དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-19 08:11:58   |   1982

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚེས18ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མགོ་བརྩམས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཕེབས་ཤིང་རྟེན་འབྲེལ་ཞུས་པ་དང་། ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ།

1.jpg

  • ཚེས18ཉིན། དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བའི་ཅོང་དཀྲོལ་ཉེན་བརྡ་སྒྲོག་པའི་མཛད་སྒོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་ཁང་གི་ཚན་ལི་རྡོ་རིང་ཐང་ཆེན་དུ་འཚོགས། 

  • ནོར་སྲིད་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར151796ཟིན་ཡོད། 

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི3ལས་བརྒལ་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སྤྲིན་རྩིས(云计算机)ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར2686ཟིན་པ་དེ་དུས་མཚུངས་ལས40.11%འཕར་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པས་མ་འཇོག་བྱས་པའི་ཁེ་ལས33154གསར་དུ་བཙུགས། དེ་དུས་མཚུངས་ལས33%འཕར་ཡོད།

  • ཚེས18ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱེད་མགོ་ཚུགས།

  • ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། “སུམ་རྩེན་སློབ་ཁང”གི་སློབ་ཚན་བཞི་པ་ཚེས21ཉིན་གྱི་ཆུ་ཚོད15:45སྟེང་འཚོག་རྒྱུའི་གཏན་འཁེལ་བྱས།

    2.jpg

  • ཨ་རིས་ཀྲུང་གོ་ནི“དུག་རྫས་ཡོང་སའི་རྒྱལ་ཁབ་གཙོ་བོ”ཡིན་པའི་གཏན་འཁེལ་བྱེད་འདོད་ཡོད་པའི་ཐད་དུ། ཚེས18ཉིན་རང་རེའི་ཕྱི་འབྲེལ་པུས་ལན་སློག་དོན། ཨ་རི་ནི“དུག་རྫས་མཁོ་བའི་རྒྱལ་ཁབ་གཙོ་བོ”ཞིག་ཡིན་པས་ཀྲུང་གོའི་དུག་འགོག་འབད་བརྩོན་ཐད་སྐད་ཆ་གང་བྱུང་ཤོད་པའི་ཐོབ་ཐང་མེད་ཅེས་བཤད།

    སྤྱི་ཚོགས།

༣.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཧྲའན་ཞི་དང་། སི་ཁྲོན། ཧོ་ནན་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྡོམ་རྩིས་བྱས་པ་ལྟར་ན། ཀྲུང་གོའི་རྩལ་ནུས་འཇོན་མིའི་སྡོམ་འབོར་དུང་ཕྱུར་གཉིས་ལས་བརྒལ་ཞིང་ལས་ཞུགས་མི་སྣའི་སྡོམ་འབོར་གྱི26%ཡན་བཟུང་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་མིང་ཐོག་ནས་ཁྲིམས་ལྟར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་དབྱིན་ཁྲོན་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

    ༤.jpg

  • ཚེས18ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་དཔུང་སྡེ་བདུན་གསུམ་གཅིག་གི་ཉེས་དཔང་བཤམས་སྟོན་ཁང་གིས་གསར་དུ་ཤེས་རྟོགས་བྱུང་བའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཏེ། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་དམག་སྨན་ཅང་ཞའོ(军医将校)ཡི་མིང་དེབ་ཡོངས་བསྒྲགས་བྱས།

  • ཚེས18ཉིན། ཀུའེ་དབྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཐོག་ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་ཚོང་བྱས་པའི་ཉེས་གསོག་གྱོད་གཞི་ཁྱབ་བསྒྲགས་བྱས་པ་དང་། ཡུས་ཧྭ་དབྱིང་ལ་སྲོག་ཁྲིམས་བཅད་དེ་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་བླངས།

  • སི་ཁྲོན་ལེང་ཧྲན་ཉེན་རྟོག་ཕྱོགས་ཀྱིས་འཚོ་བ་སྐྱོ་བའི་རྣམ་པ་རྫུན་མ་དང་ཏ་ལེང་རི་བོའི་མི་ཡིན་ཚུལ་སོགས་ལ་བརྟེན་ནས་ཚོང་ཟོག་རྫུན་མ་འཚོང་བའི་དྲ་རྒྱའི་མགོ་བསྐོར་ཚོགས་པ་ཞིག་རྩད་ཆོད། དྲ་དཔོན་སོགས་དོགས་ཡོད་ཉེས་ཅན50ལྷག་ཙམ་འཛིན་བཟུང་བྱས།

    ༥.gif

  • ཀན་སུའུ་ལན་ཇུ་ཡི་འགྲུལ་པ་ཞིག་གློ་བུར་དུ་ནད་གཞིའི་རྐྱེན་གྱིས་འབབ་ཚུགས་སུ་བརྒྱལ་ནས་ལོག་པ་ན། གསར་ཞུགས་དམག་མི་ཡན་ཕུང་པིང་འཁོར་སྒྲོམ་ནས་ཕྱིར་བུད་དེ་རོགས་སྐྱོབ་ནང་ཞུགས། མི་མང་པོའི་སྟོབས་ཤུགས་གཅིག་སྒྲིལ་འོག་འགྲུལ་པ་རིམ་བཞིན་བརྒྱལ་ལས་སངས།

    སྲིད་ཇུས།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་བ་སྟེ། བརྒྱལ་གཟེར་ནད་དང་། ཕ་ཅིན་སེན་གྱི་ནད།(帕金森氏病)གློ་ཡུའི་དབུགས་ཧལ་བ། ནད་རྟགས་ལྕི་མོ་ཅན་གྱི་ཤ་རྒྱུས་ཀྱི་ནུས་པ་ཉམས་པའི་ནད་བཅས་ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དལ་འཕར་ནད་ནང་བཅུག་ནས་དོ་དམ་བྱ་རྒྱུ་རེད།

  • ཧུའུ་ནན་གྱིས་བརྡ་ཐོ་བཏང་བ་སྟེ། ལོ14མན་གྱི་བྱིས་པས་གོ་ཆོད་ལག་ཁྱེར་ལ་བརྟེན་ནས་རིན་མེད་ངང་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་དུ་སྡོད་ཆོག་པ་དང་། ཟླ་དགུ་པའི་ཟླ་མཇུག་གོང་དུ་སྲིད་ཇུས་ལག་བསྟར་གནད་ལ་འཁེལ་བ་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

༦.jpg

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་། ཅི་ལིན་གྱི་ཤར་ལྷོའི་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་པེའི་དབུས་བྱང་རྒྱུད། ཧོ་ནན་དང་ཧོ་པེའི་ལྷོ་རྒྱུད། ཧྲན་ཏུང་གི་དབུས་ལྷོ་རྒྱུད། ཨན་ཧུའེ་ཡི་དབུས་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།


མཉམ་སྤྱོད།