི་དབུས་ནུབ་རྒྱུད་དང་། ཅི་ལིན་གྱི་ནུབ་རྒྱུད། ལེའོ་ཉིང་གི་བྱང་རྒྱུད། ཧོ་པེའི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གཤོང་ས། ཁྲུང་ཆིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད། ཧོ་ནན་གྱི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧྲའན་ཞིའི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།