སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ9པའི་ཚེས13ཉིན། “རྒྱལ་ཡོངས་ཀྱི12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཚོགས་ཆེན་སྐབས་བདུན་པ”ཧོ་ནན་ཞིན་དབྱང་དུ་འཚོགས་ཤིང་། མཚོ་བྱང་ཁུལ་གྱི12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལ“སྤུས་ཚད་ཡར་བརྩོན་གྱི་དཔེ་བཟང་བྱ་དགའ”དང“ཆེད་ལས་ཉམས་ལེན་གྱི་དཔེ་བཟང་བྱ་དགའ”ཐོབ་འདུག
སྐབས་འདིའི་དམངས་ཕན་ཐད་སྦྲེལ་ཁ་པར་ཚོགས་ཆེན་ཐོག《2023ལོའི་གྲོང་ཁྱེར349ཡི12345ཡི་ཐད་སྦྲེལ་ཁ་པར་འཁོར་སྐྱོད་ཚད་ལེན་སྙན་ཞུ》དང་དྲང་འཕྱང་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་པའི་གཞི་ཁྱོན་ཆེན་པོའི་ཐད་སྦྲེལ་ཁ་པར་གྱི་དཔེ་བཟང་ཁྱབ་བསྒྲགས་བྱས་ཤིང་། ཐད་སྦྲེལ་ཁ་པར་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་རིག་མཛོད་ཞིབ་འཇུག་ལྟེ་གནས་བཙུགས་ཏེ། ཐད་སྦྲེལ་ཁ་པར12345ཡི་རིག་ནུས་ཅན་གྱི་གནད་སྨིན་དཔྱད་དཔོག་ཚད་གཞི་དངོས་སུ་ལག་བསྟར་བྱས་ལ། མཚོ་བྱང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་གཏམ་བཤད་འཐུས་མི་གཅིག་པུ་དེ་ཡིན་པའི་ཆ་ནས་ཐད་སྦྲེལ་ཁ་པར་བརྒྱུད་དེ་སྨན་བཅོས་འགན་བཅོལ་ཡུལ་གཞན་དུ་ཐོ་འགོད་སྙན་ཞུ་བྱས་ཆོག་པའི་བརྗེ་རེས་གཏམ་བཤད་བྱས་པར་ཚོགས་ཞུགས་ཆེད་མཁས་པས་ཚད་མཐོའི་གདེང་འཇོག་དང་ཁས་ལེན་བྱས་ཡོད།
རྫེས་ཕྱོགས་སུ། མཚོ་བྱང་ཁུལ་གྱིས12345དམངས་ཕན་ཐད་སྦྲེལ་ཁ་པར་གྱི་སྲིད་དོན་ཞབས་ཞུའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ལྷག་བསམ་ཟོལ་མེད་ངང་དམངས་ལ་བཅངས་པའི་ལྷག་བསམ་དང་ནམ་ཡང་མདུན་སྐྱོད་བྱེད་པའི་རྣམ་འགྱུར་ཐོག་ནས་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་པ་དང་། མཚོ་བྱང་ཁུལ་གྱི12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དེ་ཁུལ་གྱི་ས་ཁུལ་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་ལམ་བུར་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཏང་ཨུ་སྲིད་གཞུང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་ཡག་པོ་བརྟན་དུ་གཏོང་བ་དང་། མི་དམངས་ལྟེ་བར་བྱེད་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།